གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུ་ཁྲོམ་ཁར་ མི་༡ གིས་ ཉིནམ་རེ་ལུ་ འཐུང་ཆུ་ལི་ཊར་༡༣༥ རེ་ ལག་ལེན་འཐབ་དོ་ཡོདཔ།


སློབ་ཕྲུག་ཚུ་གིས་ འཛམ་གླིང་ཆུའི་ཉིནམ་བརྩི་སྲུང་དང་འབྲེལ་ རག་རོ་ཚུ་ 
བསྡུ་བསྒྱོམ་འབད་བའི་བསྒང་།
པདྨ་ཆོས་སྒྲོན།

སྤེན་པ་ ཟླཝ་༣ པའི་༢༣། ༉ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱི་ འགོ་དཔོན་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ ཐིམ་ཕུ་ཁྲོམ་ཁར་སྡོད་མི་ མི་༡ གིས་ ཉིནམ་རེ་ལུ་ འཐུང་ཆུ་ལི་ཊར་༡༣༥ དེ་རེ་ ལག་ལེན་འཐབ་དོ་ཡོད་པའི་གུ་ བཟོ་སྐྲུན་ལས་འགུལ་ཚུ་བཀལཝ་ད་ ཉིན་བསྟར་བཞིན་དུ་ འཐུང་ཆུ་ལི་ཊར་༢༠༠༠-༣༠༠༠ དེ་རེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།

དེ་ཡང་ ཁ་ཙ་ ཐིམ་ཕུ་ལུ་ འཛམ་གླིང་ཆུའི་ཉིནམ་བརྩི་སྲུང་འབད་བའི་སྐབས་ བཤད་ཡོདཔ་ད་ མ་འོངས་པར་ རྒྱལ་ས་ལུ་ མི་རློབས་རྒྱ་ཆེ་དྲགས་སྦེ་ ཡར་སེང་འགྱོ་བའི་བསྒང་ལས་ ད་རེས་ མི་༡ གིས་ ལག་ལེན་འཐབ་མི་ ཆུ་དེ་ མི་༢ དང་༣ གྱི་བར་ན་ བགོ་བཤའ་རྐྱབ་དགོཔ་འཐོན་འོང་ཟེར་ཨིན་པས།
ལས་འཛིན་གྱི་ འགོ་དཔོན་ཅིག་གིས་འབད་བ་ཅིན་ ད་རེས་ནངས་པ་ ཁྲོམ་གྱི་ས་གནས་ལ་ལུ་ཅིག་ནང་ འཐུང་ཆུའི་གྱིབ་དུང་ཚུ་ བསུབས་པའི་ དཀའ་ངལ་དུམ་གྲ་རེ་བྱུངམ་མ་གཏོགས་ སྤྱིར་བཏང་ལུ་ འཐུང་ཆུ་མ་ལང་པའི་ དཀའ་ངལ་སྦོམ་སྦེ་ མ་ཐོན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཉིནམ་བརྩི་སྲུང་དང་འབྲེལ་ དམིགས་བསལ་འཐུང་ཆུ་འཛིན་སྐྱོང་གི་ ལཱ་གཞན་ག་ཅི་ཡང་ འབད་མ་ཚུགས་རུང་ ད་ལྟོ་ འབད་བའི་བསྒང་ཡོད་མི་ ལཱ་ཚུ་ལུ་ ཤུགས་བཏོན་དོ་ཟེར་ཨིན་པས།
དེ་ཡང་ དཔྱེ་འབད་བ་ཅིན་ བདེ་ཆེན་ཆོས་གླིང་དང་ བར་སྦིས་ས་ སེམས་རྟོགས་ཁ་ལ་སོགས་པའི་ ས་ཁོངས་ཚུ་ནང་ ད་ལྟོ་ ས་གནས་གོང་འཕེལ་གྱི་ ལས་རིམ་ཚུ་དང་འཁྲིལ་ འཐུང་ཆུའི་ལས་འགུལ་གྱི་ ལཱ་ཚུ་འབད་དོ་ཡོདཔ་ཨིན་པས།
ཉིནམ་དེ་ བརྩི་སྲུང་འབད་ནིའི་དོན་ལུ་ འཕྲོད་བསྟེན་གྱི་དོན་ལུ་ཆུ་ཟེར་བའི་ བརྗོད་དོན་ཐོག་ལུ་ ཐིམ་ཕུའི་སློབ་གྲྭ་ཁག་༡༦ གི་ སློབ་ཕྲུག་དང་ སློབ་དཔོན་ཚུ་གིས་ ཁྲོམ་ནང་འཁོད་ཀྱི་ ས་གནས་ཁག་དག་པ་ཅིག་ནང་ ཕྱགས་བདར་གྱི་ ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་ཡོདཔ་མ་ཚད་ ལྕང་སྒང་ཁ་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ མི་མང་ལུ་ འཁྲབ་སྟོན་གྱི་ ལས་རིམ་ཅིག་ཡང་ སྤྱན་འབུལ་ཞུ་ཡོད་པའི་གནས་ཚུལ།

No comments:

Post a Comment