གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྡོ་རྗེ་གིས་ ན་ཆུང་སྐད་གྲགས་ཅན་ཐོན་ཡོདཔ།


སྦུག་ལུ་ཡོད་མི་ ཨང་དང་པ་དང་༢ པ་ཐོན་མི་ རྡོ་རྗེ་དང་
 ཀུན་ལེགས་དབང་འདུས།
བཀྲིས་ཕུན་ཚོགས།

བཀྲིས་སྒང་ མཁའ་གླིང་རྒྱལ་ཡོངས་མུན་སེལ་གླིང་སློབ་ཁང་གི་སློབ་ཕྲུག་ རྡོ་རྗེ་གིས་ ན་ཆུང་སྐད་གྲགས་ཅན་གྱི་ འགྲན་བསྡུར་ནང་ལས་ ཨང་དང་པ་ཐོན་ཡི།
དེ་ཡང་ སྐྱེས་ལོ་༡༤ ལང་མི་ སློབ་རིམ་༧ པའི་སློབ་ཕྲུག་ རྡོ་རྗེ་གིས་ དུས་ཡུན་ཟླ་ངོ་༢ ལྷགཔ་ཅིག་གི་རིང་ འགྲན་བསྡུར་ནང་ བཅའ་མར་གཏོགས་པའི་ཤུལ་ལུ་ ཁ་ཙ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༡༥༠,༠༠༠ ཐོབ་ཡོདཔ་ད་ ཨང་དང་པའི་གསོལ་རས་དེ་ ཕ་མ་པར་སྐྲུན་དང་ དཔེ་སྐྲུན་ཁང་གི་ཇོ་བདག་ ཨྱོན་འཕྲིན་ལས་ཀྱིས་ བྱིན་ཡོདཔ་ཨིན་པས།

དེ་ལས་ ཨང་༢ པ་དེ་ དབང་འདུས་ཕོ་བྲང་བསམ་གཏན་སྒང་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་རིམ་༨ པའི་སློབ་ཕྲུག་ ཀུན་ལེགས་དབང་འདུས་ཀྱིས་ ཐོན་ཡོདཔ་ལས་ དངུལ་རྐྱང་གི་གསོལ་རས་ འབུམ་༡ ཐོབ་ཡོདཔ་ད་ གསོལ་རས་དངུལ་ཀྲམ་༥༠,༠༠༠ ཡོད་མི་ ཨང་༣ པ་དེ་ ཚེ་རིང་ཊི་སྒྲོལ་མ་གིས་ཐོན་ཡི།
པདྨ་ཆོས་སྒྲོན་གྱིས་ ཨང་༤ པ་ཐོན་ཏེ་ ལེབ་ཊོབ་ཅིག་དང་ རྐང་འཁོར་ཐོབ་ཡོདཔ་ཨིན་པས།
དེ་ལས་ ན་ཆུང་སྐད་གྲགས་ཅན་དང་མཉམ་ ཁྲབ་རྩེདཔ་སྡེ་ཚན་༤ འི་གྲས་ལས་ ཨང་དང་པ་དེ་ བཱི་༤༠ གིས་ ཐོན་ཡོདཔ་ལས་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༤༠,༠༠༠ དང་ ཨང་༢ པ་གིས་ དངུལ་ཀྲམ་༣༠,༠༠༠ ཨང་༣ པ་གིས་ དངུལ་ཀྲམ་༢༠,༠༠༠ དེ་ལས་ ཨང་༤ པ་གིས་ དངུལ་ཀྲམ་༨,༠༠༠ ཐོབ་ཅི།
ལས་རིམ་འགོ་འདྲེན་པ་ པདྨ་དབང་དྲག་གིས་ འགྲན་བསྡུར་ནང་ བཅའ་མར་གཏོགས་མི་ ན་ཆུང་ཚུ་ ཉམ་ཆུང་ཙང་ཙ་ཨིནམ་ལས་ ད་རེས་ དྲག་ཤོས་ཐོན་མི་༦ ལུ་ ལོ་༣ གྱི་རིང་ མཐོ་རིམ་སློབ་གྲྭ་བལྟ་ནིའི་དོན་ལུ་ སྦྱིན་བདག་རེ་ ཐོབ་སྟེ་ཡོད་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment