གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞལམ་སྒང་ལུ་ ད་རིས་ལས་ སྨོན་ལམ་ཆེན་མོ་འགོ་བཙུག་ནི།


བཀྲ་ཤིས་བསྟན་འཛིན།

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ གཞལམ་སྒང་ལུ་ ད་རིས་ལས་ འགོ་བཙུགས་ཏེ་ ཉིན་གྲངས་༤ གི་རིང་ སྨོན་ལམ་ཆེན་མོ་གནང་ནི་ཨིན་པས།

སྐྱབས་རྗེ་རྗེ་མཁན་མཆོག་ ཀྲོང་གསར་ལུ་ བདུན་ཕྲག་༡ གི་རིང་ སྨོན་ལམ་ཆེན་མོ་དང་ བཛྲ་གུ་རུ་དུང་སྒྲུབ་བསགས་གནང་པའི་ཤུལ་ལས་ ཁ་ཙ་ གཞལམ་སྒང་ལུ་ ཕེབས་གནང་ཡོདཔ་ཨིན་པས།
གཞལམ་སྒང་གི་ ལོ་བསྟར་སྨོན་ལམ་ཆེན་མོ་དེ་ འགོ་དང་པ་ སྤྱི་ལོ་༢༠༠༨ ལུ་ འགོ་བཙུགས་ཏེ་ རྟ་ལི་ཟངས་མདོག་དཔལ་རི་ལྷ་ཁང་ནང་ གནང་ཡོདཔ་ཨིན་རུང་ དུས་ཅི་ལས་ ཀྲོང་རྒེད་འོག་གི་ དུང་འཁོར་ལྷ་ཁང་ནང་ གནངམ་ཨིན་པས།
གཞལམ་སྒང་རབ་སྡེའི་ བླམ་གནས་བརྟན་ ཨོ་རྒྱན་བསྟན་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྫོང་ཁག་བདག་སྐྱོང་དང་ ཞི་གཡོགཔ་དེ་ལས་རབ་སྡེ་གྲྭ་ཚང་གིས་ འགོ་འདྲེན་འཐབ་མི་ སྨོན་ལམ་ཆེན་མོའི་ ཉིནམ་མཇུག་ལུ་ སྐྱབས་རྗེ་མཆོག་གིས་ མི་མང་ལུ་ བཀའ་དབང་གནང་གནང་ནི་ཨིན་ཟེར་ཨིན་པས།
སྨོན་ལམ་ཆེན་མོའི་ནང་ རྫོང་ཁག་དེ་ནང་ཡོད་པའི་ བཤད་གྲྭ་དང་ དགོན་སྡེ་ཁག་ཚུ་ལས་ དགེ་སློང་ཞལ་གྲངས་༣༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment