གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚུལ་མིན་གྱི་ཐོག་ལས་ སྨན་ནང་འདྲེན་འབད་མི་༢ འཛིན་བཟུང་།


སྤྱི་ཟླ་༣ པའི་ཚེས་༢༨ ཀྱི་ཉིན་མར་ ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པ་གིས་ ས་སྣུམ་འབག་མི་ སྣུམ་འཁོར་ཊག་ཅིག་ནང་ ཚུལ་མིན་གྱི་སྒོ་ལས་ སྨན་རིགས་ཚུ་ འབག་འོང་མི་ ཕོ་སྐྱེས་༢ འཛིན་བཟུང་འབད་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་པ་གིས་ དྲོ་པའི་ཆུ་ཚོད་༡༠.༣༠ དེ་ཅིག་ཁར་ ཁོང་གི་ གསང་བའི་སྙན་ཞུ་པ་ཅིག་ལས་ སྨན་རིགས་འབག་འགྱོ་བའི་སྐོར་ སྙན་ཞུ་ཐོབ་མི་དང་འཁྲིལ་ ཉིན་མའི་ཆུ་ཚོད་༢ དེ་ཅིག་ལུ་ ཕུན་ཚོགས་གླིང་ཁྲོམ་ལས་ སྐྱེས་ལོ་༢༦ དང་༢༣ ལང་མི་ ཕོ་སྐྱེས་༢ གནས་གོང་དངུལ་ཀྲམ་༣,༥༠༠ དེ་ཅིག་གནས་པའི་ ཨེསི་པི་སྨན་ལེབ་༥༤༤ དང་ ཨེན་༡༠ འབད་མི་ སྨན་ལེབ་༢༠༠ དང་བཅསཔ་སྦེ་ འཛིན་བཟུང་འབད་ཡོདཔ་ད་ དེ་བསྒང་ ཆ་རོགས་ཨིན་མི་ ཕོ་སྐྱེས་༢ ཀྱིས་ སྨན་རིགས་ཚུ་ ཕུན་ཚོགས་གླིང་ལས་ ས་སྣུམ་འབག་མི་ སྣུམ་འཁོར་ཊག་གི་ དེད་གཡོགཔ་ཅིག་ལུ་ ཁོང་བསྐྱལ་གནང་ཟེར་སླབ་སྟེ་ སྤ་རོ་ལུ་ འོང་ནི་གི་ དཔའ་བཅམ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ ལོ་རྒྱུས་དང་འཁྲིལཝ་ད་ ཁོང་༢ ཀྱིས་ སྨན་ལེབ་ཚུ་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལས་ཉོ་མི་ ཚོད་བསྲེའི་ཙེའུ་ནང་ ཚོད་བསྲེ་སྒམ་རྐྱབ་མིའི་འོག་ལུ་བཙུགས་ཏེ་ ཁོང་གི་ ཆ་རོགས་ཅིག་གི་ སྣུམ་འཁོར་ཀཱར་ཅིག་ནང་ འཛུལ་འོང་སྟེ་ ཕུན་ཚོགས་གླིང་གི་ སྒོ་ར་ངོ་མ་ལས་ བྲོས་ཟུར་འབད་ཚུགས་ཡོདཔ་ད་ དེ་ཁ་ལས་ ཁོང་གིས་ ས་སྣུམ་འབག་མི་ དེད་གཡོགཔ་མ་ཕྱད་ཚུན་ཚོད་ ཚོད་བསྲེ་འབག་སོང་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤདཔ་ཨིན་པས།
སྤ་རོ་ལུ་ ཤིང་བཟོ་ལྟེ་བ་ཅིག་ནང་ ལཱ་འབད་མི་ དོགས་པ་ཅན་ སྐྱེས་ལོ་༢༦ ལང་མི་དེ་གིས་ ངོ་ཤེས་མི་ཅིག་ཨིན་མི་ ཊག་གི་དེད་གཡོགཔ་དེ་ལུ་ ཁོང་གཉིས་ བསྐྱལ་གནང་ཟེར་སླབ་ལས་ དེད་གཡོགཔ་གིས་ཡང་ བཏུབ་ཟེར་སླབ་སྟེ་ ཁོ་ སྣུམ་འཁོར་ནང་ལས་ཐོན་ཏེ་ ཕྱི་ཁ་ལུ་ ཁོང་༢ ཀྱི་ ཚོད་བསྲེ་དེ་ ཊག་གི་ཐོག་ཁར་ བསྐྱལ་བར་འགྱོ་བའི་སྐབས་ ཁོང་༢ ཀྱིས་ སྨན་རིགས་ཚུ་ དེད་གཡོག་པའི་ གདོར་ཁར་ཡོད་མི་ སྟོན་སྟེགས་ཌེཤ་བཱོཌ་ནང་ དེད་གཡོདཔ་གིས་ མ་ཤེསཔ་སྦེ་ བཙུགས་བཞག་ཡོདཔ་ཨིན་པས།
དེད་གཡོགཔ་དེ་ དབང་འདུས་ཕོ་བྲང་ལུ་ འགྱོ་མི་ཨིནམ་ལས་ ཁོང་༢ ཆུ་འཛོམས་ལས་ཐོན་ཏེ་ སྣུམ་འཁོར་གཞན་ཅིག་ནང་ འཛུལ་འགྱོ་ནི་གི་ འཆར་གཞི་བརྩམས་ཡོདཔ་ད་ ཁོང་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་མི་དང་འཁྲིལཝ་ད་ སྨན་རིགས་ཚུ་ ཁོང་ར་གཉིས་ བཟའ་སྤྱོད་འབད་ནི་དང་ སྤ་རོའི་ཆ་རོགས་གཞན་ཚུ་ལུ་ བཙོང་ནིའི་དོན་ལུ་ ཇའི་སྒང་ལས་ ཉོ་འབག་འོང་ཡི་ཟེར་ཨིན་པས།
ཁོང་གིས་ ད་རིས་ སྨན་རིགས་ཚུ་ ཇའི་སྒང་ལས་ ཚུལ་མིན་ཐོག་ ནང་འདྲེན་འབད་མི་དེ་ ཐེངས་༢ པ་ཨིན་པའི་ཁར་ ཉེས་ལས་འཐབ་མི་ གྱོས་དཔོན་དེ་ སྐྱེས་ལོ་༢༦ ལང་མི་ ཕོ་སྐྱེས་དེ་ཨིན་པས་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
ཁོང་གིས་ སྨྱོ་རྫས་བཙོང་མི་ཚུ་ལས་ སྨན་ཐུམ་རེ་ལུ་ དངུལ་ཀྲམ་༥༠-༩༠ སྦེ་ཉོ་ཞིནམ་ལས་ དངུལ་ཀྲམ་༢༥༠ རེ་སྦེ་ བཙོངམ་ཨིན་ཟེར་ ཁ་བཟེད་ཡོདཔ་ཨིན་པས།
ས་སྣུམ་འབག་མི་ སྣུམ་འཁོར་གྱི་ དེད་གཡོགཔ་ལུ་ སྨན་རིགས་ཚུ་གི་སྐོར་ལས་ ཤེས་རྟོགས་མེད་པའི་ཁར་ སྨྱོ་རྫས་སྤྱོད་མ་སྤྱོད་ཀྱི་ བརྟག་དཔྱད་འབདཝ་ད་ བཟའ་སྤྱོད་འབད་འབདཝ་མེད་པའི་ གྲུབ་འབྲས་ཐོནམ་ལས་ ཁ་ཙ་དྲོ་པར་ དོ་དམ་འོག་ལས་ བཏང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ གནས་ཐོ་དང་འཁྲིལཝ་ད་ དུས་ཅིའི་ལོ་འགོ་བཙུགས་ཞིནམ་ལས་ཚུར་ འདི་བཟུམ་མའི་ རྩོད་དོན་བདའ་ཟུན་མི་ ཐེངས་༡༦ པ་ཨིན་པའི་གནས་ཚུལ།

No comments:

Post a Comment