གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤར་ཕྱོགས་ལུ་ མདའ་རྩེད་འགྲན་བསྡུར་འབད་བའི་བསྒང་ཡོདཔ།


བཀྲིས་ཕུན་ཚོགས།

སྤེན་པ་ ཟླཝ་༣ པའི་༢༣། ༉ བསམ་གྲུབ་ལྗོངས་མཁར་ལུ་ འགོ་འདྲེན་འཐབ་མི་ མདའ་རྩེད་འགྲན་བསྡུར་དེ་ མཐའ་བཅད་འགྲན་བསྡུར་ཆུང་བའི་ནང་ ལྷོད་ཡོདཔ་ད་ ཁ་ཙ་ ཉིན་མར་ སྲང་མདའ་བཟོ་སྐྲུན་དང་ ཨེལ་ཇི་བཟོ་སྐྲུན་ དེ་ལས་ ཨོ་རོང་ཤེས་རིག་སྡེ་ཚན་༣ གྱི་བར་ན་རྩེད་འགྲན་འབད་ཡོདཔ་ཨིན་པས།

རྩེད་འགྲན་དེ་སྐབས་ལུ་ ཨེལ་ཇི་བཟོ་སྐྲུན་དང་ ཨོ་རོང་ཤེས་རིག་སྡེ་ཚན་༢ ཀྱིས་ སྐུགས་ཐེངས་༢ རེ་ འདྲན་འདྲ་ཆོད་དེ་ རྒྱལ་ཕམ་ཕྱེ་མ་ཚུགས་པར་ དུས་ཐེབས་རྩེད་འགྲན་ པེ་ནཱལ་ཊི་ འགོ་འདྲེན་འཐབ་པའི་སྐབས་ ཨོ་རོང་ཤེས་རིག་སྡེ་ཚན་གྱིས་ བཀག་རེག་༤ ཐེབས་ཕོག་སྟེ་ རྒྱལ་ཁ་ཐོབ་ནུག།
བྱང་ཕྱད་སྡེ་ཚན་ སྲང་མདའ་གིས་ སྐུགས་༡ ཡང་ ཆོད་མ་ཚུགས་པར་ ཕམ་ཡོདཔ་ཨིན་པས།
འགྲན་བསྡུར་གཞན་མི་དེ་ནང་ ནང་གསལ་བཟོ་སྐྲུན་གྱིས་ སྐུགས་ཐེངས་༣ སྦྱེལཝ་སྦྱེལ་ས་ཆོད་དེ་ བྱང་ཕྱད་སྡེ་ཚན་ དྲང་བཙན་དང་ བཀྲིས་དགའ་ཚལ་༢ ཕམ་བཏང་པའི་སྐབས་ དྲང་བཙན་གྱིས་ སྐུགས་ཐེངས་དང་པའི་སྐབས་ སྐུགས་༢ དང་ སྐུགས་ཐེངས་༢ པའི་སྐབས་ སྐུགས་༡ ཐོབ་རུང་ བཀྲིས་དགའ་ཚལ་སྡེ་ཚན་གྱིས་ རྩེད་འགྲན་མཇུག་བསྡུ་རུང་ སྐུགས་ཕུད་རྡོག་༡ ཡང་ ཐོབ་མ་ཚུགས་པར་ལུས་ནུག།
སྤྱི་ཟླ་༣ པའི་ཚེས་༢༡ ལུ་ ཀོ་ཊར་ཕའི་ནཱལ་གྱི་ རྩེད་འགྲན་དང་པ་ འགོ་འདྲེན་འཐབ་པའི་སྐབས་ ཌའི་གཱོན་ཧཱན་ཏར་དང་ ལྷུན་གྲུབ་རིན་ཆེན་ཆ་རོགས་སྡེ་ཚན་༢ ཀྱིས་ རྒྱལ་ཁ་ཐོབ་སྟེ་ མཐའ་བཅད་འགྲན་བསྡུར་འོག་མའི་ནང་ ལྷོད་ཡོདཔ་ཨིན་པས།
མཐའ་བཅད་འགྲན་བསྡུར་ཆུང་བའི་ རྩེད་འགྲན་མཇུག་དེ་ ད་རིས་ སྐར་མ་སྨིན་དྲུག་དང་ འཆི་མེད་ཨར་ཊི་བཟོ་སྐྲུན་ དེ་ལས་ དྭངས་གླིང་སྡེ་ཚན་ཚུ་གི་བར་ན་ རྩེད་འགྲན་འབད་ནི་ཨིན་པས།
མཐའ་བཅད་འགྲན་བསྡུར་འོག་མའི་ནང་ ད་རེས་རྒྱལ་ཁ་ཐོབ་མི་སྡེ་ཚན་༥ དང་ ཕམ་མི་སྡེ་ཚན་ཚུ་གི་གྲས་ལས་ དྲག་ཤོས་སྡེ་ཚན་༤ རྩིསཝ་ད་ སྡེ་ཚན་༩ གིས་ བཅའ་མར་གཏོགས་ནི་ཨིན་པས།
མདའ་རྩེད་འགྲན་བསྡུར་ འགོ་འདྲེན་འཐབ་མི་ཚུ་གིས་འབད་བ་ཅིན་ མཐའ་བཅད་འགྲན་བསྡུར་འོག་མ་དེ་ སྤྱི་ཟླ་༣ པའི་ཚེས་༢༤ ལས་༢༥ ལུ་ རྩེད་འགྲན་འབད་ནི་དང་ མཐའ་བཅད་འགྲན་བསྡུར་དེ་ སྤྱི་ཟླ་༣ པའི་ཚེས་༢༧ ལུ་ འགོ་འདྲེན་འཐབ་ནི་ཟེར་ཨིན་པས།
ཕྱི་རྒྱལ་མདའ་གཞུ་ལག་ལེན་འཐབ་སྟེ་ གཡང་འཕེལ་ལམ་ལུགས་ཐོག་གི་ མདའ་རྩེད་འགྲན་སྡུར་དེ་ ཤར་ཕྱོགས་རྫོང་ཁག་༦ གི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ནང་ སྡེ་ཚན་༢༠ གིས་ འབྲེལ་གཏོགས་འབད་ཡོད་པའི་གནས་ཚུལ།

No comments:

Post a Comment