གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩང་མོ།

༈ མཐོ་བའི་རི་མགུ་སྡོདཔ་ད། །རོང་ཆུ་ཧོ་མ་མ་སློང་། །
ནམ་ཅིག་ཁ་སྐོམ་འཚིགསཔ་ད། །ཧུབ་གང་བཞེས་དགོཔ་འཐོན་འོང་། །

གཞུ་མོ་ཚུར་ཡང་མ་བཀུག །མདའ་མོ་ཕར་ཡང་མ་བཏང་། །
མ་བསམ་འབའ་གུ་ཕོག་མི། །ཚེ་སྔོན་ལས་ཀྱིས་བསྐོས་དོ། །

སྒ་དང་སྲབ་ཐག་མེད་པའི། །རྟ་གུ་བཞོན་དགོ་མ་བདེ། །
ཁྲེལ་དང་དམ་ཚིག་མེད་པའི། །བུམོ་དེ་བལྟ་དགོ་མ་བདེ། །

དཀར་པོ་སེམས་ཀྱི་བརྩེ་གདུང་། །ཕྱི་ཁར་སྟོན་ས་མིན་འདུག །
དམ་ཚིག་དར་གྱི་མདུད་པ། །ལྷོད་ཡང་མེདཔ་སྦེ་བཞག་གནང་། །

སྒོ་ལུ་ཀྲོག་ཀྲོག་མ་འབད། །རོ་ཁྱི་ཧབ་སྟེ་འཐོན་འོང་། །
ཡབ་ཡུམ་གཉིས་ཀྱི་གདོང་ཁར། །བཟང་ལམ་ལམ་སྦེ་ཐོན་དེས། །

རྐམ་ཆོས་སྒྲོན།
ཐིམ་ཕུ་ལྕང་ཟམ་ཏོག།
 
 
རྩང་མོ།

༈ མཐོ་བའི་ཉིམ་ཅིག་ཨིན་ཟེར། །ཚ་དྲག་དེ་ར་མ་འབད། །
རྒྱབ་ལས་སྒྲ་གཅན་འོངམ་ད། །བཀག་མི་ག་ཡང་མི་འོང་། །

སྔོ་ལྗང་ལྗོན་ཤིང་རྡོག་མ། །མིག་ཁར་མཛེས་ར་མཛེས་པས། །
འཚོཔ་ད་ས་ཁར་འབུད་འོང་། །ཐུགས་བསམ་སྔོན་ལས་བཞེས་དགོ །

མཁས་པའི་ལྗོན་ཤིང་རྩ་བར། །ཡོན་ཏན་འབྲས་བུ་འཐོབ་འོང་། །
སྐམ་པའི་དར་ཤིང་རྩ་བར། །གྱིབ་བསིལ་ཅིག་ཡང་མ་བཏུབ། །

ཆུ་མོ་རྦ་རླབས་མང་མི། །ཉ་མོའི་སེམས་ཁར་མིན་འདུག །
ཁྱོད་ལུ་སྙིང་གྲོགས་མང་མི། །ངེ་སེམས་དཀྲུགས་པའི་གཞི་མས། །

སྤང་གི་ཤ་བ་ཨིན་ཟེར། །སྤྲོ་ཉམས་ཚད་མེད་མ་སྟོན། །
ནམ་ཅིག་ཤ་ཁྱི་འོངམ་ད། །གཡིབ་ས་འཚོལ་དགོཔ་འཐོན་འོང་། །
བཀྲིས་ལ། བསམ་རྩེ།
 
 
རང་སེམས་བདག་མེད་ཤོར་བའི་བསྐུལ་རྩོམ།
 
༈ ཧ་ལས་སི་སི་འཇའ་རིསམོ་ཡོད་མི་ལུ། །ལྟ་སྟེ་ལོ་རྒྱུས་ལེ་ཤ་
དྲིས་ལྟ་རུང་། །ལོ་རྒྱུས་ཚིག་ཙམ་ཅིག་ཡང་སླབ་མ་བཏུབ། །
ཁྱོད་ལུ་ལྟ་སྟེ་སེམས་ཡང་ཕམ་སི་སི། །

འདྲོག་སི་སི་སྦེ་བཟོ་སྟེ་འགྱོ་ལྟ་རུང་། །ཁྱོད་ཀྱིས་མིག་ཟུར་
ཙམ་ཡང་ལྟ་བ་བཏུབ། ། ག་ཅི་གུ་ཅི་འབད་ན་མ་ཤེས་པར། །
ངེ་གི་བྱ་བ་སྤྱོད་ལམ་རྔམ་སི་སི། །

དགོད་བྲ་སི་སི་ལོ་རྒྱུས་སླབ་ལྟ་རུང་། །ཁྱོད་ཀྱིས་དགའ་འཛུམ་ཙམ་ཡང་
སྟོན་མ་བཏུབ། ། དོན་མེད་ལོ་རྒྱུས་ལེ་ཤ་སླབ་མི་ང་། །
རོགས་ཀྱི་གདོང་ཁར་ངོ་ཡང་ཚ་སི་སི། །

ཡིད་ཆེ་སི་སི་ཧིང་གཏམ་སླབ་ལྟ་རུང་། །ཁྱོད་ཀྱིས་ཉན་དོ་བཟུམ་ཡང་
འབད་མ་བཏུབ། ། དོན་མེད་ཧིང་གཏམ་ག་ལྷོད་སླབ་མི་ང་། །
བུ་ཆུང་ང་ར་བློ་ཡང་ཕམ་སི་སི། །

འདྲོག་སི་སི་སྦེ་འཇིགས་སྐྲག་སྟོན་ལྟ་རུང་། །ཁྱོད་ཀྱིས་འདྲོག་དོ་བཟུམ་ཡང་འབད་མ་བཏུབ། །
འདྲོག་མི་མེད་པར་འཇིགས་སྐྲག་སྟོན་མི་ང་། །གཞན་གྱི་གདོང་ཁར་གཡང་ཡང་ཟ་སི་སི། །

དབུགས་འགམ་སི་སི་ལོ་རྒྱུས་མ་སླབ་པར། །དགའ་བའི་ལོ་རྒྱུས་
ཚིག་ཅིག་སླབ་ཟེར་རུང་། །གཏམ་ལན་མེད་པར་ཆ་རོགས་གཞན་དང་མཉམ། །
གར་སོང་མི་ཤེས་མགུ་ཡང་འཐོམ་སི་སི། །

ཧིང་ཚ་སི་སི་སྡུག་བསྔལ་ཕོག་མི་ང་། །ལྟ་སྟེ་སེམས་གསོ་འབད་ནི་
ཕར་ར་བཞག །ཤ་དང་སེན་མོ་བྱལ་བའི་སྡུག་བསྔལ་གྱིས། །
རང་སེམས་མ་དགའ་ཙིགཔ་ཡང་ཟ་སི་སི། །

སྐྱོ་སི་སི་སྦེ་ག་ཏེ་འཚོལ་ལྟ་རུང་། །འཇའ་རིསམོ་ཁྱོད་བཟུམ་རྩ་ལས་
འཚོལ་མ་ཐོབ། །ཁྱོད་གདོང་བལྟ་ནི་མ་ཐོབ་སྡུག་བསྔལ་གྱིས། །
ངེ་གི་སེམས་ཡང་གདིང་ལས་འཁྲུལ་སི་སི། །

བྱོ་རོ་སི་སི་ལཱ་ར་འབད་དེ་གིས། །ངེ་གི་མི་ཚེ་སྟོང་ལོག་འགྱོ་དོ་ས། །
དོན་མེད་ལཱ་འདི་སྤང་ར་མ་ཚུགས་པར། །མི་ཚེ་སྟོང་ལོག་འགྱོཝ་ད་ཕམ་སི་སི། །
བཀྲིས་སྟོབས་རྒྱས།
ཐིམ་ཁྲོམ།
 

11 comments:

  1. Why are all the Tshangmoes based on lovers?????

    ReplyDelete
    Replies
    1. This comment has been removed by the author.

      Delete
    2. Because Tshangmoes are to be based on lovers!!!!!!

      Delete
    3. Because the very origin of Tsangmo is lover based. A twig(Tsang duum)would point at a thing belonged to a girl and at another thing belonged to a boy from a jumbled up things to pair them up for their lives as lovers which eventually rested as husband and wife(in most of the cases). A stanza of Tsangmo would be sung during each pointing. A "LEKSO" might be the expression of the other waiting couples witnessing the match making. House warming origin, isn't it.

      Delete
  2. འབྲུག་ཀུན་གསལ་ཤར་རི་རྩེ་ལས།།གནས་ཚུལ་ཉི་མའི་འོད་ཟེར།།ཁ་བཞི་འབྲུག་ལུ་ཁྱབ་སྟེ།།ཕྱི་ནང་གསལ་བར་ཤོག་ཅིག།

    ReplyDelete
  3. ཡི་གེ་དག་ཆ་ཡག་པོ་མི་འདུག གཟབ་གཟབ་དགོས་ཀྱི་འདུག

    ReplyDelete
  4. འབྲུག་པའི་བར་ན་ བོད་ཡིག་བྲིས་མི་ཅིག་འདུག་ ???????

    ReplyDelete
  5. རྩོམ་འདི་ལེགས་ཤོམ་འདུག་ལགས།

    ReplyDelete
  6. ༈ ཚེ་སྔོན་ལས་སྨོན་ངྟེན་འབྲེལ་ལ་བརྟེན་ནས། །ཚེ་འདིའི་ལས་དབང་ལྟེ་ཁྲག་འབྲུག་ལ་འཕོ། །ཕྱི་མ་འབྲུག་ལ་སྐྱེ་བའི་ལས་ཕྲོ་རུ། །དམ་ཁ་རང་ལ་མེད་པའི་མཐའ་ནས་ལྷུང་། །

    ReplyDelete
  7. འབྲུག་ལུ་དགའ་བས་ག

    ReplyDelete