གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱེས་ལོ་༢ དང་ཕྱེད་ལང་མི་ བུམོ་ཅུང་ཅིག་ལུ་ དབང་བཙོང་ལུས་འབྲེལ།


སྤྱི་ཟླ་༣ པའི་ཚེས་༢༤ ལུ་ བཀྲིས་སྒང་བསམ་མཁར་རྒེད་འོག་ མེལ་ཕེ་ལུ་ སྐྱེས་ལོ་༡༤ ལང་མི་བུཚ་ཅིག་གིས་ སྐྱེས་ལོ་༢ དང་ཕྱེད་ལང་མི་ བུམོ་ཅུང་ཅིག་ དབང་བཙོང་ལུས་འབྲེལ་འབད་བའི་ དོགས་པ་ཆགས་མི་ལུ་བརྟེན་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་པའི་སྡེ་འཛིན་ རྡོ་རྗེ་མཁའ་འགྲོ་གིས་ བཤད་མི་དང་འཁྲིལཝ་ད་ བཀྲིས་སྒང་སྨན་ཁང་གི་ ཕྱི་གཟུགས་ཀྱི་ བདེན་རྟགས་དང་ དོགས་ཅན་གྱི་ རྫུན་ཁ་བཟེད་མི་དང་བསྟུན་ དོ་དམ་འོག་ལུ་ བཙུགས་ཅི་ཟེར་ཨིན་པས།
ཨ་ལུའི་ ཌོག་ཊར་ ཊི་ཨར་ ཤར་མ་གིས་ སླབ་མིའི་ནང་ ཉམས་རྒུདཔ་ བུམོ་ཅུང་དེ་ གསང་སྒོ་ལུ་ ན་ཟུག་རྐྱབ་ཡོད་པའི་སྐོར་ལས་ ཉོགས་བཤད་བཀོད་དེ་ སྨན་ཁང་ནང་ འབག་འོང་དེས་ཟེར་ཨིནམ་ད་ བརྟག་དཔྱད་འབདཝ་ད་ ཉམས་རྒུདཔ་པའི་ གསང་སྒོའི་འགོ་ལུ་ དུམ་གྲ་ཅིག་ གནོད་སྐྱོན་རྐྱབ་ཡོད་པའི་ ངོས་འཛིན་བྱུང་ཡི་ཟེར་ཨིན་པས།
བྱུང་རྐྱེན་སྐབས་ལུ་ ཉམས་རྒུདཔ་པའི་ ཕམ་ཚུ་ ཐབ་ཚང་ནང་བཞེས་སྒོ་འབད་བའི་བསྒང་ཡོདཔ་ད་ ཁོང་གིས་སླབ་མིའི་ནང་ དོགས་ཅན་དེ་ ཁོང་གི་ཉེ་འདབས་ལུ་ སྦ་སྒོར་ཅིག་ནང་སྡོདཔ་ཨིན་ཟེར་ཨིན་པས།
ཉམས་རྒུད་པའི་ ཨའི་གིས་ སླབ་དོ་བཟུམ་འབད་བ་ཅིན་ དོགས་ཅན་བུཚ་དེ་གིས་ མོ་གི་བུམོ་དེ་ ཆུང་ཀུའི་བསྒང་ལས་རང་ སྒལ་ཏོག་ཁར་འབག་སྟེ་ བདག་འཛིན་འཐབ་ནི་དེ་གིས་ མོ་གི་སེམས་ཁར་ དོགས་སྣང་མེད་པ་ལུ་བརྟེན་ དེ་ཚེ་ཕྱི་རུ་ཡང་ ཁོ་དང་ཅིག་ཁར་ བཞག་ཡི་ཟེར་ཨིན་པས།
ནུབ་མོའི་ཆུ་ཚོད་༨:༤༠ དེ་ཅིག་ལུ་ ཨའི་གིས་ དོགས་ཅན་གྱི་ཁྱིམ་ནང་ ཨ་ལུ་བལྟ་བར་འགྱོཝ་ད་ བུམོ་ཅུང་དེ་ ཉལ་ཁྲི་གུར་ དོརམ་ཕུད་བཞག་སར་ མཐོང་ཡི་ཟེར་ཨིན་པས།
ཕམ་ཚུ་གིས་ ཁྱིམ་ནང་འབག་སོང་སྟེ་བལྟཝ་ད་ བུམོ་དེ་གི་ གསང་སྒོ་ལུ་ གནོད་སྐྱོན་བྱུང་ཡོདཔ་ཤེས་མི་ལུ་བརྟེན་ དེ་གི་ ནངས་པར་ སྨན་ཁང་ནང་ བརྟག་དཔྱད་འབད་བར་ཁྱིད་པའི་ཤུལ་ལས་ གསོ་བའི་འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལ་ཏེ་ ཁྲིམས་སྲུང་འགག་པ་ལུ་སྙན་ཞུ་འབད་ནུག།
བྱུང་རྐྱེན་དེ་གི་སྐོར་ལས་ ད་ལྟོ་ཞིབ་དཔྱད་འབད་བའི་བསྒང་ ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment