གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནད་འབུབ་ཨེཆ་ཨའེ་བི་ཐོབ་མི་ཚུ་གིས་ ད་རུང་ མི་མང་གི་ གདོང་ཁར་ཐོན་ཡོདཔ།


ནད་འབུབ་ཨེཆ་ཨའེ་བི་ཐོབ་མི་ དབང་དྲག་རདོ་རྗེ་གིས་ སློབ་ཕྲུག་ཚུ་ལུ་
 གསལ་བཤད་འབད་བའི་བསྒང་།
བཀྲ་ཤིས་བསྟན་འཛིན།

ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༡ ལུ་ འཛམ་གླིང་ཨེཌསི་གི་ཉིནམ་ བརྩི་སྲུང་འབདཝ་དང་འབྲེལ་ གདུག་ཅན་གྱི་ ནད་གཞི་ཨེཌསི་གི་རྒྱུ་ ཨེཆ་ཨའེ་བི་ཐོབ་མི་༥ གིས་ རྒྱང་མཐོང་ནང་ འགོ་དང་པ་ ཐོན་ཐོག་ལས་ མི་མང་ལུ་ ནད་གཞི་དེ་གི་སྐོར་ལས་ གོ་བརྡ་སྤྲོད་པའི་ཤུལ་ལུ་ ད་རུང་ མི་མང་དང་ འབྲེལ་བ་འཐབ་ནི་ འགོ་བཙུགས་ཡོདཔ་ཨིན་པས།

དེ་ཡང་ ངོ་ཚ་ནི་དང་ གཡང་ཟ་བསྐྱེད་ནི་སྤངས་མི་ ཕོ་སྐྱེས་༢ དང་ ཨམ་སྲུ་༢ འབད་མི་ སྡེ་ཚན་ཅིག་གིས་ ཁ་ཙ་ བུམ་ཐང་དབང་འདུས་ཆོས་གླིང་འབྲིང་རིམ་སློབ་གྲྭ་བར་མའི་ནང་ སློབ་རིམ་༨ པ་དང་༧ པའི་ སློབ་ཕྲུག་ཚུ་དང་གཅིག་ཁར་ གྲོས་བསྡུར་འབད་དེ་ གདུག་ཅན་ནད་གཞིའི་སྐོར་ལས་ བསླབ་སྟོན་དང་ ནད་གཞི་གཞན་དང་ དབྱེ་བ་ག་ནི་ཡང་མེད་པའི་སྐོར་ གསལ་བཤད་འབད་ཡི།
ནད་འབུབ་ཨེཆ་ཨའེ་བི་ཐོབ་མི་ཚུ་གི་དོན་ལུ་ གཞི་བཙུགས་འབད་མི་ ལྷག་བསམ་ལས་ཚོགས་ཀྱི་མདོ་ཆེན་ དབང་དྲག་རྡོ་རྗེ་གིས་ བཤད་མིའི་ནང་ ཧེ་མར་ གསོ་བའི་ལྷན་ཁག་གིས་ མི་མང་ལུ་ གོ་བརྡ་སྤྲོད་པའི་སྐབས་ ནད་གཞི་དེ་ འདྲོག་སི་སི་ཅིག་ཨིནམ་ལས་ ཚར་ཅིག་ཐོབ་པའི་ཤུལ་ལས་ ལོ་༡༠ གྱི་ནང་འཁོད་ལུ་ མི་དེ་ཤི་ནི་ཨིན་ཟེར་ ཁྱབ་སྤེལ་འབད་ཡོད་མི་ལུ་བརྟེན་ མི་ཚུ་གིས་ ནད་གཞི་ཐོབ་མི་ཚུ་ལུ་ ཉེ་རིང་ཕྱེ་བའི་ཁར་ མི་སྡེའི་ནང་ལས་ ལོགས་སུ་སྦེ་ བཏོན་བཞག་པའི་ དཀའ་ངལ་ཚུ་ བྱུང་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ནད་གཞི་དེ་ ནད་གཞན་ཚུ་དང་ དབྱེ་བ་མེདཔ་ལས་ མི་ཚུ་གིས་ འདྲོག་ར་འདྲོག་དགོ་པ་ཅིན་ ནད་གཞི་ཀེན་སར་བཟུམ་ཚུ་ལུ་ འདྲོག་དགོ་ཟེར་ཨིནམ་ད་ ཁོ་གིས་ ནད་གཞི་དེ་ ག་དེ་སྦེ་ ཐོབ་ཨིན་ན་དང་ ཐོབ་པའི་ཤུལ་ལས་ ག་ཅི་ར་འབད་དགོཔ་ ཁག་ཆེཝ་ཨིན་ནའི་སྐོར་ལས་ གསལ་བཤད་འབད་བའི་ཁར་ ཁོ་རའི་ ཉམས་མྱོང་ལུ་བལྟ་སྟེ་ ཁོ་བཟུམ་སྦེ་ མི་སྡེའི་ནང་ ཉེ་རིང་མི་ཕྱེ་ནིའི་དོན་ལུ་ མི་ཚུ་གིས་ ཧ་གོ་དགོཔ་འདུག་ཟེར་ བཤད་ཅི།
ད་རུང་ དབང་དྲག་རྡོ་རྗེ་བཟུམ་སྦེ་ ནད་གཞི་ཐོབ་སྟེ་ གཡང་ཟ་བག་ཟོན་མེད་པར་ རྒྱང་མཐོང་ནང་ཐོན་མི་ པདྨ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་ལུ་ འགོ་དང་པ་ ནད་གཞི་དེ་ ཐོབ་ཡོད་པའི་ ངོས་འཛིན་བྱུངམ་ད་ སྤྱིར་བཏང་མི་ཚུ་གིས་ ཉེ་རིང་ཕྱེ་བ་གིས་མ་ཚད་ ཐ་ན་ ཌོག་ཊར་ཚུ་གིས་ཡང་ ལག་ཤུབས་དང་ ཁ་རས་སྤུར་ཐོག་ལས་ བརྟག་དཔྱད་འབད་ནི་དེ་གིས་ ནདཔ་གཞན་ཚུ་གིས་ ཁོ་ལུ་ ཨེཆ་ཨའེ་བི་ནད་འབུབ་ཐོབ་ཡོདཔ་ཤེས་ཏེ་ ཁོ་གི་ སྦོ་ལོགས་ཁར་ འོང་མ་བཏུབ་ཟེར་ཨིན་པས།
སྡེ་ཚན་དེ་གིས་ ནངས་པ་ བཀང་ལུང་ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་དང་ འབྲེལ་བ་འཐབ་པའི་ཤུལ་ལུ་ ཤར་ཕྱོགས་རྫོང་ཁག་༦ གི་ སློབ་གྲྭ་ཁག་སོ་སོའི་ནང་ གོ་བརྡ་སྤེལ་བར་ འགྱོ་ནི་ཨིན་པས།
ལས་རིམ་དེ་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་ ཡུ་ཨེན་ཌི་པི་གིས་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

No comments:

Post a Comment