གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་༢ ལུ་ ཤི་རྐྱེན་དང་༡ གུ་ཧ་ཊི་སྨན་ཁང་ནང་བསྐྱལ་ཡོདཔ།


༉ སྤྱི་ཟླ་༣ པའི་ཚེས་༢༠ གི་ ཕྱི་རུའི་ཆུ་ཚོད་༨.༣༠ དེ་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་ལས་ བཀྲིས་སྒང་ཁ་ཐུག་ལུ་འགྱོ་སའི་ ས་གནས་ལམ་གསར་རོང་ལུ་ ས་སྣུམ་འབག་མི་ སྣུམ་འཁོར་ཊོང་ཀཱར་ཅིག་ ལམ་འོག་ལས་མར་ མི་ཊར་༥༠ དེ་ཅིག་ རྦོབ་རིལ་ཡར་སོཔ་ལས་ སྐྱེས་ལོ་༤༨ ལང་མི་ ཕོ་སྐྱེས་ཅིག་དང་ སྐྱེས་ལོ་༣༨ ལང་མི་ ཨམ་སྲུ་ཅིག་ ས་གནས་དེ་ཁ་ར་ ཁ་འཐུམ་མར་  ཤི་རྐྱེན་བྱུང་ཡོདཔ་ཨིན་པས།


ད་རུང་ ཚེ་འདས་ཨམ་སྲུའི་རྨགཔ་དེ་ རྨ་སྐྱོན་སྦོམ་བྱུང་ཡོདཔ་ལས་ རྒྱ་གར་གྱི་ཁྲོམ་སྡེ་ གུ་ཧ་ཊི་སྨན་ཁང་ནང་ བསྐྱལ་ཡོདཔ་ད་ བཟའ་ཚང་གཉིས་ ཨོ་རོང་རྒེད་འོག་ ཝུ་གླིང་གཡུས་ཚན་ལས་ཨིན་རུང་ ཚེ་འདས་སྐྱེས་ལོ་༤༨ ལང་མི་ དེད་གཡོགཔ་དེ་ སྒོམ་དར་ལས་ཨིན་པས།
ས་སྣུམ་འབག་མི་ཊག་དེ་ བསམ་གྲུབ་ལྗོངས་མཁར་ལས་ པདྨ་དགའ་ཚལ་ལུ་ འགྱོ་བའི་སྐབས་ རྐྱེན་ངན་བྱུང་ཡོད་པའི་གནས་ཚུལ།

No comments:

Post a Comment