གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དངུལ་འབྲེལ་ གནས་ཚུལ་མདོར་བསྡུས།


༉ འདས་པའི་ཉིནམ་༤ གི་རིང་ལུ་ ཕུན་ཚོགས་གླིང་ལུ་ཡོད་མི་ འབྲུག་གི་དངུལ་ཁང་དང་ འབྲུག་པཱན་ཇབ་རྒྱལ་ཡོངས་དངུལ་ཁང་༢ ནང་ འབྲུག་དང་ ནེ་པཱལ་ རྒྱ་གར་གྱི་ དངུལ་ཁང་ཚུ་ལས་ ཏི་རུ་བཏོན་ཚུགས་པའི་ མཱསི་ཊར་ཀཱཌ་དང་ བི་ཟ་ཌེ་བིཌ་ཀཱཌ་ཤོག་བྱང་བཟོ་ནིའི་དོན་ལུ་ ཞུ་ཡིག་བཙུགས་མི་ འབྲུག་མི་༦༠༠ ལྷགཔ་ཅིག་ ཐོན་ཡོདཔ་ད་ ཀཱཌ་དེ་ཚུ་གི་ཐོག་ལས་ ཕུན་ཚོགས་གླིང་ལུ་ སྡོད་མི་ཚུ་གིས་ གློ་བུར་དུ་ དགོས་མཁོ་བྱུངམ་ད་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་སོང་སྟེ་ རྒྱ་གར་གྱི་ ཨེ་ཊི་ཨེམ་ཏི་རུ་བཏོན་འཕྲུལ་ནང་ལས་ ཉིནམ་རེ་ལུ་ རུ་པི་༡༠,༠༠༠ རེ་བཏོན་ཚུགས་ནི་ཨིན་རུང་ ཟླཝ་༡ ནང་ མི་རེ་གིས་ རུ་པི་༥༠,༠༠༠ ལས་བརྒལ་ མཏོན་མི་ཚུགས་ནི་ཨིན་པས།
དེ་འབདཝ་ད་ ད་ལྟོ་ འབྲུག་གི་དངུལ་ཁང་གིས་ མི་རེ་གིས་ ཉིནམ་རེ་ལུ་ རུ་པི་༡,༥༠༠ ལས་ བཏོན་ནི་མེདཔ་སྦེ་ ཚད་འཛིན་འབད་དེ་ཡོད་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment