གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྲོ་ཁྱམས་ས་ཁོངས་ ལེགས་བཅོས་འབད་ནི།


ཐིམ་ཆུའི་མཐའམ་བདའ་སྟེ་ རག་རོ་ཚུ་འཐུ་བའི་བསྒང་།
བཀྲིས་ཕུན་ཚོགས།

ཐིམ་ཕུ་ཆུ་བར་ཆུ་ལུ་ཡོད་མི་ ཏཱ་ར་ཡ་ན་ལས་འགུལ་ཡིག་ཚང་དང་ ཝང་ཆུ་༢ ཀྱི་བར་ནའི་ ས་ཁོངས་དེ་ མི་མང་རྩེདམོ་རྩེ་ས་ཅིག་ཨིན་རུང་ བར་སྐབས་ལས་ ས་ཁོངས་དེ་ནང་ མི་ཚུ་གིས་ ཆབ་གསང་ག་ལྷོད་བཏང་སྟེ་ ཁམས་ལོག་སི་སི་སྦེ་ བཟོ་ཡོདཔ་ལས་ འཕྲལ་མགྱོགས་ར་ ལེགས་བཅོས་འབད་ནི་ཨིན་པས།

འདས་པའི་བདུན་ཕྲག་ནང་ ཏཱ་ར་ཡ་ན་དང་ རྒྱལ་གཞུང་ལྟ་བཤལ་དང་ མགྲོན་སྐྱོང་སྤེལ་ཁང་༢ ཀྱིས་ མཉམ་འབྲེལ་ཐོག་ འཕྱག་བདར་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ད་ དེ་བསྒང་ ལྟ་བཤལ་དང་ མགྲོན་སྐྱོང་སྤེལ་ཁང་གི་ སྦྱོང་བརྡར་བ་༩༧ གྱིས་ ས་ཁོངས་དེ་ནང་ལས་ རག་རོ་དང་ ཆུ་ཤོག་ཚུ་ བསྡུ་བསྒྱོམས་འབད་ཡོདཔ་ཨིན་པས།
སློབ་སྟོན་པ་ཕུར་པ་ཚེ་རིང་གིས་བད་བ་ཅིན་ དེ་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་མི་དེ་ མི་སྡེ་དང་ རང་བཞིན་གནས་སྟངས་ལུ་ ཕྱགས་སྙིགས་ལུ་བརྟེན་པའི་ གནོད་སྐྱོན་དང་ དེ་ཚུ་ བཀག་འཛིན་འབད་ཐབས་ཀྱི་ གོ་བ་བརྡ་སྤྲོད་ཀྱི་དོན་ལུ་ཨིན་ཟེར་ཨིན་པས། 
ལས་རིམ་དེ་ནང་ བཅའ་མར་གཏོགས་མི་ ཚེ་རིང་ནོར་བུ་གིས་ སླབ་མིའི་ནང་ མི་མང་གིས་ ཆབ་གསང་ཚུ་ ག་་ལྷོད་མ་གཏང་པར་ ས་ཁོངས་ཚུ་ གཙང་སྦྲ་དང་ལྡནམ་སྦེ་ བཞག་དགོ་པའི་སྐོར་ལས་ ཧ་གོ་དགོཔ་འདུག་ཟེར་ཨིན་པས།
ཏཱ་ར་ཡ་ནའི་ བདག་སྐྱོང་འགོ་དཔོན་ པདྨ་རྒྱལ་པོ་གིས་ སླབ་མིའི་ནང་ ས་ཁོངས་དེ་ནང་ ན་ཧིང་ཡང་ ཕྱགས་བདར་ལས་རིམ་ཅིག་ འགོ་འདྲེན་འཐབ་ཅི་ཟེར་ཨིནམ་ད་ ལྟ་བཤལ་དང་ མགྲོན་སྐྱོང་སྤེལ་ཁང་གི་མདོ་ཆེན་ སྲིད་ཐར་བསྟན་འཛིན་གྱིས་ ལས་རིམ་དེ་ གྲོང་གསེབ་ཚུ་ནང་ཡང་ འགོ་འདྲེན་འཐབ་ནིའི་ འཆར་གཞི་ཡོད་ཟེར་ ཨིན་པའི་གནས་ཚུལ། 

No comments:

Post a Comment