གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནམ་ཐང་འགོ་འབྱེད་དང་འབྲེལ་ འཕུར་འགྲུལ་འགོ་བཙུག་ནི།


རྩི་ནག་གཏང་ནི་རྐྱངམ་ཅིག་ ལུས་མི་ དགེ་ལེགས་ཕུག་ནང་འཁོད་གནམ་ཐང་།

ཡེ་ཤེས་སྒྲོལ་མ།

ཤུལ་མའི་ཟླཝ་ནང་ མཇུག་བསྡུ་ནི་ཨིན་མི་ དགེ་ལེགས་ཕུག་ནང་འཁོད་གནམ་ཐང་དེ་ སྤྱི་ཟླ་༥ པའི་ བདུན་ཕྲག་དང་པའི་ནང་ འགོ་འབྱེད་འབད་ཚུགས་པའི་ རེ་བ་ཡོད་ཟེར་ ཞི་བའི་མཁའ་འགྲུལ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཕ་ལ་རྡོ་རྗེ་གིས་ སླབ་ཨིན་པས།

ཡོངས་ཁྱབ་མདོ་ཆེན་གྱིས་འབད་བ་ཅིན་ ནང་འཁོད་གནམ་ཐང་བཟོ་སྐྲུན་གྱི་ལཱ་ཚུ་ ད་ལྟོ་བཟུམ་ མགྱོགས་ཚད་དང་ལྡནམ་སྦེ་ འགྱོ་བ་ཅིན་ སྤྱི་ཟླ་༥ པའི་ བདུན་ཕྲག་དང་པའི་ནང་ འགོ་འབྱེད་འབད་ཚུགས་ནི་དང་ གནམ་གྲུ་འཕུར་འགྲུལ་ཡང་ དུས་མཉམ་ལུ་ འགོ་བཙུག་ནི་ཟེར་ཨིན་པས།
གནམ་ཐང་བཟོ་སྐྲུན་ལཱ་གི་ གྲུབ་འབྲས་དེ་ ལེགས་ཐོན་བྱུང་དོ་ཡོད་མི་དེ་ཡང་ གཙོ་བོ་ར་ གནམ་གཤིས་གནས་སྟངས་ ལེགས་ཤོམ་ཡོད་ནི་དེ་གིས་ཨིན་ཟེར་ ཕ་ལ་རྡོ་རྗེ་གིས་ བཤདཔ་ཨིན་པས།
དགེ་ལེགས་ཕུག་གནམ་ཐང་བཟོ་སྐྲུན་གྱི་ འཛིན་སྐྱོང་པ་ མགོནམ་རྡོ་རྗེ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ རྒྱལ་ཁབ་ནང་ རུ་པིའི་དཀའ་ངལ་ལུ་བརྟེན་ ལས་འགུལ་ལུ་ ཐོ་སྦོམ་སྦེ་ར་ ཕོག་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དཀའ་ངལ་དེ་ལུ་བརྟེན་ རྒྱུག་ལམ་རིང་ཐུང་མི་ཊཪ་༡,༥༠༠ གི་དོན་ལུ་ རྩི་ནག་མེ་ཊིག་ཊཱོན་༡,༠༠༠ མཁོ་སྒྲུབ་འབད་དགོཔ་ཡོད་རུང་ དངུལ་ཁང་ནང་ལས་ ཌི་མཱན་ཌཱཕཊ་ཚུ་ ཐོབ་མ་ཚུགསཔ་ལས་ རྩི་ནག་གཏང་ནིའི་ལཱ་དེ་ ཐོག་ལུས་སོ་ཡི་ཟེར་ཨིན་པས།
ཨིན་རུང་ ལས་འགུལ་གྱིས་ ཁ་ཙ་ རྒྱ་གར་གྱི་ས་གནས་ གུ་ཧ་ཊི་ལས་ རྩི་ནག་མེ་ཊིག་ཊཱོན་༡༠༠ མཁོ་སྒྲུབ་འབད་ཡོདཔ་ལས་ དཀའ་ངལ་མི་འབྱུང་འོང་ཟེར་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment