གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དངུལ་ཁང་ཚུ་ནང་ ཕྱི་མི་ཚུ་གི་ རྩིས་དེབ་ཧ་ལམ་ ཁ་བསྡམས་ཚར་ཡོདཔ།


སྤྱི་ཟླ་༣ པའི་ཚེས་༩ ལས་༡༥ གི་བར་ན་ དངུལ་ཁང་༤ ནང་ གསོག་འཇོག་ཡོད་མི་ རྒྱ་གར་གྱི་ཚོང་པ་༣,༥༠༠ དེ་ཅིག་ལུ་ དངུལ་ཀྲམ་དུང་ཕྱུར་༡.༣༥༢ སྤྲོད་ནུག།
བསམ་གཏན་ཡེ་ཤེས།

འབྲུག་གི་དངུལ་ཁང་ཚུ་ནང་ འབྲུག་ལུ་མ་སྡོད་མི་ ཕྱི་མི་ཚུ་གི་ རྩིས་དེབ་ཁ་ཕྱེ་ཡོད་མི་ཚུ་ རྩིས་ཁ་བསྡམ་དགོཔ་སྦེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ གསལ་བསྒྲགས་འབད་མི་དང་འཁྲིལ་ སྤྱི་ཟླ་༣ པའི་ཚེས་༩ ལས་༡༥ ཚུན་གྱི་བར་ན་ ཕུན་ཚོགས་གླིང་ལུ་ཡོད་མི་ དངུལ་ཁང་༤ ལས་ རྒྱ་གར་གྱི་ ཚོང་པ་༣,༥༠༠ དེ་ཅིག་གིས་ ཁོང་རའི་ཞུ་རུ་ཚུ་ བཏོན་འབག་ཡོདཔ་ཨིན་པས།
ཁོང་གིས་ དངུལ་ཁང་ནང་ རྩིས་ཁ་བསྡམས་པའི་སྐབས་ལུ་ དངུལ་ཁང་༤ གིས་ དངུལ་ཀྲམ་དང་ རུ་པི་ཡོངས་བསྡོམས་ དུང་ཕྱུར་༡.༣༥༢ དེ་ཅིག་ སྤྲོད་ཡོདཔ་ཨིན་པས།

དངུལ་ཁང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དངུལ་ཁང་ནང་ རྩིས་དེབ་འཆང་མི་ ཕྱི་མི་མང་ཤོས་ཅིག་གིས་ དངུལ་ཁང་ལྟེ་བ་གིས་ དུས་ཡུན་བྱིན་མི་ ཚེས་གྲངས་ནང་འཁོད་ལུ་ རྩིས་ཁ་བསྡམས་ཚར་ཡོད་རུང་  བཀའ་རྒྱ་དེ་གི་སྐོར་ལས་ མ་ཤེས་མི་དང་ ལ་ལུ་ཅིག་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་ མ་སྡོད་པར་ ས་གནས་ཁག་སོ་སོ་ལས་ཕར་སོང་མི་ཚུ་གི་ རྩིས་ཁ་བསྡམ་མ་ཚརཝ་ལས་ ད་ལྟོ་ རེ་རེ་གཉིས་གཉིས་སྦེ འོངམ་མས་ཟེར་ཨིན་པས།
འབྲུག་གི་དངུལ་ཁང་གིས་ སྤྱི་ཟླ་༣ པའི་ཚེས་༡༥ གི་ནང་འཁོད་ལུ་ རང་སོའི་གསོག་འཇོག་རྩིས་ཁ་བསྡམས་མི་ རྒྱ་གར་གྱི་ལས་མགྲོན་པ་༡,༨༠༠ ལུ་ རུ་པི་ས་ཡ་༥༠༠ དེ་ཅིག་ སྤྲོད་ཡོདཔ་མ་ཚད་ དེ་གི་ཤུལ་ལས་ རྩིས་ཁ་བསྡམ་པར་ འོང་མི་ཚུ་ལུ་ ཏི་རུ་ག་དེམ་ཅིག་སྤྲོད་ཡོདཔ་ཨིན་ན་ རྩིས་ཁྲ་བཏོན་དགོཔ་ཡོད་རུང་ ཤུལ་ལས་འོང་མི་ མང་ཤོས་ར་ རྩིས་དེབ་ནང་ གསོག་འཇོག་ཉུང་སུ་ཡོད་མི་ཚུ་ཨིན་པས་ཟེར་ དངུལ་ཁང་གི་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འབྲུག་རྒྱལ་ཡོངས་དངུལ་ཁང་གིས་ རྒྱ་གར་གྱི་ ལས་མགྲོན་པ་༥༢༠ དེ་ཅིག་གིས་ རྩིས་ཁ་བསྡམས་པའི་སྐབས་ རུ་པི་ས་ཡ་༤༨༢ དང་ དངུལ་ཀྲམ་ས་ཡ་༥༦ སྤྲོད་ཡོདཔ་ད་ ད་རུང་ སྤྱི་ཟླ་༣ པའི་ཚེས་༡༥ གི་ནང་འཁོད་ རྩིས་ཁ་བསྡམ་པར་ མ་ལྷོད་མི་ རེ་གཉིས་འོང་མི་ཚུ་ལུ་ དངུལ་ཀྲམ་བྱིན་དོ་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པས། 
འབྲུག་པཱན་ཇབ་རྒྱལ་ཡོངས་དངུལ་ཁང་གིས་ རྒྱ་གར་གྱི་ལས་མགྲོན་པ་༡,༡༠༠ དེ་ཅིག་ལུ་ རུ་པི་དང་ དངུལ་ཀྲམ་ཡོངས་བསྡོམས་ས་ཡ་༣༥༠ སྤྲོད་ཡོདཔ་ཨིན་པས།
བཀྲིས་དངུལ་ཁང་གི་ གནས་སྡུད་དང་འཁྲིལཝ་ད་ རྒྱ་གར་གྱི་ཁུངས་༨༠ དེ་ཅིག་གིས་ རྩི་ཁ་བསྡམས་ཡོད་མི་ལུ་ རུ་པི་དང་ དངུལ་ཀྲམ་བསྡོམས་ཏེ་ དངུལ་འབོར་ས་ཡ་༢༠ སྤྲོད་ཡོདཔ་ཨིན་པས།
དེ་འབདཝ་ད་ དངུལ་ཁང་༤ ཆ་རའི་ནང་ཡོད་མི་ རྒྱ་གར་གྱི་ ལས་མགྲོན་པ་ཚུ་གི་ གཏན་འཇགས་གསོག་འཇོག་རྩིསཐ་དེབ་ཚུ་ ཤུལ་ལས་ དུས་ཡུན་ཚངམ་ད་ རུ་པི་བྱིན་ནི་ཨིནམ་ལས་ རྩིས་ཁ་མ་བསྡམས་པར་ བཞག་ཡོདཔ་ད་ དུས་ཡུན་མ་ཚངམ་ལས་ རྩིས་ཁ་བསྡམས་པ་ཅིན་ དངུལ་ཀྲམ་མ་གཏོགས་ རུ་པི་མི་འཐོབ་ནི་ཨིན་པས།
དངུལ་ཁང་ཚུ་གིས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ བཀའ་རྒྱ་ལྟར་དུ་ སྤྱི་ཟླ་༣ པའི་ཚེས་༡༡ གི་ཧེ་མར་ རྩིས་ཁ་བསྡམས་མི་ཚུ་ལུ་ རུ་པིའི་དངུལ་འཛིན་ཐོག་ རྒྱ་གར་ལུ་ ཁོང་རའི་ དངུལ་ཁང་གི་ རྩིས་དེབ་ནང་ལས་ བཏོན་ཆོགཔ་སྦེ་ ཕྱིར་སྤྲོད་འབད་ཡོདཔ་ད་ དེ་གི་ཤུལ་ལས་ འོང་མི་ཚུ་ལུ་ དངུལ་ཀྲམ་སྤྲོད་ཡོད་པའི་གནས་ཚུལ།

No comments:

Post a Comment