གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐར་མ་སྨིན་དྲུག་ཡང་ མཐའ་བཅད་འགྲན་བསྡུར་འོག་མའི་ནང་ལྷོད་ཡོདཔ།



བཀྲིས་ཕུན་ཚོགས།

བསམ་གྲུབ་ལྗོངས་མཁར་ལུ་ རྩེད་འགྲན་འབད་བའི་བསྒང་ཡོད་མི་ མདའ་རྩེད་ཀྱི་ མཐའ་བཅད་འགྲན་བསྡུར་ཆུང་བའི་ རྩེད་འགྲན་མཇུག་དེ་ ཁ་ཙ་ སྐར་མ་སྨིན་དྲུག་དང་ འཆི་མེད་ཨར་ཊི་བཟོ་སྐྲུན་ དེ་ལས་ དྭངས་གླིང་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ སྐར་མ་སྨིན་དྲུག་སྡེ་ཚན་གྱིས་ སྐུགས་༢ ཆོད་དེ་ མཐའ་བཅད་འགྲན་བསྡུར་འགོ་མའི་ནང་ལྷོད་ནུག།
དེ་བསྒང་ འཆི་མེད་ཨར་ཊི་གིས་ སྐུགས་༡ ཆོད་ཡོདཔ་ཨིན་རུང་ སྡེ་ཚན་གཞན་མི་དེ་གིས་ སྐུགས་ཕུད་རྡོག་གཅིག་ཡང་ ཆོད་མ་ཚུགསཔ་ཨིན་པས།
དེ་བཟུམ་སྦེ་ ཕམ་མི་སྡེ་ཚན་ཚུ་གི་གྲས་ལས་ འཆི་མེད་ཨར་ཊི་སྡེ་ཚན་གྱིས་ བཀག་རེག་༢༣ དང་ ཤེལ་མུ་ཧཱུང་བཟོ་སྐྲུན་དང་ བློ་མཐུན་གྱིས་ བཀག་རེག་༢༢ རེ་ དེ་ལས་ ཨེལ་ཇི་བཟོ་སྐྲུན་སྡེ་ཚན་གྱིས་ བཀག་རེག་༢༠ ཕོག་ཡོདཔ་ལས་ མཐའ་བཅད་འགྲན་བསྡུར་འོག་མའི་ནང་ རྒྱལ་ཁ་ཐོབ་མི་ཚུ་དང་གཅིག་ཁར་ རྩེད་འགྲན་འབད་ནི་གི་ འགོ་སྐབས་ཐོབ་ནུག།
ད་རིས་ མཐའ་བཅད་འགྲན་བསྡུར་འོག་མའི་ འགྲན་བསྡུར་དང་པའི་ནང་ ཌའི་གཱོན་ཧཱན་ཊརསི་དང་ ཨོ་རོང་ཤེས་རིག་ དེ་ལས་ ཨེལ་ཇི་བཟོ་སྐྲུན་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབད་ནི་དང་ འགྲན་བསྡུར་གཞན་ནང་ ལྷུན་གྲུབ་རིན་ཆེན་ཆ་རོགས་དང་ བློ་མཐུན་ དེ་ལས་ སྐར་མ་སྨིན་དྲུག་སྡེ་ཚན་ཚུ་གི་བར་ན་ རྩེད་འགྲན་འབད་ནི་ཨིན་པས།
མདའ་རྩེད་འགྲན་བསྡུར་གྱི་དྲུང་ཆེན་ ཀུན་དགའ་རྒྱལ་མཚན་གྱིས་ སླབ་མིའི་ནང་ འགྲན་བསྡུར་ནང་ལས་ ཨང་དང་པ་ ཐོན་མི་སྡེ་ཚན་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་འབུམ་༡.༢ དང་ ཨང་༢ པ་ལུ་ དངུལ་ཀྲམ་༩༠,༠༠༠ དེ་ལས་ ཨང་༣ པ་འཐོན་མི་ལུ་ དངུལ་ཀྲམ་༦༠,༠༠༠ བྱིན་ནི་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ མཐའ་བཅད་འགྲན་བསྡུར་ཆུང་བའི་སྐབས་ དོ་སྦྱེལ་མཐོ་ཤོས་ཕོག་མི་ལུ་ གོང་ཚད་དངུལ་ཀྲམ་༤,༥༠༠ འབད་མི་ འགྲུལ་འཕྲིན་མོ་བཱ་ཡེལ་༡ དང་ མདའ་ཆ་༡ དེ་ལས་ བཀག་རེག་མཐོ་ཤོས་ཕོག་མི་ལུ་ རིན་གོང་དངུལ་ཀྲམ་༤༠༠༠ འབད་མི་འགྲུལ་འཕྲིན་མོ་བཱ་ཡེལ་༡ དང་ མདའ་ཆ་༡ བྱིན་ནི་ཨིན་པས།
དེ་བཟུམ་སྦེ་ མཐའ་བཅད་འགྲན་བསྡུར་ནང་ བཀག་རེག་མཐོ་ཤོས་ཕོག་མི་ལུ་ རྐང་འཁོར་སའི་ཀཱལ་༡ དང་ མདའ་ཆ་༣ བྱིན་ནི་ཨིན་པས།
མཐའ་བཅད་འགྲན་བསྡུར་དེ་ སྤྱི་ཟླ་༣ པའི་ཚེས་༢༧ ལུ་ འབད་ནི་གི་ ལས་འཆར་ཡོདཔ་ཨིན་པའི་གནས་ཚུལ།













No comments:

Post a Comment