གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤ་སྒར་དགོན་པའི་ གྱང་རྩིག་བརྡལ་མ་ཚུགས་པར་ཡོདཔ།


སྤ་སྒར་དགོན་པའི་ལྷ་ཁང་ མེ་མཆོད་བཞེས་མིའི་ནང་ལས་ཐོབ་མི་
བཀའ་འགྱུར་གསེར་བྲིས་མ།
ཤེས་རབ་བསྟན་འཛིན།

༉ སྤྱི་ཟླ་༢ པའི་ཚེས་༡༩ ལུ་ མེ་མཆོད་བཞེས་མི་ ཆུ་ཁ་སྤ་སྒར་དགོན་པའི་ ལྷ་ཁང་གི་ ནང་རྟེན་འཚོལ་ཞིབ་འབད་ནི་གི་ལཱ་ཚུ་ འཕྲལ་ཁམས་ཅིག་ཁར་ མཇུག་བསྡུ་ཡོདཔ་བཞིན་དུ་ ནང་རྟེན་ལ་ལུ་ཅིག་ ཉམས་སྐྱོན་མ་ཤོར་བར་ རང་འཇགས་སྦེ་ ཐོབ་ཡོདཔ་ཨིན་པས།
དེ་ཡང་ འཚིགས་རོ་ཚུ་ནང་ལས་ འཚོལ་བའི་སྐབས་ ཉམས་སྐྱོན་མེད་པར་ ལོག་ཐོབ་མི་ ནང་རྟེན་ཚུ་ཡང་ གསེར་ཟངས་ལས་བསྒྲུབས་པའི་ སྟོན་པའི་སྐུ་འདྲ་༡ དང་ ཟངས་དམར་གྱིས་བཞེངས་པའི་ པེ་ཧར་རྒྱལ་པོའི་སྐུ་འདྲ་༡ མིག་ཏོ་༣ འབད་མི་གཟི་༡ གསེར་ཀོང་༡ བྱུ་རུའི་རིགས་ གསེར་ཟངས་ལས་བསྒྲུབས་པའི་ མཁའ་འགྲོ་སེངྒེ་གདོང་ཅན་ སྐུ་གཟུངས་ནང་ལས་ཐོན་མི་ ཕུར་པ་རྡོ་རྗེ་རྩེ་ལྔ་ དཀར་ཡོལ་ བཀའ་འགྱུར་དབུ་ཤོག་ དེ་ལས་ གསེར་བྲིས་མ་ལྷའི་སྣང་བརྙན་ལྡན་མ་ཚུ་ཨིན་པས། 

ནང་རྟེན་ཐོབ་མི་ཚུ་ གཞུང་གྲྭ་ཚང་དང་ ཆུ་ཁ་གྲྭ་ཚང་ སྲོལ་འཛིན་ལྷན་ཚོགས་ ཁྲིམས་སྲུང་འགག་སྡེ་ རྫོང་ཁག་བདག་སྐྱོང་ རྒེད་འོག་བདག་སྐྱོང་ཚུ་ལས་ འཐུས་མི་༧ འབད་མི་ ཚོགས་པ་ཅིག་གིས་ ཐོ་བཀོད་འབད་ཡོདཔ་ཨིན་པས།
ཆུ་ཁ་རྫོང་ཁག་གི་རྗོང་རབ་ པདྨ་རྡོ་རྗེ་གིས་ སླབ་མིའི་ནང་ ནང་རྟེན་འཚོལ་ཞིབ་འབད་ནི་ཚུ་ མཇུག་བསྡུ་ཡོད་རུང་ མ་དངུལ་མེད་པར་ གྱང་རྩིག་བརྡལ་མ་ཚུགས་པར་ ལུས་ཏེ་ཡོད་ཟེར་ཨིན་པས།
སྲོལ་འཛིན་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་ཚེ་རིང་གིས་ སླབ་མིའི་ནང་ འབྲུག་ལུགས་བཟོ་བཀོད་ཀྱི་ གྱང་རྩིག་ཚུ་ བརྟག་ཞིབ་འབད་ནིའི་དོན་ལུ་ དུས་ཅི་ སྤྱི་ཟླ་༥ པའི་ནང་ འོང་ནི་ཨིན་མི་ ཇཱ་པན་ལས་ བཟོ་བཀོད་མཁས་མཆོག་དག་པ་ཅིག་ ལུ་  སྒུག་སྟེ་ཡོད་ཟེར་ཨིན་པས།
སྐྱབས་ཆ་ལུ་ཡོད་མི་ སྤ་སྒར་དགོན་པའི་ ལྷ་ཁང་གི་ མེ་རྐྱེན་དེ་ གློག་རྒྱུན་ལུ་བརྟེན་ བྱུང་ཡོདཔ་ད་ ལྷ་ཁང་དེ་ མི་ལོ་༣༠༠ དེ་ཅིག་གི་ཧེ་མར་ བཞེངས་བཞེངསམ་ཨིན་པས།
སྲོལ་འཛིན་ལས་ཁུངས་ཀྱི་ ཐོ་བཀོད་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ལྷ་ཁང་དང་མགོན་སྡེ་ཡོངས་བསྡོམས་༣,༡༡༢ དེ་ཅིག་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment