གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་མངའ་བདག་རྒྱལ་པོའི་བཀའ་ཤོག།

 འབྲུག་རྒྱལ་པོ་མཆོག་གིས་གནང་མི་ ས་ཆ་དང་འབྲེལ་བའི་བཀའ་ཤོག།
࿐ ད་ལན༑ འབྲུག་གི་རྒྱལ་ཡོངས་ཚོགས་སྡེ་དང་ རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་གི་སའི་དཔྱད་ཡིག་སྤྱི་ལོ་༢༠༡༢ ཅན་མ་གིས་ ཕན་པ་དང་ གནོད་པ་གི་སྐོར་ལས་ གསུང་གྲོས་གནངམ་ད་ ང་རའི་ཐུགས་འདུན་ཡང་ ང་བཅས་རའི་ ཞི་གཡོགཔ་དང་སྒེར་སྡེ་ ཞི་བའི་མི་སྡེ་དང་ སྤྱིར་བཏང་འབྲུག་གི་ རྒེད་འོག་༢༠༥ དང་ རྫོང་ཁག་༢༠ གི་ མི་སེར་གྱི་ རེ་འདོད་དང་མཐུན་པའི་ གྲོས་ཆོད་འབྱུང་བའི་རེ་བ་ཡོད།

བཅའ་ཁྲིམས་གསརཔ་གཅིག་ ཆ་འཇོག་འབད་དགོཔ་ཡོད་དང་མེད་ག་དེ་སྦེ་ཨིན་རུང་ འབྲུག་རྒྱལ་པོའི་ཕྱག་འགན་དེ་ འབྲུག་རྒྱལ་ཁབ་ཀྱི་ ས་ཆ་ཚུ་ འབྲུག་གི་ད་རེས་དང་ མ་འོངས་པའི་ མི་སེར་གྱི་ མཐའ་དོན་ལུ་ བདག་འཛིན་འཐབ་སྟེ་ ང་བཅས་རའི་ འབྲུག་མི་ཚུ་གིས་ རང་གི་རྒྱལ་ཁབ་ནང་རང་ ས་དང་ཁྱིམ་རེ་ཐོབ་པའི་ རེ་འདོད་བསྒྲུབ་ཚུགསཔ་བཟོ་ནི་གིས་མ་ཚད་ རྒྱལ་ཁབ་ཀྱི་ རྒྱུ་ནོར་དང་ ཡར་རྒྱས་ཀྱི་ ཁེ་ཕན་ཚུ་ཡང་ དཔྱ་བགོ་གི་ ཐོབ་དབང་དེ་ ཨ་རྟག་ར་ ཉེན་སྲུང་འབད་ནི་དེ་ཨིན།

དེ་འབདཝ་ལས་བརྟེན་ གཞི་རྩ་དང་འཁྲིལ་ཏེ་ ང་རང་འབྲུག་རྒྱལ་པོ་འབད་ནི་དེ་གིས་ འཕྲང་སྟེ་སླབ་པ་ཅིན་ ད་རེས་ ང་བཅས་རའི་ རྒྱལ་ཁབ་ནང་ ས་ཆ་ཚད་ཅིག་ལས་མེད་པའི་གུར་ ཁྲོམ་གྱི་ས་ཆའི་ རིན་གོང་ཡར་འཕར་འགྱོ་ཡི་རང་སྡོདཔ་ད་ ས་ཆ་དང་ རྒྱུ་ནོར་ཚུ་ མི་ངོ་དག་པ་ཅིག་གི་ལག་པར་ཚུད་པའི་ ཉེན་ཁ་ཡང་ཡོདཔ་ལས་ རྒྱལ་ཁབ་ཀྱི་ གཙུག་སྡེ་མིན་པའི་ འབྲུག་མི་འབྱོར་པ་ཅན་དང་ སྐུ་འཁོར་ག་ར་འབད་རུང་ སའི་ཚད་གཞི་དང་ ཐོབ་ལམ་ཚུ་ འབྲུག་མི་སྤྱིར་བཏང་དང་ ཤོ་མཚུངས་འབད་ ལག་ལེན་འཐབ་དགོཔ་འདུག།

དེ་འབད་ནི་དེ་གིས་ འབྲུག་གི་སའི་དཔྱད་ཡིག་སྤྱི་ལོ་༢༠༡༢ ཅན་མ་དེ་ ང་རང་གིས་ བལྟ་བལྟཝ་མེདཔ་ལས་ ས་ཡི་དཔྱད་ཡིག་ཟིན་བྲིས་ནང་ གོང་ལུ་བཀོད་པའི་ གནད་དོན་ཚུ་ མ་ཚུད་པ་ཅིན་ བསྒྱུར་བཅོས་འབད་དེ་ བཙུག་དགོཔ་གལ་ཆེ།

བཀའ་འཕྲིན་འདི་ ད་རིས་རང་ལུགས་གནམ་ལོ་ཆུ་འབྲུག་ཟླ་༤ པའི་ཚེས་༢༦ ལུའམ་ སྤྱི་ལོ་༢༠༡༢ ཟླ་༦ པའི་ཚེས་༡༥ ལུ་ སྤྱི་ཚོགས་ཀྱི་ཚོགས་དཔོན་དང་ ཚོགས་སྡེའི་ཁྲི་འཛིན་ བློན་ཆེན་ ལྡོག་ཕྱོགས་འགོ་ཁྲིད་བཅས་ལུ་གནངམ་ཨིན།

འབྲུག་མངའ་བདག་རྒྱལ་པོ།

2 comments:

  1. Bhutanese Zongka or Tibetan language is very poor. རྫོང་ཁའམ་བོད་ཡིག་ལ་དོ་སྣང་དགོས་ཀྱི་འདུག སྒྲ་མ་དག་པ། དག་ཆ་ནོར་བ། གྲ་འགྲིག་པོ་མེད་པ། ཁ་སྐད་ཀྱི་ལམ་ནས་བྲིས་པ། ཡི་གེ་སྐྱོ་པོ་འདི་འདྲ་ཞབས་འདྲེན་རེད།

    ReplyDelete
  2. བོད་ཡིག་དང་རྫོང་ཁའི་སྐད་ཡིག་འདི་ཉིད་འཇིགས་ཉེན་ཤིན་ཏུ་ཆེ། བོད་པ་དང་འབྲུག་པ་ཡོངས་ཀྱིས་དོ་སྣང་བྱེད་དགོས་ཀྱིན་ཡོད།

    ReplyDelete