གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཁོ་གལ་མེད་པའི་ ཅ་ཆས་ཚུ་ ནང་འདྲེན་འབད་ནི་ བཀག་ཆ་འབད་ཡོདཔ།


ཉི་མ་དབང་འདུས།

བསྟན་རྒྱས་ལྷན་ཁག་གིས་ ཁ་ཙ་ལས་ རྒྱལ་ཁབ་ཀྱི་ ནང་འདྲེན་ལས་ཁང་དང་ ཚོང་འབྲེལ་ལས་སྡེ་ དེ་ལས་ བཟོ་སྐྲུན་དང་ ཞབས་ཏོག་ལས་སྡེ་ཚུ་ཚུད་མི་ ཚོང་འབྲེལ་ལས་ཚོགས་ཚུ་ལུ་ མཁོ་གལ་ཅན་མེན་པའི་ ཅ་ཆས་ནང་འདྲེན་འབད་ནིའི་ ཆོག་ཐམ་སྤྲོད་ནི་ཚུ་ མཚམས་འཇོག་འབད་ཡོདཔ་ཨིན་པས།

ཨིན་རུང་ དགོས་མཁོ་ཆེ་བའི་ཅ་ཆས་ བཟའ་འཐུང་གི་རིགས་དང་ ཨོམ་གྱི་ཐོན་སྐྱེད་ སྨན་རིགས་དང་ སྨན་བཅོས་ཅ་ཆས་ དེ་ལས་ གོང་ཅན་དང་ བདེ་ཉམས་ཅན་གྱི་ གྱོན་ཆས་ཚུ་མེན་པའི་ གྱོན་ཆས་ཀྱི་རིགས་ཚུ་ ནང་འདྲེན་འབད་ཆོག་ནི་ཨིན་པས།
བསྟན་རྒྱས་ལྷན་ཁག་གི་ ཐོ་དང་འཁྲིལཝ་ད་ ཁྱིམ་ནང་མཁོ་གལ་ཆེ་བའི་ ཐབ་ཚང་ནང་ ལག་ལེན་འཐབ་མི་ གྱི་ཅུང་གི་རིགས་ དང་ གློག་ཆས་ཀུ་ཀར་ བཞེས་སྒོ་དྲོད་བཏགས་འཕྲུལ་ཆས་ ཨོ་བཱན་ཊཱོསི་ཊར་ དེ་ལས་ བརྒྱུད་འཕྲིན་ཚུ་ ནང་འདྲེན་འབད་ཆོག་ནི་ཨིན་རུང་ ཁྱིམ་གྱི་ནང་ཆས་གཞན་ཚུ་ ནང་འདྲེན་འབད་ནི་ བཀག་འཛིན་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ བཟོ་གྲྭ་ཁང་ཚུ་གིས་ གནང་བ་ཡོད་པའི་ བཟོ་གྲྭའི་ཅ་ཆས་དང་ བཟོ་སྐྲུན་ལས་སྡེའི་ཅ་ཆས་ སློབ་གྲྭའི་ཅ་ཆས་ དེ་ལས་ མི་མང་སྐྱེལ་འདྲེན་གྱི་དོན་ལུ་ སྣུམ་འཁོར་དང་ གཞན་སྣུམ་འཁོར་རིགས་ཀྱི་ ཡན་ལག་ཅ་ཆས་ཚུ་རྐྱངམ་གཅིག་ ནང་འདྲེན་འབད་ཆོག་ནི་ཨིན་པས།
དེ་བཟུམ་མའི་ བཀག་ཆ་འབད་མི་དེ་ཡང་ གཙོ་བོ་ར་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་ དཀའ་ངལ་ལུ་བརྟེན་ཏེ་ཨིནམ་ད་ ད་ལྟོ་ བཀག་ཆ་འབད་མི་ ཅ་ཆས་ཚུ་ ལོག་སྟེ་ནང་འདྲེན་འབད་ཆོག་པའི་ གསལ་བསྒྲགས་མ་འབད་ཚུན་ཚོད་ ནང་འདྲེན་དང་ འབྲེལ་ཡོད་ལས་སྡེ་གཞན་ཚུ་གིས་ མཉམ་འབྲེལ་འབད་དགོ་ཟེར་ བསྟན་རྒྱས་ལྷན་ཁག་གི་ ཚོང་འབྲེལ་འགོ་དཔོན་ཅིག་གིས་ སླབ་ཨིན་པས།
ནང་འདྲེན་འགོ་དཔོན་ཅིག་གིས་འབད་བ་ཅིན་ མཁོ་གལ་མ་ཆེ་བའི་ཅ་ཆས་ ནང་འདྲེན་འབད་ནི་དེ་ དུས་ཡུན་དེམ་ཅིག་གི་རིང་ བཀག་ཆ་འབདཝ་ཨིན་ཟེར་བའི་ དུས་ཚོད་ངེས་ཏིག་མེདཔ་ལས་ དུས་ནམ་ར་འབད་རུང་ ལོག་སྟེ་ནང་འདྲེན་འབད་ཆོགཔ་ བཟོ་ནི་གི་ འོས་འབབ་ཡོད་ཟེར་ཨིན་པས།
ཨིན་རུང་ ད་ལྟོའི་ གནས་སྟངས་དང་འཁྲིལ་བ་ཅིན་ བཀག་ཆ་དེ་ ལོ་༡ དེ་ཅིག་གི་རིང་ ལག་ལེན་འཐབ་ནི་བཟུམ་ཅིག་ཡོད་ཟེར་ འགོ་དཔོན་དེ་གིས་ སླབ་ཡོདཔ་ད་ འབྲུག་གིས་ ཅ་ཆས་རིགས་མ་འདྲཝ་༥,༣༠༠ དེ་ཅིག་ ནང་འདྲེན་འབད་དོ་ཡོདཔ་ཨིན་པས།
རྒྱ་ནག་ལས་ གྱོན་ཆས་ཚུ་ ནང་འདྲེན་འབད་མི་ བཙན་སྐྱོགས་ཀྱིས་འབད་བ་ཅིན་ ད་རེས་སྐབས་ཅིག་ ཧེ་མ་ལས་ ནང་འདྲེན་འབད་ཡོད་པའི་ ཚོང་ཟོག་ཚུ་གིས་ དུས་ཡུན་ཧ་ལམ་ཅིག་ གནས་ཚུགས་ནི་ཨིན་རུང་ གལ་སྲིད་ བཀག་ཆ་དེ་ ཡུན་རིངམོ་སྦེ་ར་ལུས་པ་ཅིན་ ནང་འདྲེན་འབད་མི་ཚུ་ལུ་ དཀའ་ངལ་འཐོན་འོང་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment