གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསྟན་སྤྱིའི་སྐུ་རིམ་ རྒྱ་ནག་སྤྱི་མདོས་གྲོལ་ཡོདཔ།


ཉིན་མཇུག་ལུ་ དད་མོས་ཅན་ཚུ་གིས་ མདོས་ཚུ་ལུ་ སྙན་དར་ཕུལ་བའི་བསྒང་།
ཤེས་རབ་བསྟན་འཛིན།

༉ ཐིམ་ཕུ་སྤང་རི་ཟམ་པ་ རྩིས་གཞུང་སློབ་གྲྭའི་ནང་ སྤྱི་ཟླ་༣ པའི་ཚེས་༡༥ ལས་འགོ་བཙུགས་ དབྱངས་སློབ་བགྲེསཔ་ སངས་རྒྱས་རྡོ་རྗེ་གིས་ དབུ་ཁྲིད་ཐོག་ལས་ དགེ་སློང་ཞལ་གྲངས་༡༧༠ དེ་ཅིག་གིས་ བསྟན་སྤྱིའི་སྐུ་རིམ་ རྒྱ་ནག་སྤྱི་མདོས་ཐེངས་༩ པ་གནང་མི་དེ་ ཁ་ཙ་ མདོས་ཚུ་གཙང་ཆུའི་ནང་ བཤགས་ཐོག་ལས་ གྲོལ་ཡོདཔ་ཨིན་པས།

སློབ་གྲྭའི་རྩིས་སློབ་ སྲིད་ཐར་རྒྱལ་མཚན་གྱིས་ སླབ་མིའི་ནང་ བདུན་ཕྲག་༡ གི་རིང་གནང་མི་ བསྟན་སྤྱིའི་སྐུ་རིམ་སྐབས་ ཚོགས་དང་ དཀར་མེ་ སྙན་དར་ཚུ་ཕུལ་བར་ དད་ཅན་སྟོང་ཕྲག་མང་རབས་ཅིག་ འོང་ཡོདཔ་མ་ཚད་ ལྟ་བཤལཔ་ཚུ་ཡང་ འོང་ཡི་ཟེར་ཨིན་པས།
ད་རུང་ ཐིམ་ཕུ་བདེ་ཆེན་ཕོ་བྲང་ལུ་ གཞུང་དགེ་འདུན་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་ བསམ་གཏན་རྡོ་རྗེ་མཆོག་ དབུ་བཞུགས་ཐོག་ལས་ སྒྲོལ་མ་གཡུལ་བཟློག་དང་ སྒྲོལ་མ་འབུམ་བསགས་གནང་མི་དེ་ཡང་ ཁ་ཙ་ གྲོལ་ཡོདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་ དཀོན་མཆོག་ཚོ་རིང་གིས་ སླབ་མིའི་ནང་ མ་གཞི་ དགེ་འདུན་སློབ་གྲྭ་གིས་ སྐུ་རིམ་དེ་ འགོ་དང་པ་ འགོ་འདྲེན་འཐབ་ཡོདཔ་ཨིན་རུང་ དེ་གི་དོན་ལུ་ དད་ཅན་སྦྱིན་བདག་༤༠ དེ་ཅིག་ ཐོན་ཡོདཔ་ལས་ ད་ལས་ཕར་ ལོ་བསྟར་བསྟན་སྤྱིའི་སྐུ་རིམ་སྦེ་ གནང་འོང་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment