གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལན་ཐེངས་༢ ཨར་རྐུན་ཤོར་ཡོདཔ།


ཧ་ལམ་ བསྒྲུབ་རན་ཁར་ལྷོད་མི་
སྟོན་པའི་སྐུ་འདྲ།

ཤེས་རབ་བསྟན་འཛིན།

ཐིམ་ཕུ་ བརྒྱ་འཁོར་གླིང་ཁ་ནང་ ཐའི་ལེནཌི་ཆོས་སྡེ་ཚོགས་པ་གིས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༩ གི་ཐོག་ལས་ རིང་ཚད་ཕིཊ་༤༥ འབད་མི་ སྟོན་པའི་སྐུ་འདྲ་ཅིག་ བཞེངས་པའི་བསྒང་ཡོད་པའི་ ས་གོ་ནང་ ད་རེས་བརྩིསཝ་ད་ ལན་ཐེངས་༢ ཨར་རྐུན་ཤོར་ཡོདཔ་ཨིན་པས།
ཆོས་སྡེ་ཚོགས་པའི་ཁྲི་འཛིན་ བླམ་བཱོན་སོང་ ཨུ་པ་ས་མོ་གིས་ སླབ་མིའི་ནང་ སྤྱི་ཟླ་༣ པའི་ཚེས་༣ ལུ་ ཡུ་ཨེསི་ཌོ་ལར་༣,༠༠༠ དང་ དངུལ་ཀྲམ་༡༤༧,༠༠༠ དེ་ལས་ དངུལ་ཀྲམ་༢༥,༠༠༠ དེ་ཅིག་ བྱང་སྟོར་ཤོར་ཡི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཏི་རུ་ཚུ་ ཁོ་རའི་ གྱོན་ཆས་ཇེ་ཀེཊ་ནང་བཙུགས་ཏེ་ ཤིང་ཅིག་གུ་དཔྱངས་ཏེ་ བཞག་ཡོདཔ་ཨིན་རུང་ ཕྱི་རུ་ལཱ་འབད་མི་ཚུ་ལུ་ གླ་འཐུས་སྤྲོད་ནི་སྦེ་ ལྟ་བའི་བསྒང་ལས་ ཏི་རུ་ག་ར་ བཏོན་འབག་ཡར་སོ་ནུག་ཟེར་ སླབ་ཨིན་པས།
སྐུ་འདྲ་གསར་བཞེངས་ཀྱི་ འགོ་འདྲེན་པ་ ཨམ་པ་རཱ་པ་བཱ་ཌི་གིས་ སླབ་མིའི་ནང་ མོ་ར་ ཐའི་ལེནཌི་ལུ་སོང་སྟེ་ སྤྱི་ཟླ་༣ པའི་ཚེས་༨ ལུ་ ལོག་འབྲུག་ལུ་ལྷོད་ཅི་ཟེར་ཨིནམ་ད་ དེ་ཚེ་ མོ་རའི་ ལག་བེག་ནང་ ཡུ་ཨེསི་ཌོ་ལར་༡༧,༨༠༠ དང་ ཐའི་གི་ཏི་རུ་ བཱཐ་༡༧,༠༠༠ དངུལ་ཀྲམ་༣,༥༠༠ གསེར་གྱི་མཛུབ་དཀྱི་ འགྲུལ་འཕྲིན་ཨའེ་ཕཱོན་ དེ་ལས་ སེན་ཅུང་ཆ་༡ བཙུགས་བཞག་མི་དེ་ དྲོ་པ་ ལྟ་བའི་བསྒང་ལས་ ཆ་མཉམ་ར་ བཏོན་འབག་ནུག་ཟེར་ཨིན་པས།
དེ་ལས་ འཚོལ་ཞིབ་འབད་ལྟཝ་ད་ ལྕང་གླིང་མི་ཐང་གི་ སྦོ་ལོགས་ཁར་ལས་ ལག་བེག་དེ་ ཐོབ་ཡོདཔ་ཨིན་རུང་ ལམ་ཡིག་དང་ འཛུལ་ཞུགས་ཆོག་ཐམ་རྐྱངམ་གཅིག་མ་གཏོགས་མེདཔ་ད་ མོ་གིས་འབད་བ་ཅིན་ བྱང་སྟོར་ཤོར་མི་དེ་ ཕྱི་རུ་ཨིན་ན་ དྲོ་པ་ཨིན་ན་ ངེས་བརྟན་སླབ་མི་ཤེས་པས་ཟེར་ཨིན་པས། 
སྲོལ་འཛིན་ལས་ཁུངས་ཀྱི་ འགོ་དཔོན་ཅིག་གིས་འབད་བ་ཅིན་ ཁོ་གིས་ དེ་ཚེ་ར་ ཏི་རུ་དང་ གོང་ཅན་ཅ་ཆས་ཚུ་ གཅིག་ཁར་མ་བཞག་ཟེར་ མོ་ལུ་ སླབ་ཅི་ཟེར་ཨིན་པས།
ཨམ་པ་རཱ་པ་བཱ་ཌི་གིས་ སླབ་མིའི་ནང་ ཏི་རུ་ཚུ་ མོ་ར་དང་གཅིག་ཁར་ བཞག་དགོ་མི་དེ་ཡང་ ཁོང་ཆ་ཁྱབ་ འབྲུག་ལུ་ དུས་ཡུན་རིངམོ་སྦེ་ སྡོད་མི་མེན་པའི་ཁར་ འབྲུག་གི་དངུལ་ཁང་ནང་ རྩིས་ཁྲ་ཁ་ཕྱེ་ནི་ སྟབས་བདེ་ཅིག་ མ་མཐོང་ཟེར་ཨིནམ་ད་ དེ་མ་ཚད་ ལཱ་འབད་མི་ཚུ་ལུ་ ཉིན་བསྟར་གྱི་ གླ་ཆ་སྤྲོད་དགོ་ནི་དེ་གིས་ ཨིན་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ད་ལྟོ་ སྟོན་པའི་སྐུ་འདྲ་དེ་ ཐའེ་ལེནཌི་ཆོས་སྡེ་ཚོགས་པ་ལས་ བཱཐ་འབུམ་༢ ཐེབས་ལེན་ཏེ་ བཞེངས་པའི་བསྒང་ཡོད་ཟེར་ཨིན་པས།
སྟོན་པའི་སྐུ་འདྲ་བཞེངས་ནིའི་ལཱ་དེ་ སྤྱི་ཟླ་༢ པའི་ཚེས་༢༡ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ ཧ་ལམ་ བསྒྲུབ་རན་ཁར་ ལྷོད་ཡོདཔ་ཨིན་པས།
གསར་བསྒྲུབས་ཀྱི་ བཀྲིས་རབ་གནས་དེ་ སྤྱི་ཟླ་༤ པའི་ཚེས་༡༡ ལུ་ གནང་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment