གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དངུལ་བཙུགས་བཞག་ཡར་སེང་གི་ ཐབས་ལམ་བཏོན་ཡོདཔ།


ཉི་མ་དབང་འདུས།

༉ འབྲུག་རྒྱལ་ཡོངས་དངུལ་ཁང་གིས་ དངུལ་བཙུགས་བཞག་ཚུ་ མངམ་སྦེ་ལེན་ནི་ལུ་དམིགས་ཏེ་ ཀོ་པོ་རེཊ་ ཌི་པོ་ཟིཏ་ཟེར་མི་ གསོག་འཇོག་རྩིས་ཁྲ་གསརཔ་ ཕྱེ་མི་ཚུ་གི་དོན་ལུ་ དངུལ་གསོག་འཇོག་གི་སྐྱེད་ཚད་ ཡར་སེང་འབད་ཡོདཔ་ཨིན་པས།

སྐྱེད་ཚད་ཡར་སེང་འབད་དགོ་མི་དེ་ཡང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་ དཀའ་ངལ་ལུ་བརྟེན་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ གསལ་བསྒྲགས་དང་འཁྲིལ་ འབྲུག་ལུ་མ་སྡོད་མི་ ཕྱི་མི་ཚུ་གིས་ དངུལ་ཁང་དེ་ནང་ གསོག་འཇོག་གི་ རྩིས་ཁ་ཚུ་བསྡམས་ཏེ་ ཏི་རུ་བཏོན་འབག་ནི་དེ་གིས་ཨིན་ཟེར་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ འགོ་དཔོན་ཅིག་གིས་ སླབ་ཨིན་པས།
ཧེ་མ་འབད་བ་ཅིན་ དངུལ་ཁང་དེ་ནང་ ཉིན་གྲངས་༤༦ ལས་༩༠ ཚུན་ དངུལ་གསོག་འཇོག་སྦེ་ བཙུགས་མི་ལུ་ ལོ་བསྟར་གྱི་ སྐྱེད་རྩིས་རྐྱབ་སྟེ་ སྐྱེད་བརྒྱ་ཆ་༡.༥ རེ་ བྱིན་སྲོལ་ཡོད་མི་དེ་ ད་རེས་འབདཝ་ད་ བརྒྱ་ཆ་༢.༥༠ ལུ་ ཡར་སེང་རྐྱབ་ཡོདཔ་མ་ཚད་  ཉིན་གྲངས་༩༡ ལས་ལོ་༡ མ་ལངམ་སྦེ་ བཞག་མི་ཚུ་ལུ་ སྐྱེད་བརྒྱ་ཆ་༢ ལས་ བརྒྱ་ཆ་༥.༥༠ ལུ་ ཡར་སེང་རྐྱབ་ནུག། 
དེ་བཟུམ་སྦེ་ དུས་ཡུན་ལོ་༡ ལས་༢ ཚུན་ གཏན་འཇགས་གསོག་འཇོག་ནང་ བཞག་མི་ཚུ་གིས་ ཧེ་མར་ སྐྱེད་བརྒྱ་ཆ་༣ རེ་ ཐོབ་མི་དེ་ ད་ལས་ཕར་ བརྒྱ་ཆ་༧ རེ་འཐོབ་ནི་དང་ ལོ་༢ ལས་༣ ཚུན་ གསོག་འཇོག་འབད་མིའི་དོན་ལུ་ སྐྱེད་བརྒྱ་ཆ་༣.༥༠ ལས་ བརྒྱ་ཆ་༧.༥༠ ལུ་ ཡར་སེང་འབད་ནུག།
དེ་ལས་ ལོ་༣ ལས་ལྷག་སྟེ་ གསོག་འཇོག་འབད་མི་ཚུ་གི་དོན་ལུ་ སྐྱེད་བརྒྱ་ཆ་༤ ལས་༨ ལུ་ ཡར་སེང་དང་གཅིག་ཁར་ གསོག་འཇོག་ཡང་ དུས་ཡུན་ལོ་༥ ཚུན་ བཞག་ཆོགཔ་བཟོ་ཡོདཔ་ཨིན་པས།
དེ་མ་ཚད་ གཏན་འཇགས་གསོག་འཇོག་གི་དོན་ལུ་ དུས་ཡུན་གསརཔ་༢ བཟོ་ཡོད་མི་དེ་ཡང་ གཅིག་ ཉིན་གྲངས་༡༥ ལས་༤༥ ཚུན་ བཞག་ཚུགས་ནི་དང་ དེ་གི་དོན་ལུ་ སྐྱེད་བརྒྱ་ཆ་༢ འཐོབ་ནི་ཨིནམ་མ་ཚད་ གཞན་མི་དེ་ ལོ་༥ ལས་ལྷགཔ་སྦེ་ཡང་ གསོག་འཇོག་འབད་ཚུགས་ནི་ཨིནམ་ལས་ དེ་ལུ་ སྐྱེད་བརྒྱ་ཆ་༨.༥༠ བཟོ་སྟེ་ཡོདཔ་ཨིན་པས།
དངུལ་ཁང་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ རྩིས་ཁྲ་ཁག་མ་འདྲཝ་འཆང་མི་ འབྲུག་ལུ་མ་སྡོད་མི་ ཕྱི་མི་༥༢༠ དེ་ཅིག་གིས་ གསོག་འཇོག་གི་ རྩིས་ཁ་བསྡམས་པའི་སྐབས་ དངུལ་ཁང་ནང་ དངུལ་འབོར་བསྡོམས་ས་ཡ་༥༣༨ མར་བབས་སོང་ཡོདཔ་ད་ དེ་གི་གྲས་ལས་ དངུལ་འབོར་ས་ཡ་༤༨༢ རུ་པིའི་ཐོག་ལུ་ སྤྲོད་ཅི་ཟེར་ཨིན་་པའི་གནས་ཚུལ།

No comments:

Post a Comment