གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བང་ལ་དེཤ་གིས་ རྒྱལ་ཁབ་རང་དབང་ཐོབ་པའི་ཉིནམ་ཐེངས་༤༢ པ་ བརྩི་སྲུང་ཞུ་ཡོདཔ།


འགྲེམས་སྟོན་འབད་མི་ འབྲུག་དང་ བང་ལ་དེཤ་གི་
 བྱ་རིགས་མ་འདྲཝ་ཚུ།

ཤེས་རབ་བསྟན་འཛིན།

ཁ་ཙ་ ཐིམ་ཕུ་ ཏཱ་ར་ཡ་ན་གཞི་ཚོགས་ཀྱི་ སྒྲིང་ཁྱིམ་ས་ཁོངས་ནང་སྦེ་ བང་ལ་དེཤ་གིས་ རྒྱལ་ཁབ་རང་དབང་ཐོབ་པའི་ཉིནམ་ཐེངས་༤༢ པ་ བརྩི་སྲུང་ཞུཝ་དང་འབྲེལ་ འབྲུག་དང་ བང་ལ་དེཤ་རྒྱལ་ཁབ་༢ ཀྱི་ བྱ་རིགས་མ་འདྲཝ་ཚུ་གི་ པར་ཚུ་འགྲེམས་སྟོན་འབད་ཡི།

འགྲེམས་སྟོན་ལས་རིམ་དེ་ སོ་ནམ་དང་ནགས་ཚལ་ལྷན་ཁག་འོག་གི་ རྒྱལ་ཡོངས་རི་དྭགས་ཉམས་སྲུང་སྡེ་ཚན་གྱིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
འགྲེམས་སྟོན་འབད་མི་ བྱ་རིགས་མ་འདྲཝ་ཚུའི་གྲས་ལས་ བང་ལ་དེཤ་གི་བྱ་རིགས་༦༢ དང་ འབྲུག་གི་བྱ་རིགས་༥༥ ཡོདཔ་ཨིན་པས།
ད་རིས་ བང་ལ་དེཤ་གི་ རྒྱལ་ས་ཌ་ཀ་ལུ་སྦེ་ སྲིད་བློན་ཤེག་ཧ་སི་ན་དང་ སྲིད་འཛིན་༢ ཀྱིས་ མི་དབང་ཞིང་གཤེགས་དམ་པ་ འབྲུག་རྒྱལ་༣ པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་དོན་ལུ་ གཟེངས་བསྟོད་རྟགས་མ་ཅིག་ གནང་ནི་ཨིན་པས།
རྟགས་མ་དེ་ མངའ་བདག་རྒྱལ་པོའི་ སྐུ་སྒེར་ཚོགས་སྡེའི་ཁྲི་འཛིན་ བློན་པོ་བཙན་བཀབ་རྡོ་རྗེ་གིས་ ཞུ་ནི་ཨིན་པས།
གཟེངས་བསྟོད་རྟགས་མའི་དོན་ལུ་ རྒྱལ་ཁབ་༧༥ དེ་ཅིག་ གདམ་འཐུ་འབད་མིའི་གྲས་ལས་ མི་དབང་ཞིང་གཤེགས་དམ་པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ ཨང་དང་པ་སྦེ་ གདམ་འཐུ་གྲུབ་ཡོདཔ་ཨིན་པས།
ཉིནམ་བརྩི་སྲུང་སྐབས་ འབྲུག་ལུ་ བང་ལ་དེཤ་གི་གཞུང་ཚབ་ ཨིམ་ཏི་ཡཱཛ་ ཨ་མེཌ་གིས་ལྷག་མི་ སྲིད་བློན་ཤེག་ཧ་སི་ན་གི་ འཕྲིན་ཡིག་དང་འཁྲིལཝ་ད་ བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ རྒྱལ་ཁབ་ཀྱི་དབུ་ཁྲིདཔ་ ཤེག་མུ་ཇི་བུར་ རཱ་མཱན་ལུ་དང་ སྤྱི་ལོ་༡༩༧༡ ལུ་ དམག་འཁྲུགས་ལང་པའི་སྐབས་ རང་སོྲག་བློས་བཏང་མི་ དམག་མི་ས་ཡ་༣ དང་ ཨམ་སྲུ་སྟོང་ཕྲག་༢༠༠ དེ་ཅིག་ལུ་ གུས་བཏུད་ཞུ་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
ད་རུང་ འཕྲིན་ཡིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བརྩི་སྲུང་འབད་དགོ་པའི་ གནད་དོན་གཅིག་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་ དཀའ་སྡུག་མྱོང་མི་ཚུ་གི་ ལོ་རྒྱུས་ཚུ་ ཁོང་རའི་རྒྱལ་ཁབ་ཀྱི་ མི་སེར་རེ་རེ་བཞིན་དུ་གིས་ ཧ་གོ་བཅུག་ནིའི་དོན་ལུ་དང་ ད་ལས་ཕར་ རྒྱལ་ཁབ་ནང་ འདི་བཟུམ་མའི་ དཀའ་སྡུག་འབྱུང་མི་བཅུག་ནི་ རྒྱལ་ཁབ་ཡར་དྲག་གཏང་ནི་ ངན་ལྷད་མེདཔ་བཟོ་ནི་ དྲག་ཐོག་དབང་བཙོང་མེདཔ་བཟོ་ནི་ དེ་ལས་ སྤྱི་ལོ་༢༠༢༡ ལུ་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་དང་འབྲེལ་ བང་ལ་དེཤ་རྒྱལ་ཁབ་ནང་ དབུལ་ཕོངས་དང་ ཤེས་ཡོན་མེད་པའི་དཀའ་ངལ་ བསལ་ནིའི་དོན་ལུ་ དམིགས་གཏད་བསྐྱེད་དོ་ཡོདཔ་ལས་ དེ་ཚུ་ འགྲུབ་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
བྱ་རིགས་མ་འདྲཝ་ཚུ་གི་པར་ འགྲེམས་སྟོན་འབད་མི་དེ་ ནངས་པར་མཇུག་བསྡུ་ནི་ ཨིན་པའི་གནས་ཚུལ།

No comments:

Post a Comment