གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དངུལ་ལོར་རྫུས་མ་འབག་འོང་མི་༢ འཛིན་བཟུང་།



རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལས་ འབྲུག་གི་དངུལ་ལོར་ རྫུས་མ་འབག་འོང་མི་ ཕོ་སྐྱེས་༢ སྤྱི་ཟླ་༣ པའི་ཚེས་༡༣ གྱི་ཕྱི་རུ་ རྩི་རང་གི་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།


སྐྱེས་ལོ་༢༢ དང་༢༨ འབད་མི་ ཕོ་སྤུན་༢ དར་དཀར་ནང་བཀྲིས་ལྡིང་རྒེད་འོག་ ཤོམ་རྡོ་ལེགས་ལས་ཨིནམ་ད་ དེ་བསྒང་ རྩི་རང་ལྕང་ལྕེ་ནང་ ཚོང་པ་ཅིག་གིས་ ཁོང་༢ ཀྱི་ལག་པར་ དངུལ་ལོར་རྫུས་མ་ཡོད་པའི་སྐོར་ལས་ སྙན་ཞུ་འབད་བའི་ཤུལ་ལུ་ འཛིན་བཟུང་འབད་ཡོདཔ་ད་ དེ་བསྒང་ ཕོ་སྤུན་༢ ཀྱིས་ སྟོང་ལོར་༡༣ བཙུགས་མི་ དངུལ་ཁུག་དེ་ བཀོག་བཏང་ཡོདཔ་སྦེ་ སླབ་པའི་ཁར་ ལྕང་ལྕེ་ནང་གི་ ཚོང་པ་ཚུ་ལས་ དངུལ་ཀྲམ་༣,༠༠༠ གྱི་ ཉོ་ཚོང་རྐྱབ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ ཁོང་༢ ཀྱིས་ དངུལ་ལོར་རྫུས་མ་ཚུ་ ལག་ལེན་འཐབ་ཐོག་ལས་ དར་དཀར་ནང་དང་ སུན་ཀོཤ་ཁྲོམ་ནང་ལས་ཡང་ ཚོང་ཟོག་ཚུ་ཉོ་སྟེ་ རྩི་རང་ལུ་ འོང་ནུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ དྲི་དཔྱད་འབད་བའི་སྐབས་ དངུལ་ལོར་རྫུས་མ་ ནང་འདྲེན་འབད་མི་གཙོ་ཅན་ སྐྱེས་ལོ་༢༢ ལང་མི་ཕོ་སྐྱེས་དེ་གིས་ ཇའི་སྒང་ལས་ དངུལ་ཀྲམ་ངོ་མ་༡༩,༠༠༠ སྤྲོད་དེ་ དངུལ་ལོར་རྫུས་མ་༣༨,༠༠༠ ལེན་ཡོདཔ་སྦེ་ ཁ་བཟེད་ཡོད་པའི་གནས་ཚུལ།

No comments:

Post a Comment