གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོང་འབྲེལ་ངོ་ཚབ་ཚུ་ སྣུམ་འཁོར་བཙོང་མ་ཚུགས་པའི་དཀའ་ངལ།


ཡེ་ཤེས་སྒྲོལ་མ།

འཕྲལ་ཁམས་ཅིག་ཁར་ དངུལ་འབྲེལ་ལས་ཁང་ཚུ་གིས་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་ དཀའ་ངལ་ལུ་བརྟེན་ སྣུམ་འཁོར་གྱི་སྐྱིན་འགྲུལ་ མཚམས་འཇོག་འབད་མི་ལུ་བརྟེན་ ཕུན་ཚོགས་གླིང་ལུ་ སྣུམ་འཁོར་གྱི་ ཚོང་འབྲེལ་ངོ་ཚབ་ཚུ་ སྣུམ་འཁོར་བཙོང་མ་ཚུགས་པའི་ དཀའ་ངལ་ཐོན་ཏེ་ ཡོདཔ་ཨིན་པས།

དེ་བཟུམ་མའི་ དཀའ་ངལ་དེ་ སྣུམ་འཁོར་བཙོང་མི་ཚུ་ལུ་ རྐྱངམ་གཅིག་མེན་པར་ སྣུམ་འཁོར་ཉོ་འདོད་ཡོད་མི་ཚུ་ཡང་ སྣུམ་འཁོར་གྱི་སྐྱིན་འགྲུལ་ མ་ཐོབ་མི་ལུ་བརྟེན་ སྣུམ་འཁོར་ཉོ་མ་ཚུགས་པར་ དབུགས་འགམ་སྟེ་ ཡོདཔ་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ རྒྱལ་ཁབ་ནང་ རུ་པི་མ་ལང་པའི་ དཀའ་ངལ་ཐོན་པའི་ཤུལ་ལུ་ སྣུམ་འཁོར་གྱི་སྐྱིན་འགྲུལ་ མཚམས་འཇོག་འབད་དགོ་པའི་ གསལ་བསྒྲགས་འབད་ཡོདཔ་མ་ཚད་ རྒྱ་གར་ལས་ སྣུམ་འཁོར་ནང་འདྲེན་འབད་ནི་དེ་ཡང་ གནས་སྐབས་ཅིག་ བཀག་ཆ་འབད་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ལུ་ སྣུམ་འཁོར་ཚོང་འབྲེལ་ངོ་ཚབ་ཚུ་གིས་ སླབ་མིའི་ནང་ ད་ལྟོ་ཡོད་མི་ སྣུམ་འཁོར་ཚུ་ ག་དེ་སྦེ་ བཙོང་ཚུགས་ག་ཟེར་བའི་ ཚ་གྱང་ལང་མི་དེ་ཡང་ སྣུམ་འཁོར་བཙོང་ཁང་ནང་ ཨ་རྟག་བཟུམ་སྦེ་ ཚོང་མགྲོན་པ་ཚུ་ མ་འོང་ནི་དེ་གིས་ཨིན་པས།
གཟིམ་སྒྲ་སྣུམ་འཁོར་ཚོང་འབྲེལ་ངོ་ཚབ་ཀྱི་ འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ མི་ཚུ་གིས་ མཁོ་མངགས་འབད་མི་ སྣུམ་འཁོར་ཚུ་ཡང་ ལེན་མ་འབག་པར་ དེ་སྦེ་ར་ ལུས་ཏེ་ཡོད་ཟེར་ཨིནམ་ད་ གནས་སྟངས་དེ་གི་སྐོར་ལས་ གཞུང་ལུ་ ཞུ་བ་ཕུལ་ཡོདཔ་ཨིན་རུང་ ག་དེ་སྦེ་ ངོས་ལེན་འབྱུང་འོང་ག་ མི་ཤེས་པས་ཟེར་ཨིན་པས། 
ཁོ་གིས་ སླབ་མིའི་ནང་ དངུལ་ཁང་ཚུ་ནང་ལས་ སྐྱིན་འགྲུལ་མ་ཐོབ་མི་ལུ་བརྟེན་ མི་ཚུ་གིས་ མཁོ་མངགས་འབད་མི་ སྣུམ་འཁོར་ཚུ་ཡང་ ཆ་མེད་བཏངམ་མས་ཟེར་ཨིན་པས།
གཟིམ་སྒྲ་སྣུམ་འཁོར་ཚོང་འབྲེལ་ངོ་ཚབ་ཀྱིས་ ཧེ་མ་ལས་ མཁོ་སྒྲུབ་འབད་བཞག་མི་ སྣུམ་འཁོར་ལེ་ཤ་ཅིག་ར་ བཙོང་མ་ཚུགས་པར་ ལུས་ཡོདཔ་ལས་ ག་ཅི་འབདཝ་དྲག་ག་ མ་ཤེས་པར་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས།
ད་རེས་ནངས་པ་ ཐབས་ཤེས་ཅིག་ སྣུམ་འཁོར་མཁོ་མངགས་འབད་ཚར་བའི་ཤུལ་ལུ་ སྐྱིན་འགྲུལ་མ་ཐོབ་པར་ ཐོགས་ལུས་མི་ཚུ་གིས་ སྐྱིན་འགྲུལ་ལེན་མ་དགོ་མི་ཚུ་དང་གཅིག་ཁར་ བདེ་སྒྲིག་ཐོག་ལས་ ལོག་བཙོང་དོ་ཡོདཔ་ཨིན་པས།
ལས་འཛིན་ཅིག་ནང་ ལཱ་འབད་མི་ ཨོ་རྒྱན་བཟང་མོ་གིས་ སླབ་མིའི་ནང་ དངུལ་ཁང་ཚུ་ནང་ལས་ སྣུམ་འཁོར་ཉོ་ནི་གི་ སྐྱིན་འགྲུལ་མ་ཐོབ་ལས་ བདུན་ཕྲག་དག་པ་ཅིག་གི་ཧེ་མར་ མཁོ་མངགས་འབད་བཞག་མི་ སྣུམ་འཁོར་དེ་ ཆ་མེད་བཏང་དགོཔ་ ཐོན་ཡི་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment