གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕུན་ཚོགས་གླིང་ལུ་ གཞན་གྱི་ཆོག་ཐམ་ཐོག་ ཚོག་འབྲེལ་འཐབ་པའི་མངོན་གསལ།

༢༦/༧/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༢༤ གི་ཕྱི་རུའི་ཆུ་ཚོད་༦ ལས་ ས་མཚམས་ཀྱི་ སྒོ་ར་བསྡམས་བཞག་མི་ལུ་བརྟེན་ ཁ་ཙ་ ཕུན་ཚོགས་གླིང་ཁྲོམ་ཁར་ འགྲོ་འགྲུལ་འབད་མི་མེད་པའི་ཁར་ ཚོང་ཁང་བརྒྱ་ཆ་༩༠ དེ་ཅིག་ སྒོ་བསྡམས་ཡོདཔ་ལས་ ཁྲོམ་སྟོང་ཧང་ཧ་ཐལ་ཡོདཔ་ཨིན་པས།
ཁ་ཙ་ སྟོང་ཧང་ཧ་སྦེ་ལུས་མི་ ཕུན་ཚོགས་གླིང་ཁྲོམ།


ཕུན་ཚོགས་གླིང་དེ་ ཚོང་འབྲེལ་ལྟེ་བ་ཅིག་ཨིན་རུང་ རྒྱ་གར་ནུབ་བེང་གཱལ་གྱི་ ས་གནས་གཞུང་གི་ བཙག་འཐུ་འབདཝ་ད་ ས་མཚམས་དེ་ རྒྱ་གར་ཁ་ཐུག་ལས་ བཀག་དམ་འབད་ཡོདཔ་ལས་ ཁྲོམ་དེ་ནང་ ཚོང་ཁང་ཚུ་ སྒོ་བསྡམས་དགོ་པའི་ གནད་དོན་ག་ཅི་ཨིན་ན་ ཧ་གོ་མ་ཚུགས་ཟེར་ ས་གནས་ཀྱི་ མི་ཚུ་གིས་ སླབ་ཨིན་པས།
ཕུན་ཚོགས་གླིང་ཁྲོམ་ཁར་ སྡོད་མི་ཅིག་གིས་ སླབ་མིའི་ནང་ ས་མཚམས་ཀྱི་ སྒོ་ར་བསྡམས་མི་གིས་ ཕུན་ཚོགས་གླིང་ལུ་ བཙག་འཐུ་ཡོདཔ་བཟུམ་སྦེ་ གསལ་སྟོན་འབདཝ་ལས་ ཚོང་ཁང་ཚུ་ སྒོ་བསྡམས་དགོཔ་ཅིག་མིན་འདུག་ཟེར་ཨིན་པས།
ནུབ་བེང་གཱལ་ཇཱལ་པའི་གུ་རི་རྫོང་ཁག་ནང་ པཱན་ཅ་ཡཱཊི་ཟེར་མི་ ས་གནས་གཞུང་གི་ བཙག་འཐུ་ལུ་བརྟེན་ སྤྱི་ཟླ་༧ པའི་ཚེས་༢༤ གི་ཕྱི་རུ་ལས་ ཕུན་ཚོགས་གླིང་ས་མཚམས་ཀྱི་ འཛུལ་སྒོ་དང་ རྐང་འགྲུལ་པའི་སྒོ་ར་གཉིས་ཆ་ར་ བསྡམས་ཡོད་རུང་ ཕུན་ཚོགས་གླིང་ཁྲོམ་ནང་འཁོད་ལུ་ མི་དང་ སྣུམ་འཁོར་གཉིས་ཆ་ར་ འགྲོ་འགྲུལ་འབད་བཅུག་ཡོདཔ་ཨིན་པས།
དེ་འབདཝ་ད་ ཚོང་ཁང་ཚུ་ སྒོ་བསྡམས་མི་ལུ་བརྟེན་ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ འབྲུག་གི་སྤྱི་ཚོགས་གཉིས་པའི་ སྤྱིར་བཏང་བཙག་འཐུའི་ གནས་སྟངས་བཟུམ་སྦེ་ མཐོང་སྣང་བྱུང་ཡོདཔ་ད་ ཚོང་ཁང་ཚུ་ སྒོ་བསྡམས་མི་དེ་གིས་ འབྲུག་པའི་ཚོང་འབྲེལ་ཆོག་ཐམ་ཐོག་ལུ་ རྒྱ་གར་གྱི་ མི་ཚུ་གིས་ གླ་ཐོག་སྤྱོད་ཡོད་པའི་ མངོན་གསལ་བྱུང་ཡོད་མི་དེ་ཡང་ ཁ་ཙ་ ཚོང་ཁང་སྒོ་བསྡམས་མི་ཚུ་ ཇའི་སྒང་དང་ ཕུན་ཚོགས་གླིང་ལུ་སྡོད་མི་ རྒྱ་གར་གྱི་ མི་ཁུངས་ཨིན་མི་ཚུ་ ཇཱལ་པའི་གུ་རི་ལུ་ ཚོགས་རྒྱན་བཙུགས་པར་ སོང་ཡོདཔ་ཨིན་པས།
ཚོང་ཁང་ཚུ་ འབྲུག་མི་ཚུ་གིས་ ལག་ལེན་འཐབ་པ་ཅིན་ ད་རིས་ སྒོ་ཕྱེ་སྟེ་ བཞག་དགོཔ་ཅིག་ཨིན་ཟེར་ ཁྲོམ་ཁར་སྡོད་མི་ཅིག་གིས་ བཤད་པའི་ཁར་ ཚོང་ཁང་ཚུ་ སྒོ་བསྡམས་མི་ལུ་ལྟཝ་ད་ ཕྱིའི་མི་ཚུ་ལུ་ ཚོང་འབྲེལ་ཆོག་ཐམ་ གླ་ཁར་སྤྱོད་བཅུག་པའི་ བརྡ་མཚོན་སྟོནམ་མས་ཟེར་ སླབ་ཨིན་པས།
ཚོང་འབྲེལ་འཐབ་མི་ ལེ་ཤ་ཅིག་གིས་ སླབ་མིའི་ནང་ ཚོང་ཁང་ཚུ་ ག་ཅི་སྦེ་ སྒོ་བསྡམས་ཡོདཔ་ཨིན་ན་ ཚོང་འབྲེལ་ལས་ཁུངས་ཀྱིས་ ཞིབ་དཔྱད་འབད་དགོཔ་འདུག་ཟེར་ཨིནམ་ད་ ད་རིས་བཟུམ་མའི་ གནས་སྟངས་ལུ་ གོ་སྐབས་ལེན་ཐོག་ལས་ ཞིབ་དཔྱད་རྐྱབ་པ་ཅིན་ ཚུལ་མིན་ལག་ལེན་ཚུ་ བདའ་ཟུན་ཚུགས་ནི་མས་ཟེར་ ཚོང་པ་ཅིག་གིས་ སླབ་ཨིན་པས།
ཕུན་ཚོགས་གླིང་ཁྲོམ་སྨད་ཀྱི་འཐུས་མི་ ཀརྨ་བཙན་གྱིས་ དོགས་སེལ་འབད་མིའི་ནང་ ཚོང་ཁང་ཚུ་ སྒོ་བསྡམ་དགོ་པའི་ བཀའ་རྒྱ་བཏོན་བཏོནམ་མེད་རུང་ ཕུན་ཚོགས་གླིང་ལུ་ སྡོད་ཁྱིམ་གྱི་ དཀའ་ངལ་ཡོད་མི་ལུ་བརྟེན་ ཚོང་པ་མང་ཤོས་ར་ ས་མཚམས་ཀྱི་ཕྱི་ཁར་ སྡོད་ནི་དེ་གིས་ ནང་ན་འོང་མ་ཚུགསཔ་འོང་ཟེར་ཨིན་པས།
ལུང་ཕྱོགས་ཚོང་དང་ བཟོ་གྲྭའི་མདོ་ཆེན་ ཀུན་ལེགས་དབང་ཕྱུག་གིས་འབད་བ་ཅིན་ ཕུན་ཚོགས་གླིང་ཁྲོམ་ཁར་ གཞན་གྱི་ཚོང་འབྲེལ་ཆོག་ཐམ་ཐོག་ལུ་ ཚོང་འབྲེལ་འཐབ་མི་ ལེ་ཤ་ཡོད་རུང་ ཁྲིམས་ཀྱི་འདུན་སར་ བདེན་ཁུངས་བཀལ་ནི་གི་ མིག་མཐོང་ལག་བཟུང་གི་ སྒྲུབ་བྱེད་མེད་ཟེར་ཨིན་པས།
ཕུན་ཚོགས་གླིང་ལུ་ ཚོང་ཁང་དང་ ཆང་ཁང་ སྣ་ཚོགས་ཚོང་ཁང་ལ་སོགས་པའི་ ཚོང་ཁང་༩༠༠ དེ་ཅིག་ཡོདཔ་ཨིན་པས།
ས་མཚམས་དེ་ ད་རིས་དྲོ་པའི་ཆུ་ཚོད་༦ ལུ་ སྒོ་ཕྱེ་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment