གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རིན་ཆེན་སྒང་ལུ་ འབྱ་རྔ་དོ་ཡོདཔ།

༢༠/༧/༢༠༡༣   ༉ རྒྱལ་ཁབ་ཀྱི་ས་གནས་ མང་ཤོས་ཅིག་ནང་ ལྕང་ལཱ་དེ་ འཕྲལ་ཁམས་ཅིག་ཁར་རྐྱངམ་གཅིག་ མཇུག་བསྡུ་ཡོདཔ་ཨིན་རུང་ དབང་འདུས་ཕོ་བྲང་ རིན་ཆེན་སྒང་གི་གཡུས་ཚན་ནང་འབད་བ་ཅིན་ ཁ་ཙ་ འབྱ་རྔ་ནིའི་ ལཱ་འགོ་བཙུགས་ཡོདཔ་ད་ འབྱ་དེ་ཡང་ ལོ་༡ ནང་ ལེན་ཐེངས་༢ འཚོ་བཏུབ་པའི་རིགས་ཅིག་ཨིན་པས།
དབང་འདུས་ཕོ་བྲང་ རིན་ཆེན་སྒང་ལུ་ འཕྲུལ་ཆས་ཀྱི་ཐོག་ལས་ ཤོ་ཐེངས་དང་པའི་ འབྱ་རྔ་བའི་བསྒང་།


དེ་བསྒང་ གཡུས་མི་༥༠ ལྷགཔ་ཅིག་དང་ སོ་ནམ་མཁས་མཆོག་ དེ་ལས་ རྫོང་ཁག་གི་འགོ་དཔོན་ཚུ་གིས་ འབྱ་དེ་ འཕྲུལ་ཆས་ཀྱི་ཐོག་ལས་ རྔ་ནི་འགོ་བཙུགས་མི་དེ་ མི་སེར་ཚུ་ལུ་ འགྲེམ་སྟོན་ལས་རིམ་བཟུམ་ཅིག་ཨིནམ་ད་ དེ་ཡང་ ལོ་༡ ནང་ འབྱ་ལེན་ཐེངས་༢ འཚོ་བཏུབ་མིའི་ལས་འགུལ་དེ་ གཡུས་ཚན་དེ་ནང་ དུས་ཅི་ སྤྱི་ཟླ་༤ པ་ལས་ འགོ་བཙུགས་ནི་དེ་གིས་ འབྱ་གི་ཐོན་ཤུགས་བལྟ་ནིའི་དོན་ལུ་ཨིན་པས།
སྤྱི་ཟླ་༤ པའི་ནང་ ལྕང་ལཱ་རྐྱབ་མི་འབྱ་རིགས་ཨང་༡༡ པ་ཟེར་མི་དེ་ ཟླཝ་༣ དང་༤ གི་ནང་འཁོད་ལུ་ འཚོ་བཏུབ་མི་འབྱ་དེ་ དེ་ཁའི་མི་ཚུ་གིས་ ལག་ལེན་འཐབ་ནི་འགོ་བཙུགས་མི་དེ་ གཡུས་ཚན་དེ་ནང་ སའི་རྒྱ་ཚད་ཆུང་ཀུ་ཅིག་ལས་བརྒལ་མེདཔ་ལས་ དངུལ་ཕོངས་ཀྱི་དཀའ་ངལ་ཡོད་མི་དེ་ བསལ་ནི་ལུ་དམིགས་ཏེ་ཨིན་པས།
འབྱ་ལེན་ཐངས་༢ འཚོ་མི་དེ་ འཕྲལ་ཁམས་ཅིག་ཁར་ རྔ་བའི་ཤུལ་ལས་ ད་རེས་ཀྱི་ ཟླཝ་མཇུག་བསྡུ་ཁམས་ཅིག་ནང་ར་ ད་རུང་ ལྕང་ལཱ་འགོ་བཙུགས་ནིའི་ གྲ་སྒྲིག་འབད་ནི་ཨིནམ་ད་ དེ་བསྒང་ འབྱ་རིགས་ཨའི་ཨར་༢༠༩༡༣ ཟེར་མི་དེ་ ལག་ལེན་འཐབ་ནི་ཨིནམ་ད་ འབྱ་རིགས་དེ་ ས་ཁ་མཐོ་སར་ ལེགས་ཤོམ་སྦེ་འཚོ་བཏུབ་མི་ཨིན་ཟེར་ རྒྱལ་ཡོངས་འབྱ་འཚོ་སྐྱོང་ལས་རིམ་འགོ་འདྲེན་པ་ ངག་དབང་ཆོས་འཕེལ་གྱིས་ སླབ་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ལོ་༡ ནང་ འབྱ་ལེན་ཐེངས་༢ རེ་འཚོ་བཏུབ་མི་དེ་ ཐོན་ཤུགས་ཡང་ ལེགས་ཤོམ་ཡོད་ཟེར་ཨིནམ་ད་ དེ་ཡང་ ལཱ་དེ་འཕྲུལ་ཆས་ཀྱི་ཐོག་ལས་འབད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
དེ་ཡང་ གཡུས་ཚན་དེ་ནང་ ལེན་ཐེངས་༢ འཚོ་བཏུབ་མི་འབྱ་དེ་ ས་ཞིང་ཨེ་ཀར་༢༠ ནང་ ལྕང་ལཱ་རྐྱབ་མི་ལས་ ཐོན་ཤུགས་རེད་ ཀེ་ཇི་སྟོང་ཕྲག་༤༩ ཐོན་ཡོདཔ་ད་ ཨ་རྟག་འབད་བ་ཅིན་ དེ་ནང་ལས་རེད་ ཀེ་ཇི་༡༠༠༠ དང་༡༨༠༠ ལས་ལྷག་སྟེ་ མི་བསྡུ་དོ་ཡོདཔ་ཨིན་པས།
དེ་བཟུམ་མའི་ ལམ་ལུགས་ཀྱིས་ མི་སེར་ཚུ་ལུ་ ཕན་པ་སྦོམ་སྦེ་ར་ ཐོག་ནི་མས་ཟེར་ཨིནམ་ད་ དེ་ཡང་ སྐྱེས་ལོ་༣༤ ལང་མི་ སྒྲོལ་མ་གིས་ སླབ་མིའི་ནང་ ད་ལས་ཕར་ མོ་གིས་ ཆུམ་ཚོང་འབྲེལ་འབད་ཚུགས་པའི་ གོ་སྐབས་ཡང་ འདུག་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ ཏི་རུའི་དོན་ལུ་ མོ་རའི་རྨགཔ་དེ་ གཞན་གྱི་ལཱ་འབད་བར་ བཏང་ནི་ཡོད་རུང་ ད་ལས་ཕར བཏང་དགོཔ་མི་འཐོན་ནི་བཟུམ་ཅིག་ ཡོད་ཟེར་ཨིན་པས།
ལམ་ལུགས་དེ་གིས་ ཧེ་མ་ གཡུས་ཚན་དེ་ནང་ལས་ གཞན་གྱི་ཞིང་ཁར་ བགོ་བཤའ་སྦེ་ བཟའ་སྡོད་མི་ཚུ་གིས་ རང་གི་ཞིང་ཁར་ ལེགས་ཤོམ་སྦེ་ ལཱ་འབད་ཚུགས་པའི་གོ་སྐབས་ཡོདཔ་ད་ དེ་ཡང་ ཞིང་གི་རྒྱ་ཚད་དེ་ཆུང་རུང་ རེད་འབོར་ཆེ་དྲགས་སྦེ་ བསྡུ་ཚུགས་པའི་གོ་སྐབས་ཡོདཔ་ཨིན་པས།
ཐེད་ཚོ་རྒེད་འོག་གི་ སོ་ནམ་རྒྱ་བསྐྱེད་འགོ་དཔོན་ འཇམ་དཔལ་ལྷ་མོ་གིས་ སླབ་མིའི་ནང་ དུས་ཅི་ ཨེ་ཀར་༢༠ ལས་བརྒལ་འབད་མ་ཚུགས་རུང་ སང་ཕོད་ལས་ ཨེ་ཀར་༣༥ དེ་ཅིག་ ལྕང་ལཱ་རྐྱབ་ཚུགས་པའི་ དམིགས་ཡུལ་བསྐྱེད་དོ་ཟེར་ཨིན་པས།
བྱ་རྔ་བའི་སྐབས་ སྐུ་མགྲོན་གཙོ་ཨིན་མི་ དབང་འདུས་རྫོང་ཁག་ཁྲིམས་འདུན་གྱི་དྲང་དཔོན་ པ་སངས་དབང་མོ་གིས་འབད་བ་ཅིན་ ལོ་༡ ནང་ འབྱ་ལེན་ཐེངས་༢ བསྡུ་ཚུགསཔ་ད་ལུ་ མི་སེར་ཚུ་གི་ འཚོ་བའི་གནས་སྟངས་ ཡར་དྲག་སོང་སྟེ་ དངུལ་ཕོངས་ཀྱི་དཀའ་ངལ་ཡང་ བསལ་ཚུགས་ཟེར་ཨིནམ་ད་ རང་གིས་རང་ལངམ་སྦེ་ སྡོད་ཚུགས་མི་དེ་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔོལ་འཛོམས་ཟེར་ སླབ་ཨིན་ཟེར་ཨིན་པས།
དེ་བཟུམ་གྱི་ ལམ་ལུགས་དེ་ ལོ་༡༠ གྱི་ཧེ་མར་ གཡུས་ཚན་དེ་ནང་ འགོ་བཙུགས་ཡོད་རུང་ ཞིང་ཆུ་དང་ རི་དྭགས་སེམས་ཅན་གྱི་ གནོད་པ་རྐྱབ་ནི་དེ་གིས་ འཕྲོ་མཐུད་མ་ཚུགསཔ་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment