གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་ཁྲལ་ལོག་སྤྲོད་ནི་དེ་ བཤོལ་བཞག་འབད་ཐབས་མེདཔ།

༡༧/༧/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༡༥ ལུ་ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ བི་པི་ ཧ་རཱན་གྱིས་ ཀུན་གསལ་ལུ་བཤད་མིའི་ནང་ རྒྱ་གར་གཞུང་གིས་ འབྲུག་ལུ་ ནང་ཁྲལ་ལོག་སྤྲོད་ནི་དེ་ བཤོལ་བཞག་འབད་བ་ལུ་ ཚོང་འབྲེལ་ཆིངས་ཡིག་དེ་ སྤྱི་ལོ་༢༠༡༦ ཚུན་ ཆ་འཇོག་འབད་ཡོད་མི་ལུ་བརྟེན་ དེ་འཕྲོ་ལས་ ཆ་མེད་བཏང་མི་ཚུགས་ནི་ཨིནམ་ལས་ བཤོལ་ཐབས་མེདཔ་མ་ཚད་ བཤོལ་བཞག་འབད་ནིའི་འཆར་གཞི་ཡང་ མེད་ཟེར་ཨིན་པས།


ཁོ་གིས་འབད་བ་ཅིན་ འབྲུག་མི་ཚུ་གིས་ རྒྱ་གར་ལས་ ཅ་ཆས་ཚུ་ནང་འདྲེན་འབདཝ་ད་ རྒྱ་གར་གྱི་ ཅ་ཆས་ཚུ་ལུ་བཀལ་མི་ ནང་ཁྲལ་བཏབ་མི་དེ་ རྒྱ་གར་གཞུང་གིས་ ལོག་སྤྲོདཔ་ཨིན་ཟེར་ཨིནམ་ད་ དེ་ཡང་ དང་པ་ལོག་སྤྲོད་ནི་ལུ་ དུས་ཡུན་ལོ་༢ དེ་ཅིག་འགོརཝ་མ་ཚད་ དེ་ནང་བྱ་སྟབས་མ་བདེཝ་ལེ་ཤ་ཡོདཔ་ལས་ གཞུང་༢ ཀྱིས་གསུང་གྲོས་གནང་ཐོག་ལས་ ཁྲལ་དེ་གི་ལམ་ལུགས་བསྒྱུར་བཅོས་འབད་ནིའི་ ལོ་རྒྱུས་ཨིནམ་མ་གཏོགས་ རྩ་བ་ལས་ར་ ནང་ཁྲལ་ལོག་འཐོབ་ནི་ཡོད་མི་དེ་ བཤོལ་བཞག་ནི་གི་ ལོ་རྒྱུས་མེན་ཟེར་བཤད་ཅི།
ལམ་ལུགས་བསྒྱུར་བཅོས་ཐོག་ ད་ལྟོ་ རྒྱ་གར་གཞུང་གིས་ ལོ་༢ དེ་ཅིག་གི་ཤུལ་ལས་ ནང་ཁྲལ་ལོག་སྤྲོད་ཡོད་མི་དེ་ རྒྱ་གར་ལས་ ཅ་དངོས་ཚུ་ འབྲུག་ལུ་ནང་འདྲེན་འཐབ་པའི་སྐབས་ ནང་ཁྲལ་མེདཔ་སྦེ་ འབྲུག་གི་སྒོ་ར་ཁར་ལྷོདཔ་ད་ ཁྲལ་ཚད་ཅིག་བཟོ་སྟེ་ ལེན་ནི་གི་ལམ་ལུགས་བཟོ་བ་ཅིན་ རྒྱ་གར་ལས་ ལོ་༢ ཀྱི་ནང་འཁོད་ལུ་ ལོག་ག་དེམ་ཅིག་ཐོབ་མི་དེ་ འབྲུག་གཞུང་གི་འོང་འབབ་ནང་ ལྷོད་དེ་ར་ སྡོད་འོང་ཟེར་ཨིནམ་ད་ ཨིན་རུང་ ལམ་ལུགས་དེ་ བསྒྱུར་བཅོས་ཀྱི་དོན་ལུ་ གཞུང་༢ ཀྱིས་ གསུང་གྲོས་གནང་སྟེ་མ་གཏོགས་ རྒྱ་གར་གྱིས་ ཐད་ཀར་དུ་ ཐག་བཅད་ཐབས་མེད་ཟེར་བཤད་ཅི།
ད་རུང་ ཁོ་གིས་སླབ་མིའི་ནང་ རྒྱ་གར་གྱིས་ འབྲུག་ལུ་ཕྱིར་བཙོང་འབད་བའི་གནས་ཐོ་དང་ འབྲུག་གིས་རྒྱ་གར་ལས་ ནང་འདྲེན་འཐབ་ཡོད་པའི་གནས་ཐོ་༢ ཀྱི་བར་ན་ གཅིག་མཚུངས་མེད་པའི་ཁྱད་པར་ཚུ་ཐོནམ་ལས་ བྱ་སྟབས་བ་བདེ་བའི་གནས་སྟངས་ མཐོང་གསལ་བྱུང་ཡི་ཟེར་ཨིན་པས།
དེ་མ་ཚད་ ནང་ཁྲལ་དེ་ རྒྱ་གཞུང་གིས་ ལོག་འབྲུག་ལུ་སྤྲོདཔ་ད་ ཆ་མཉམ་ར་ གཞུང་ལུ་སྤྲོད་ཞིནམ་ལས་ ནང་འདྲེན་འཐབ་མི་ བཟོ་གྲྭ་ལས་སྡེ་ཚུ་ལུ་ དུམ་གྲ་ཅིག་ཡང་ མ་ཐོབ་པའི་བསྒང་ལས་ བཟོ་གྲྭ་དེ་ཚུ་གིས་ རྒྱུ་ཆས་ཚུ་ རྒྱ་གར་ལས་ཉོཝ་ད་ ནང་ཁྲལ་བཏབ་སྟེ་ ད་རུང་ ལོག་བཟོ་བསྐྲུན་ཐོག་ ཕྱིར་བཙོང་འཐབ་པའི་སྐབས་ གོང་ཚད་དང་འབྲེལ་བའི་ གནད་དོན་ཚུ་ཡོདཔ་ལས་ དེ་ཚུ་ག་ར་ལུ་ གཞི་བཞག་སྟེ་ ནང་ཁྲལ་དེ་དང་འབྲེལ་བའི་ ལམ་ལུགས་ནང་བསྒྱུར་བཅོས་འབད་བ་ཅིན་ རྒྱལ་ཁབ་༢ ཆ་ར་ལུ་ ཕན་ཐོགས་འབྱུང་བའི་ རེ་བ་ཨིན་ཟེར་ཨིན་པས།
 དེ་འབད་ནི་དེ་གིས་ ནང་ཁྲལ་ལོག་འཐོབ་ནི་གི་ཐད་ཁར་ ཚོང་འབྲེལ་ཆིངས་ལྟར་དུ་གནས་ནི་ཨིན་རུང་ གཞུང་༢ ཀྱི་བར་ན་ ནང་ཁྲལ་གྱི་ལམ་ལུགས་དེ་ བསྒྱུར་བཅོས་འབད་ནིའི་ འོས་འབབ་ལྟ་ཞིབ་འབད་ནི་ཨིན་རུང་ དེ་འཕྲོ་ལས་ འབད་ནི་གི་འོས་འབབ་མེད་ཟེར་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment