གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མ་འོངས་པར་ གྱལ་རིམ་བཅར་མ་དགོ་པར་ ཚོགས་རྒྱན་བཙུགས་ཚུགས་ནི།

༡༨/༧/༢༠༡༣   ༉ མ་འོངས་པ་ནང་ ད་ལྟོའི་གནས་སྟངས་ནང་བཟུམ་སྦེ་ ཚོགས་རྒྱན་བཙུགས་སའི་ས་ཁོངས་ནང་ གྱལ་སྒྲིག་སྟེ་སྡོད་མ་དགོཔ་མ་ཚད་ ངོ་སྤྲོད་ལག་ཁྱེར་ཚུ་ བཏོན་མ་དགོ་པར་ ཐད་ཀར་དུ་ ཚོགས་རྒྱན་བཙུགས་སའི་ས་ཁོངས་ནང་འགྱོ་སྟེ་ ཚོགས་རྒྱན་བཙུགས་པའི་ཤུལ་ལུ་ ལོག་ཁྱིམ་ནང་ འགྱོ་ཚུགས་ནི་ཨིན་པས།
ཤུལ་ལས་ འཕྲུལ་ཆས་ཀྱི་ཐོག་ལས་ འབད་བའི་བསྒང་ལས་ འབྲུག་པའི་བཙག་འཐུ་དེ་ དྭངས་གསལ་དང་ མགྱོགས་དྲག་ དེ་ལས་ ཚོགས་རྒྱན་ཚུ་ བརྟན་ཏོག་ཏོ་འོང་ནི་ཨིནམ་མ་ཚད་ ཤོག་གུ་གི་ལཱ་ཚུ་ཡང་ མར་ཕབ་འགྱོ་ནི་ཨིན་པས།



འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ གློག་རིག་མཉེན་ཆས་ཅིག་ མོ་བཏབ་འབད་ཡོདཔ་ད་ དེ་གིས་ ཚོགས་རྒྱན་སྐྱུར་མི་གི་ཐོ་བཀོད་ལས་འགོ་བཙུགས་ཏེ་ གྲུབ་འབྲས་བསྡུ་སྒྲིག་འབད་ནི་ཚུན་ལུ་ ལཱ་ཚུ་ག་ར་འབད་ཚུགས་ནི་ཨིན་པས།
འཕྲུས་ཆས་དེ་ རྒྱལ་ཡོངས་ཚོགས་སྡེ་དང་ འགོ་ཐོག་བཙག་འཐུ་ དེ་ལས་ སྤྱིར་བཏང་བཙག་འཐུ་འགོ་འདྲེན་འཐབ་པའི་སྐབས་ དེ་གི་ཁྱད་ཆོས་ དཔེར་ན་ ཚོགས་རྒྱན་སྐྱུར་མི་ ཐོ་བཀོད་འབད་ནི་དང་ བཙག་འཐུ་གི་ཐོ་བཀོད་བལྟ་ནི་ ངོ་སྤྲོད་གསལ་སྟོན་ལག་ཁྱེར་པར་བཏབ་ནི་ དེ་ལས་ གྲུབ་འབྲས་བསྡུ་སྒྲིག་འབད་ནི་ཚུ་ ལག་ལེན་འཐབ་ཚུགསཔ་ཨིན་པས།
གློག་རིག་མཉེན་ཆས་གསརཔ་དེ་ རྫོང་ཁག་བཙག་འཐུ་ཡིག་ཚང་ཚུ་ནང་ བཀྲམ་སྤེལ་འབད་བའི་ཤུལ་ལུ་ ཚོགས་རྒྱན་བཙུགས་སའི་ས་ཁོངས་༣༠ འི་ནང་ ལག་རྗེས་ལེན་ནི་ལུ་ ལག་ལེན་འཐབ་ཡོདཔ་ཨིན་པས།
བཙག་འཐུ་ཐོ་བཀོད་འགོ་དཔོན་སྤྱི་ཁྱབ་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ གློག་རིག་མཉེན་ཆས་གསརཔ་ ལག་ལེན་འཐབ་མི་གིས་ བཙག་འཐུ་དང་འབྲེལ་བ་ཡོད་པའི་འགོ་དཔོན་ཚུ་གི་ དུས་ཚོད་ཆུ་ཟད་འགྱོ་ནི་ལས་ བཀག་ཚུགསཔ་མ་ཚད་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་བཙུགས་མི་ཚུ་གི་ མིང་ཐོ་ཚུ་ ཀི་དེབ་ནང་ལྟ་མ་དགོཔ་ཨིན་པས།
ག་དེམ་ཅིག་སྦེ་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་བཙུགས་མི་ཅིག་གིས་ ཚོགས་རྒྱན་ཚར་༢ བཙུགས་ནི་གི་ དཔའ་བཅམ་པ་ཅིན་ གློག་རིག་མཉེན་ཆས་དེ་གིས་ ཚོགས་རྒྱན་གྱི་གྱངས་ཁའི་གྲངས་སུ་ ཚུད་ནི་ལས་བཀག་ཚུགསཔ་ཨིན་པས།
འཕྲུལ་ཆས་ཀྱི་ཐོག་ལས་ ཚར་༡ ཚོགས་རྒྱན་བཙུགས་ཚར་ཞིནམ་ལས་ གློག་རིག་མཉེན་ཆས་དེ་གིས་ གནས་ཐོ་སྙན་ཞུ་ཚུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ ཡིག་ཚང་ལྟེ་བ་ལུ་ ག་དེམ་ཅིག་གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་ན་དང་ ཚོགས་རྒྱན་བཙུགས་སའི་ས་ཁོངས་ དེ་ལས་ ཕོ་མོའི་དབྱེ་བ་ཚུ་ ཕྱེ་ཐོག་ལས་ སྙན་ཞུ་འབད་དོ་ཡོདཔ་ཨིན་པས།
དེ་ཁར་ དཀའ་ངལ་ཆེ་ཤོས་དེ་ར་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ མཛུབ་མོ་༡༠ གྱི་ ལག་རྗེས་ཚུ་ལེན་དགོཔ་ཨིནམ་ལས་ དེ་གི་དོན་ལས་ དུས་ཚོད་འགོར་ནི་བཟུམ་ཅིག་འདུག་ཟེར་ བསོད་ནམས་ཀྱིས་བཤདཔ་ཨིན་པས།
ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་སྐྱུར་མི་གི་ ཐོ་དང་ཁ་གསལ་ཚུ་ འཕྲལ་ཁམས་གཅིག་ཁར་ འགོ་འདྲེན་འཐབ་མི་ བཙག་འཐུ་གི་སྐབས་ལུ་ ཡོངས་འབྲེལ་འཆར་སྒོ་ནང་བཙུགས་ཏེ་ཡོདཔ་ལས་ མི་གི་ཁ་གསལ་ཚུ་ དེ་འཕྲོ་ལས་ལྟ་བཏུབ་ཨིནམ་ད་ ཧེ་མ་འབད་བ་ཅིན་ ངོ་སྤྲོད་གསལ་སྟོན་ལག་ཁྱེར་པར་བཏབ་ནི་གི་དོན་ལས་ ཉིན་གྲངས་ལས་བཅད་དེ་ འགོར་དོ་ཡོདཔ་ཨིན་པས།
ད་རེས་ནངས་པ་འབད་བའི་བསྒང་ལས་ ངོ་སྤྲོད་གསལ་སྟོན་ལག་ཁྱེར་ཚུ་ དུས་ཡུན་སྐར་མ་༡ གི་ནང་འཁོད་ལུ་ར་ པར་བཏབ་སྟེ་སྤྲོད་ཚུགས་ཟེར་ བསོད་ནམས་ཀྱིས་ བཤདཔ་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལས་ ཐོ་བཀོད་འབད་མི་ཚུ་གིས་ཡང་ གློག་རིག་ཡོངས་འབྲེལ་ཐོག་ལས་ ཐོ་བཀོད་འབད་དེ་ ཐོབ་ཆོག་ཆོག་ཡོདཔ་ཨིན་པས།
ད་ལྟོ་ཚུན་གྱི་བར་ན་ འཕྲུལ་ཆས་ཀྱི་ཐོག་ལས་ མ་འབད་ནི་དེ་གིས་ དུས་ཚོད་ལེ་ཤ་ཅིག་ར་ ཆུད་ཟད་འགྱོ་དོ་ཡོདཔ་ཨིན་རུང་ ད་ལས་ཕར་འབད་བ་ཅིན་ ལཱ་ཚུ་ ཉིནམ་༡ ནང་ར་ མཇུག་བསྡུ་ཚུགས་ནི་ཨིན་པས།
གློག་རིག་མཉེན་ཆས་དེ་ བཟོ་བཀོད་དང་ གོང་འཕེལ་ རྒྱ་བསྐྱེད་ཀྱི་དོན་ལུ་ རྒྱ་གར་པུ་ནེ་ ཨེཀ་ལ་བ་ ཨིན་ཕོ་སིས་ལུ་ དངུལ་ཀྲམ་ས་ཡ་༦ སྤྲོད་ཡོདཔ་ཨིན་པས།
ལས་སྡེ་གི་མདོ་ཆེན་ ཨ་ཊིཤ་ བི་ཧ་ནི་གིས་འབད་བ་ཅིན་ གློག་རིག་མཉེན་ཆས་ཀྱི་ དཀའ་ངལ་ཆེ་ཤོས་དེ་ར་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ ལག་ལེན་འཐབ་ནི་ འཇམ་ཏོང་ཏོ་བཟོ་ནི་དེ་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment