༡༨/༧/༢༠༡༣ ༉ མགར་ས་རྫོང་ཁག་འདི་ རྫོང་ཁག་༢༠ གི་གྲས་ལས་ ཚོགས་རྒྱན་ནང་བཅའ་མར་གཏོགས་མི་ མཐོ་ཤོས་ཅིག་ཨིནམ་ད་ དེ་ཡང་ སྤྱིར་བཏང་བཙག་འཐུ་ནང་ རྫོང་ཁག་ནང་ལས་ མི་སེར་བརྒྱ་ཆ་༨༢.༣༠ གསང་བའི་ཚོགས་རྒྱན་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
རྒྱལ་ཡོངས་ཀྱི་ཐད་ཁར་ལྷོདཔ་ད་ མགར་ས་རྫོང་ཁག་དེ་ བརྒྱ་ཆ་༡༦ ལས་མཐོ་ཤོས་ཨིནམ་ད་ དེ་ཡང་ སྤྱིར་བཏང་བཙག་འཐུ་དང་ རྫོང་ཁག་༢༠ གི་ མི་སེར་བརྒྱ་ཆ་༦༦.༠༧ གྱིས་ ཚོགས་རྒྱན་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
དེ་ལས་ རྫོང་ཁག་གི་ སྤྱིར་བཏང་བཙག་འཐུའི་ གྲུབ་འབྲས་དང་ཕྱདཔ་ད་ བརྒྱ་ཆ་༨ ཀྱིས་མཐོ་མི་དེ་ འགོ་ཐོག་བཙག་འཐུ་ནང་ མི་སེར་བརྒྱ་ཆ་༧༤ ལས་བརྒལ་ གསང་བའི་ཚོགས་རྒྱན་ནང་ བཅའ་མར་མ་གཏོགས་བས།
བཙག་འཐུའི་གྲུབ་འབྲས་ལུ་ལྟ་བ་ཅིན་ ཚོགས་རྒྱན་བཅའ་མར་གཏོགས་མི་ མང་ཤོས་ར་ མཐའ་ཟུར་གྱི་གཡུས་ཚན་ ལ་ཡ་དང་ ལུང་ནག་ནང་ལུ་ སྡོད་མི་ཚུ་ཨིནམ་ད་ དེ་ཡང་ ལ་ཡ་རྒེད་འོག་དང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་༦༡༣ ལས་༥༣༧ གྱིས་ ཚོགས་རྒྱན་ནང་བཅའ་མར་གཏོགས་ཡོདཔ་ད་ དེ་བཟུམ་སྦེ་ ལུང་ནག་ནང་ལུ་འབད་བ་ཅིན་ ཚོགས་རྒྱན་བཙུགས་ཆོག་མི་༤༨༢ ལས་༣༡༦ གིས་ ཚོགས་རྒྱན་བཙགས་ཡོདཔ་ཨིན་པས།
དེ་ལས་ འགྲེམ་ཐོག་ཚོགས་རྒྱན་ཡང་ སྤྱི་བཏང་བཙག་འཐུའི་སྐབས་༢ ཀྱིས་ ཡར་སེང་སོང་ཡོདཔ་ད་ བཙག་འཐུ་འགོ་དཔོན་ཚུ་གིས་འབད་བ་ཅིན་ རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ ཚོག་རྒྱན་བཙུགས་མི་༡,༨༤༢ ལས་མེད་མིའི་ནང་ ཚོགས་རྒྱན་༡ གིས་ཡང་ ཁྱད་པར་སྦོམ་བཟོཝ་མས་ཟེར་ཨིན་པས།
རྫོང་ཁག་བཙག་འཐུའི་ ཐོ་བཀོད་འགོ་དཔོན་ རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ མི་ཚུ་གིས་ ཚོགས་རྒྱན་ནང་ལེགས་ཤོམ་སྦེ་ བཅའ་མར་གཏོགས་ཚུགས་མི་དེ་ འཕྲལ་ཁམས་ཅིག་ཁར་ ལ་ཡ་དང་ ལུང་ནག་ནང་གི་མི་ཚུ་ དབྱར་རྩྭ་དགུན་འབུབ་འཐུ་བར་འགྱོ་མི་ལས་ ལོག་རང་སོའི་ གཡུས་ཁར་ལྷོད་པའི་ཁར་ བཙག་འཐུ་གི་ཉིནམ་དེ་ལུ་ གནམ་གཤིས་ལེགས་ཤོམ་ཡོདཔ་ལས་བརྟེན་ ཨིན་ཟེར་ཨིན་པས།
ལྷག་པར་དུ་ ལུང་ནག་ནང་གི་མི་ཚུ་ ས་ཁ་དམའ་ས་ སྤུ་ན་ཁ་ལུ་ བཟའ་འཐུང་གི་རིགས་ཚུ་ བཏོན་པར་མ་འགྱོ་མི་དེ་གིས་ བཙག་འཐུ་ནང་ བཅའ་མར་གཏོགས་ཚུགས་ཡོདཔ་ད་ མ་གཞི་ དུས་ཚོད་འ་ནེམ་ཅིག་ཁར་ ཁོང་ཆ་ཁྱབ་ ས་ཁ་དམའ་སར་འོང་ནི་ཡོད་རུང་ བཙག་འཐུའི་ཤུལ་ལས་རྐྱངམ་གཅིག་ འགྱོ་ཆོགཔ་བཟོ་ཡི་ཟེར་ ལུང་ནག་ནང་རྒེད་འོག་བདག་སྐྱོང་ ཤེས་རབ་ཆོས་འཕེལ་གྱིས་ སླབ་ཨིན་པས།
དེ་མ་ཚད་ རྫོང་ཁག་གི་རྒེད་འོག་༤ གི་ དབྱར་རྩྭ་དགུན་འབུབ་ཀྱི་ རིན་བསྡུར་འབད་ནིའི་ཉིནམ་དེ་ཡང་ ཨ་རྟག་འབད་བ་ཅིན་ སྤྱི་ཟླ་༧ པའི་ཚེས་༡༤ དང་༡༥ གི་ ནང་འཁོད་ལུ་ འབད་ནི་ཡོདཔ་ཨིན་རུང་ དུས་ཅི་ སྤྱི་ཟླ་༧ པའི་ཚེས་༢༧ དང་༢༩ བར་ན་ ཕར་ཕུད་འབད་ཡོདཔ་ཨིན་པས།
ལ་ཡཔ་ཚུ་ཡང་ འབུབ་འཐུ་ས་ལས་ ལོག་གཡུས་ཁར་ལྷོད་ཡོདཔ་ད་ ཁོང་གིས་ བཟའ་འཐུང་གི་མཐུན་རྐྱེན་བཏོན་ནིའི་དུས་ཚོད་དེ་ གནམ་བྱཱར་ལུ་ཨིནམ་ལས་ ཚོགས་རྒྱན་ནང་ བཅའ་མར་གཏོགས་ཚུགས་ནི་ཨིནམ་ད་ ཁ་སྨད་རྒེད་འོག་ནང་འབད་བ་ཅིན་ ལྕང་ལཱ་མཇུག་བསྡུ་ཡོདཔ་ད་ ཁ་སྟོད་ལུ་ སོ་ནམ་ཞིང་ལཱ་ མང་ཤོས་ར་འབད་ཚར་ནི་དེ་གིས་ རྒེད་འགོ་༢ ཀྱི་མི་ཚུ་གིས་ཡང་ ཚོགས་རྒྱན་ནང་ ལེགས་ཤོམ་སྦེ་ར་ བཅའ་མར་གཏོགས་ཚུགས་ཡོདཔ་ཨིན་པས།
གནད་དོན་གཞན་ཡང་ མགར་ས་རྫོང་ཁག་ནང་ ཡིག་ཚང་གི་ལཱ་འབད་མི་ རྫོང་ཁག་གཞན་བཟུམ་མེདཔ་ལས་ མང་ཤོས་ར་ གཡུས་ཁར་སྡོད་དོ་ཡོདཔ་ད་ མི་རློབས་ལས་བཅད་པ་ཅིན་༣,༠༠༠ ལྷགཔ་ཅིག་ལས་བརྒལ་ མེདཔ་ཨིན་པའི་གནས་ཚུལ།

![]() |
ཚོགས་རྒྱན་ནང་ བཅའ་མར་གཏོགས་མི་ མགར་སཔ་ཚུ། |

མགར་ས་ལས་ བསྟན་འཛིན་རྣམ་རྒྱལ།
No comments:
Post a Comment