གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙོན་ཁྲིམས་གོ་ཡངས་ཐོབ་མི་ ཨམ་སྲུ་ཚུ་ལུ་ སོ་ནམ་འཛུགས་སྐྱོང་གི་ སྦྱོང་བརྡར་བྱིན་ཡོདཔ།

༢༠/༧/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༡༦ ལུ་ ཁྲིམས་སྲུང་འགག་སྡེ་གིས་ སོ་ནམ་དང་ནགས་ཚལ་ལྷན་ཁག་མཉམ་འབྲེལ་ཐོག་ལས་ བཙོན་ཁྲིམས་གོ་ཡངས་ཐོབ་མི་ ཨམ་སྲུ་ཚུ་ལུ་ ཁྲིམས་སྲུང་འགག་སྡེའི་ ཁྲམ་ནང་ཡོད་མི་ ས་ཆ་ཨེ་ཀར་༦ ནང་ ཚོད་བསྲེ་འཛུགས་སྐྱོང་འབད་ནིའི་ ལས་འགུལ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།


དེ་ཡང་ སྤྱི་ཟླ་༧ པའི་ཚེས་༡༨ ལུ་ སོ་ནམ་དང་ ནགས་ཚལ་ལྷན་ཁག་གི་ གསར་བཏོན་འབད་མི་སྙན་ཞུ་དང་འཁྲིལཝ་ད་ སོ་ནམ་ལས་ཁུངས་འོག་གི་ ལས་སྡེ་ཁག་གི་འགོ་དཔོན་ཚུ་གིས་ ཉིནམ་གཅིག་ར་ ལས་འགུལ་གྱི་ལས་རིམ་དེ་ བཙོན་ཁྲིམས་གོ་ཡངས་ཕོག་མི་ ཨམ་སྲུ་༥༢ ལུ་ གོ་བ་བརྡ་སྤྲོད་དང་ ཚོད་བསྲེ་འཛུགས་སྐྱོང་འབད་ཐངས་ཀྱི་སྐོར་ལས་ སྦྱོང་བརྡར་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་སྡེའི་གཙོ་འཛིན་ མདོ་འཛིན་སྐྱིབ་ཅུ་རྣམ་རྒྱལ་གྱིས་ སླབ་མིའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐུགས་གཙང་བཟང་པོའི་འོག་ལུ་ གཞི་བཙུགས་འབད་ཡོདཔ་ད་ ལས་འགུལ་དེ་གི་དམིགས་ཡུལ་གཙོ་བོ་ར་ ཨམ་སྲུ་ཚུ་གི་ སྤྱོད་ངན་བཟང་པོ་ལུ་ བསྒྱུར་བཅོས་འབད་ནི་དང་ མི་ཚེ་ ལེགས་ཤོམ་སྦེ་ སྐྱོང་འཐབ་བཟོ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ཨམ་སྲུ་ཚུ་གི་སེམས་ཁམས་ ལེགས་ཤོམ་བཟོ་ཚུགས་ནིའི་དོན་ལུ་ ལས་འགུལ་གྱི་ལས་རིམ་གྱིས་ ཁོང་གི་ མི་སྡེ་ལུ་ ཕན་ཐོགས་ཚུགས་ནིའི་དོན་ལུ་ཨིནམ་མ་ཚད་ མི་སྡེའི་ནང་ བཙོན་ཁྲིམས་ཕོག་ཡོདཔ་སྦེ་ དམའ་ཕབ་རྐྱབ་ནི་དང་ མིའི་གྲངས་སུ་ཚུདཔ་སྦེ་ སྡོད་ནིའི་དོན་ལུ་ འགོ་འདྲེན་འཐབ་དོ་ཟེར་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་དོན་འགྲུབ་ཐབས་ལུ་ སོ་ནམ་དང་ ནགས་ཚལ་ལྷན་ཁག་གིས་ དེ་བཟུམ་མའི་ གནས་སྟངས་ནང་ཡོད་མི་ ཨམ་སྲུ་ཆ་ཁྱབ་ལུ་ ཕན་ཐོགས་པའི་ལས་སྣ་དང་ ལས་རིམ་འགོ་འདྲེན་འཐབ་དོ་ཡོདཔ་བཞིན་དུ་ ཁྲིམས་སྲུང་འགག་སྡེའི་གཙོ་འཛིན་ མདོ་འཛིན་སྐྱིབ་ཅུ་རྣམ་རྒྱལ་གྱིས་ ལྷན་ཁག་ལུ་ གྲོགས་རམ་དང་རྒྱབ་སྐྱོར་གཞན་ཡང་ བྱ་གསོ་སྐྱོང་ཁང་ དེ་ལས་ ཁོང་གི་ འོང་འབབ་མ་དངུལ་བཟོ་ཐབས་ལུ་ དགོས་མཁོ་ཅན་གྱི་ སོ་ནམ་ལཱ་ཚུ་ཡང་ འབད་དགོཔ་སྦེ་ ཞུ་ཡོདཔ་ཨིན་པས།
སོ་ནམ་ལྷན་ཁག་གི་ ཤིང་ཐོག་ གཙོ་འཛིན་འགོ་དཔོན་ ཀུན་ལེགས་ཚེ་རིང་གིས་ སླབ་མི་དང་འཁྲིལཝ་ད་ རྒྱལ་གཞུང་གི་སྲིད་བྱུས་ལུ་ བཞེས་སྒོའི་ཐོན་སྐྱེད་ རང་མགོ་རང་འདྲོང་བཟོ་ནི་དང་ དབུལ་ཕོངས་ཀྱི་དཀའ་ངལ་བསལ་ནི་ ཚོད་བསྲེ་ལྡུམ་ར་ལག་ལེན་འཐབ་ཐོག་ལས་ མི་ཚེ་ཡར་དྲག་སྦེ་ སྡོད་ཚུགསཔ་བཟོ་ནི་ མི་སྡེ་ཡུན་བརྟན་གོང་འཕེལ་ཐོག་ལུ་ སྡོད་ཚུགསཔ་བཟོ་ནི་དེ་ཨིན་མི་ལུ་བརྟེན་ ལས་རིམ་དེ་ འགོ་འདྲེན་འཐབ་དོ་ཟེར་ཨིན་པས།
ཤིང་ཐོག་ལྡུམ་ར་འཛུགས་སྐྱོང་དབུ་འཛིན་ སྐལ་བཟང་མཚོ་མོ་གིས་འབད་བ་ཅིན་ ལས་འགུལ་དེ་ལུ་བརྟེན་ ཁོང་ཨམ་སྲུ་ཚུ་གིས་ བཞེས་སྒོ་བཅུད་ལྡན་སྦེ་ ཐོབ་ཚུགས་ནི་དང་ ཚོད་བསྲེ་འཛུགས་སྐྱོང་འཐབ་མི་ལུ་བརྟེན་ འབྲུག་པའི་མི་སེར་ལུ་ མཁོ་འདོད་བསྐྱེད་མི་ ཚོད་བསྲེ་གི་དཀའ་ངལ་ བསལ་ཚུགས་ནི་ཚུ་ཨིནམ་ལས་ སྲོག་ཆགས་དང་ལྡན་པའི་རིགས་ཚུ་ཡང་ གལ་ཅན་ཅིག་ཨིན་ཟེར་ སླབ་ཨིན་པས།
ཨམ་སྲུ་ཚུ་ལུ་ སྦྱོང་བརྡར་ཚུ་ཡང་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱིས་ ཞིབ་འཚོལ་དང་ གོང་འཕེལ་ལྟེ་བ་དང་ རྒྱལ་ཡོངས་ཤིང་བཀག་འཛིན་ལྟེ་བ་ རྒྱལ་ཡོངས་ས་ཆ་ཞབས་ཏོག་ལྟེ་བ་ལས་ མཁས་མཆོག་འགོ་དཔོན་ཚུ་གིས་ སྦྱོང་བརྡར་ཚུ་ བྱིན་དོ་ཡོདཔ་བཞིན་དུ་ ས་ཆ་དེ་ ག་དེ་སྦེ་བཅུད་ལྡན་བཞག་ནི་ཨིན་ན་དང་ ཚོད་བསྲེ་ཐོན་སྐྱེད་འབད་མི་ཚུ་ འབུབ་ཀྱིས་ གནོདཔ་བཀལ་མི་ལས་ བཀག་ཐབས་ག་དེ་སྦེ་འབད་དགོཔ་ཨིན་ན་ ལག་ལེན་དངོས་བསྟར་གྱི་ སྦྱོང་བརྡར་དང་ སོན་ཚུ་ ནམ་བཙུགས་དགོཔ་ཨིན་ན་ ག་དེ་སྦེ་བཙུགས་ནི་ཨིན་ན་ དེ་ལས་ ཚོད་བསྲེ་ཐོན་སྐྱེད་འབད་མི་ལས་ ལུད་བཟོ་ཐངས་ཚུ་ གི་ སྦྱོང་བརྡར་བྱིན་ཡོདཔ་ཨིན་པས།
སྤ་རོ་རྫོང་ཁག་ སོ་ནམ་ལས་སྡེ་དང་ རྒེད་འོག་འགོ་དཔོན་ཚུ་གིས་ ད་ལས་ཕར་ ལས་འགུལ་གྱི་ འགྲུབ་འབྲས་ལེགས་ཤོམ་འཐོབ་ཚུགས་ནིའི་དོན་ལུ་ ལཱ་ཚུ་འབད་དགོཔ་ད་ རྒྱབ་སྐྱོར་ཡང་ ལས་སྡེ་ཁག་ལུ་ སྨན་དང་ ལུད་ སོན་ཚུ་ བྱིན་ནི་ཨིན་པས།
ལས་འགུལ་གྱི་ལས་རིམ་དེ་ སོ་ནམ་ལས་ཁུངས་ཀྱིས་ འགོ་འདྲེན་འཐབ་དོ་ཡོདཔ་བཞིན་དུ་ སོ་ནམ་འཕྲུལ་ཆས་དང་ སོན་ དེ་ལས་ གཞན་དགོས་མཁོ་ཅན་གྱི་ མཁོ་ཆས་ཚུ་གི་དོན་ལུ་ ཟད་འགྲོ་མ་དངུལ་འབུམ་ཕྱེད་དང་༢ ལྷགཔ་ཅིག་ བྱིན་ཡོདཔ་སྦེ་ སྙན་ཞུ་ནང་ཡོདཔ་ཨིན་པས།
ཟླ་ངོ་༣ གྱི་ཧེན་མ་ར་ ཁྲིམས་སྲུང་འགག་པའི་ མདོ་འཛིན་སྐྱིདཔ་ཅུ་རྣམ་རྒྱལ་གྱིས་ ཨམ་སྲུ་༥༢ དེ་ཅིག་ ཐིམ་ཕུ་ཨམ་སྲུ་བཙོན་ཁྲིམས་ཁང་ ལྟེ་བ་ལས་ ཕྱི་ཁར་བཏོན་ཏེ་ སྤ་རོ་ཟླ་བ་ཁ་ལུ་ བསྐྱལ་ནི་ཟེར་ སླབ་པའི་ཤུལ་ལུ་ བཙོན་ཁང་ནང་སྡོད་མི་ ཨམ་སྲུ་ཚུ་གིས་ ཟླཝ་༣ ནམ་ཚང་ནི་ཨིན་ན་ ཉིནམ་རེ་ཆད་མེད་པར་ གྱངས་ཁ་རྐྱབ་སྟེ་ སྡོད་ཅི་ཟེར་ སླབ་ཨིན་པས།
བཙོན་ཁང་ནང་སྡོད་པའི་རིང་ལུ་ འགོ་དཔོན་ཚུ་གིས་ ལེགས་ཤོམ་སྦེ་ འཛིན་སྐྱོང་འབད་ཡོད་རུང་ བཙོན་པ་ཅིག་འབདཝ་ལས་ ག་ནི་ཡང་ འབད་མ་ཚུགས་ཟེར་ཨིན་པས།
སྤ་རོ་ཟླ་བ་ཁ་ལུ་ ས་ཆ་ཨེ་ཀར་༦ དེ་ཅིག་ གླ་ཁར་ལེན་ཡོད་མི་ནང་ བཙོན་པ་ཨམ་སྲུ་ཚུ་ བཞག་ཡོད་མི་དེ་ཡང་ ད་ལས་ཕར་ ཚོད་བསྲེ་འཛུགས་སྐྱོང་འཐབ་སྟེ་ མི་ཚེའི་གནས་སྟངས་ཡར་དྲག་དང་ མི་སྡེའི་ནང་ དགའ་སྐྱིད་ལྡན་བཅུག་ཐབས་ལུ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment