གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཏམ་ཁུ་བཀག་འཛིན་དང་ གནོད་ཉེན་གྱི་ གོ་བརྡའི་ལས་རིམ་ འགོ་འདྲེན་འཐབ་དོ་ཡོདཔ།

༢༤/༧/༢༠༡༣   ༉ ཐིམ་ཕུ་ ནོར་འཛིན་ལམ་ཁ་ལས་ཕར་ཡོད་མི་ རྡོག་མ་ཚོང་ཁང་ཆུང་ཀུ་ཚུ་ནང་ ད་ལས་ཕར་ སི་གེ་རེཊ་དང་ ཁའི་ནི་ཏམ་ཁུའི་རིགས་ཚུ་ མི་བཙོང་ནི་སྦེ་ སེམས་ཐག་བཅད་ཡོདཔ་ཨིན་པས།
དེ་ཡང་ རྡོག་མ་ཚོང་ཁང་ནང་ ལཱ་འབད་མི་ཅིག་གིས་ ཏམ་ཁུ་དང་ ཏམ་ཁུའི་ཐོན་སྐྱེད་ཀྱི་རིགས་ མི་བཙོང་ནི་སྦེ་ ཐག་བཅད་དགོ་མི་དེ་ ཁ་ཙ་ ཐིམ་ཕུ་ཁྲོམ་ཁ་ལུ་སྦེ་ འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེའི་འགོ་དཔོན་ཚུ་གིས་ ཁྲིམས་གཞི་བཙུགས་འབད་མི་ལས་སྡེ་ཚུ་དང་ མཉམ་རུབ་ཐོག་ལས་ ཏམ་ཁུ་དང་ ཏམ་ཁུའི་ཐོན་སྐྱེད་ཀྱི་རིགས་ཚུ་ ཚོང་འབྲེལ་འཐབ་པ་ཅིན་ བདག་གཞན་༢ ཆ་ར་ལུ་ གནོད་ཉེན་ཡོད་པའི་སྐོར་ལས་ གོ་བརྡའི་ལས་རིམ་ཅིག་ འགོ་འདྲེན་འཐབ་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།



ལས་རིམ་དེ་ འབྲུག་སྨྱོ་རྫས་བཀག་འཛིན་གྱི་ འགོ་དཔོན་༢༥ དང་ ཁྲིམས་སྲུང་འགག་སྡེ་ ལུང་ཕྱོགས་ཚོང་འབྲེལ་འགོ་དཔོན་ ལུང་ཕྱོགས་འོང་འབབ་དང་ ཅ་དམ་ཡིག་ཚང་ དེ་ལས་ སྤྱི་མཐུན་ཕན་བདེ་ཚོགས་པ་ཚུ་བསྡོམས་ སྡེ་ཚན་༤ བཟོ་སྟེ་ ཏམ་ཁུའི་བཅའ་ཁྲིམས་དང་ དེའི་ཕན་གནོད་ཀྱི་སྐོར་ལས་ ལས་རིམ་འགོ་འདྲེན་འཐབ་ཡོདཔ་ཨིན་པས།
འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེ་ལས་ འགོ་དཔོན་འཆི་མེད་རྡོ་རྗེ་གིས་འབད་བ་ཅིན་ ཧེ་མའི་འཕྲོ་མཐུད་སྦེ་ གོ་བརྡའི་ལས་རིམ་ཚུ་ འབྲུག་ཏམ་ཁུ་བཅའ་ཁྲིམས་ཀྱི་ དགོངས་དོན་དང་འཁྲིལ་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ཡང་ མི་སེར་ཚུ་གིས་ ལས་རིམ་འགོ་འདྲེན་འཐབ་མིའི་ གནད་དོན་ཚུ་ གོ་བ་ལེན་ཞིནམ་ལས་ ལག་ལེན་འཐབ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
རྡོག་མ་ཚོང་ཁང་ཚུ་ནང་ ཏམ་ཁུའི་བཅའ་ཁྲིམས་ཀྱི་ དོན་ཚན་༡༡ སྐོར་ ཁ་གསལ་སྦེ་ གོ་བ་བརྡ་སྤྲོད་འབད་ཡི་ཟེར་ཨིནམ་ད་ དོན་ཚན་དང་འཁྲིལ་པ་ཅིན་ ཏམ་ཁུ་བཙོང་མི་ཆོག་ནི་དང་ ཕར་ཚུར་བཀྲམ་སྤེལ་འབད་ནི་ ཏམ་ཁུ་བཟོ་སྐྲུན་འབད་ནི་ ཏམ་ཁུ་འཛུགས་སྐྱོང་འཐབ་ནི་ དེའི་ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་ནི་ཚུ་ རྩ་བརྟན་ལས་ར་ མ་བཏུབ་ཨིན་ཟེར་ཨིནམ་ད་ གལ་སྲིད་ ལན་ལེན་འཐབ་ས་མཐོང་པ་ཅིན་ ཉོགས་བཤད་བཀོད་མི་དང་འཁྲིལ་ ཞིབ་དཔྱད་འབད་ནི་ཟེར་ཨིན་པས།
ད་ལས་ཕར་ སྡེ་ཚན་ཅིག་གིས་ ཚོང་ཁང་ཚུ་ནང་ ཞིབ་དཔྱད་འབད་དེ་ར་ སྡོད་འོང་ཟེར་ཨིནམ་ད་ གལ་སྲིད་ འཛིན་བཟུང་འབད་བ་ཅིན་ ཏམ་ཁུའི་ཉེས་ཁྲིམས་ དབྱེ་རིམ་༤ པ་དང་འཁྲིལ་ ལོ་༣ བཙོན་ཁྲིམས་བཀལ་ནི་ཟེར་ཨིན་པས།
འབྲུག་སྨྱོ་རྫས་ལས་སྡེ་ལས་ ཁྲིམས་སྲུང་འགག་པའི་འགོ་དཔོན་ བསོད་ནམས་གོང་འཛིན་གྱིས་ སླབ་མི་དང་འཁྲིལཝ་ད་ མི་སེར་ལུ་ ཏམ་ཁུའི་ཁྲིམས་ལུགས་ལེགས་ཤོམ་སྦེ་ གོ་བ་བརྡ་སྤྲོད་འབད་ཐོག་ལས་ ཕན་ཐབས་བཟོ་ནི་ཨིནམ་མ་ཚད་ མི་སེར་ལུ་ བྱ་སྟབས་མ་བདེ་བའི་དཀའ་ངལ་འབྱུང་མི་བཅུག་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ལས་རིམ་དེ་ལུ་ མི་སེར་ཚུ་ལས་ རྒྱབ་སྐྱོར་ལེགས་ཤོམ་བྱུང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༡ ལུ་ ཏམ་ཁུ་དང་ ཏམ་ཁུའི་ཐོན་སྐྱེད་རིགས་ ཚོང་འབྲེལ་འཐབ་མི་༩༢ དང་ སྤྱི་ལོ་༢༠༡༢ ལུ་ ༥༥ དེ་ལས་ སྤྱི་ལོ་༢༠༡༣ ལུ་ མི་༡༢ འཛིན་བཟུང་འབད་ཡོདཔ་ད་ ལོ་ཧེ་མམ་ཚུ་དང་ཕྱདཔ་ད་ ཚོང་འབྲེལ་འཐབ་མི་དེ་ མར་བབས་སོང་ཡོདཔ་ལས་ སྤྱི་ལོ་༢༠༡༡ ལས་ སྤྱི་ལོ་༢༠༡༣ གྱི་ནང་འཁོད་ གསང་བའི་ཐོག་ལས་ ཉོ་ཚོང་འཐབ་མི་༡༥༩ ཡོད་མིའི་གྲལ་ཁར་ ན་གཞོན་༣༠ ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment