གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་འདུས་དང་ རྩི་རང་གི་གཞུང་ལམ་ ད་རིས་དྲོ་པ་ལས་ ལོག་སྒོ་ཕྱེ་ནི།

༢༥/༧/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༢༣ གྱི་ ཕྱི་རུའི་ཆུ་ཚོད་༡༠ དེ་ཅིག་ལུ་ དབང་འདུས་ཕོ་བྲང་དང་ རྩི་རང་བར་ནའི་ གཞུང་ལམ་ཆད་མི་ལུ་བརྟེན་ ཁ་ཙ་ དྲོ་པའི་ཆུ་ཚོད་༤ དེ་ཅིག་ཚུན་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་མ་ཚུགས་པར་ ཐོགས་ལུས་མི་དེ་ ཉིན་མའི་ཆུ་ཚོད་༡ དེ་ཅིག་ལས་ ལོག་བཏང་ཡི།
དབང་འདུས་ཟམ་པ་ལས་ རྩི་རང་ཁ་ཐུག་ལུ་ ཀི་ལོ་མི་ཊར་༥ དེ་ཅིག་ཁར་ རིང་ཚད་ཕིཊ་༦ དེ་ཅིག་ བརྡིབ་སོ་མི་གཞུང་ལམ།


ཨིན་རུང་ ཁ་ཙ་ ཕྱི་རུའི་ཆུ་ཚོད་ཕྱེད་དང་༧ ལས་ ད་རུང་ སྣུམ་འཁོར་གྱི་རྒྱུན་འགྲུལ་ བཀག་བཞག་དགོཔ་བྱུང་ཡོདཔ་ད་ དེ་ཡང་ གཞུང་ལམ་གྱི་ལྟག་ལས་མར་ རྡོ་རྦོབ་རིལ་འོང་སྟེ་ འགྲུལ་པ་ཚུ་ལུ་ ཕོག་ནིའི་ཉེན་ཁ་ཡོད་ནི་དེ་གིས་ཨིན་པས།
གནམ་གཤིས་གནས་སྟངས་ ལེགས་ཤོམ་ཡོད་པ་ཅིན་ ད་རིས་ དྲོ་པའི་ཆུ་ཚོད་༦ དེ་ཅིག་ལས་ སྣུམ་འཁོར་ཚུ་ ཨ་རྟག་ག་ཨིནམ་སྦེ་ར་ ལོག་གཏང་ནི་ཨིན་པས།
ཉེན་ཁ་འབྱུང་ཉེན་ཡོད་པའི་ལམ་དེ་ དབང་འདུས་ཟམ་པ་ལས་ རྩི་རང་ཁ་ཐུག་ལུ་ ཀི་ལོ་མི་ཊར་༥ དེ་ཅིག་གི་ས་ཁར་ སྤུ་ན་གཙང་ཆུ་ལས་འགུལ་༡ པའི་ ཆུ་བྱག་བཟོ་སྐྲུན་འབད་སའི་ ས་ཁོངས་ནང་ཨིནམ་ད་ གཞུང་ལམ་དེ་ རིང་ཚད་ཕིཊ་༦ དེ་ཅིག་ བརྡིབས་སོ་ནི་དེ་གིས་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་མ་ཚུགས་པའི་ དཀའ་ངལ་བྱུང་ཡོདཔ་ཨིན་པས།
ལས་འགུལ་༡ པའི་ ཆུ་བྱག་བཟོ་སྐྲུན་གྱི་ལཱ་འབད་མི་ རྒྱ་གར་གྱི་ ཀེལ་ཨེན་ཊི་ལས་སྡེ་གིས་ ས་བརྐོ་འཕྲུལ་ཆས་ ཨེཀསི་ཀེ་བེ་ཊར་༢ བཙུགས་ཐོག་ལས་ ས་དོང་ནང་ རྡོ་རུག་ཚུ་བླུགས་ཏེ་ བཟོ་བའི་བསྒང་ཡོདཔ་ཨིན་པས།
གལ་སྲིད་ འཕྲོ་མཐུད་དེ་ར་ ས་རུད་ཆདཔ་ཆད་སར་ སྡོད་པ་ཅིན་ ས་ཁོངས་ནང་ཡོད་མི་ ལས་སྡེ་གི་ རྩི་ས་དང་ རྡོ་སླ་བསྲེ་མི་ འཕྲུལ་ཆས་ཚུ་དང་ ཆུ་བྱག་ལུ་ཡང་ གནོད་སྐྱོན་རྐྱབ་ནིའི་ ཉེན་ཁ་འདུག་ཟེར་ ལས་སྡེའི་འགོ་དཔོན་ཚུ་གིས་ སླབ་ཡོདཔ་ཨིན་པས།
ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཉེན་སྲུང་གི་དོན་ལུ་ ཕྱི་རུའི་ ཆུ་ཚོད་ཕྱེད་དང་༥ ལས་ ད་རིས་དྲོ་པའི་ཆུ་ཚོད་༦ ཚུན་ སྣུམ་འཁོར་གྱི་ རྒྱུན་འགྲུལ་བཀག་ཆ་འབད་མི་དེ་ལུ་ མི་མང་གིས་ ཐུགས་ཁར་བསྣམས་གནང་ཟེར་ཨིནམ་ད་ དེ་ཡང་ ཆརཔ་རྐྱབ་མི་ལུ་བརྟེན་ འཕྲལ་འཕྲལ་ར་ ལམ་ལྟག་ལས་མར་ རྡོ་འབུད་འོང་ནིའི་ ཉེན་ཁ་ཡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁ་ཙ་ཉིན་མ་ དབང་འདུས་དང་ ཀྲོང་གསར་གཞུང་ལམ་ཡང་ བསུབས་མི་ལུ་བརྟེན་ རྒྱུན་འགྲུལ་འཐབ་མི་ སྣུམ་འཁོར་ཚུ་ དུས་ཡུན་ཆུ་ཚོད་༤ དེ་ཅིག་གི་རིང་ ཐོགས་ལུས་ཡོད་རུང་ ལམ་བསལ་ཚུགས་ནི་དེ་གིས་ དཀའ་ངལ་སྦོམ་སྦེ་ར་ མ་བྱུངམ་ཨིན་པས།
གཞུང་ལམ་ཆད་སའི་ དབང་འདུས་ཕོ་བྲང་ལས་ ཀི་ལོ་མི་ཊར་༤༠ དེ་ཅིག་གི་ས་གནས་ ནོར་བུ་སྡིངས་ལུ་ ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment