གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ཕུན་སུམ་ཚོགས་པའི་ དོན་ཚན་༡༥ བསྐྱར་ཞིབ་འབད་དགོ་པའི་བཀའ་རྒྱ།

༢༤/༧/༢༠༡༣   ༉ འབྲུག་ཕུན་སུམ་ཚོགས་པ་གིས་ དོན་ཚན་༡༥ འབད་མི་གནད་དོན་ཚུ་བཀོད་ཐོག་ལས་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་སར་ ཕུལ་ཡོད་མི་དེ་ མི་དབང་མཆོག་གིས་ བཙག་འཐུ་ལྷན་ཚོགས་ལུ་ ཚུལ་མཐུན་གྱི་བསྐྱར་ཞིབ་འབད་དགོཔ་སྦེ་ གནང་མི་དེ་ ལྷན་ཚོགས་ཀྱིས་ད་ལྟོ་ ག་དེ་སྦེ་འབད་ནི་ཨིན་ན་ མ་ཤེས་པར་ཡོདཔ་ཨིན་པས།


མི་དབང་མངའ་བདག་རིན་པོ་ཆེའི་ཞབས་སར་བཅར་མི་ འབྲུག་ཕུན་སུམ་ཚོགས་པའི་འཐུས་མི་ཚུ་གིས་འབད་བ་ཅིན་ མི་དབང་མཆོག་གིས་ དོན་ཚན་༡༥ པོ་ག་ར་ བསྐྱར་ཞིབ་འབད་དེ་ དོན་ཚན་དེ་ཚུ་ག་ར་ ཞིབ་སེལ་འབད་འོང་ཟེར་ གསུངས་ཡོདཔ་ཨིན་ཟེར་ཨིན་པས།
ཁ་ཙ་ ཕྱི་རུའི་ཆུ་ཚོད་༥ ཚུན་ ཧེ་མ་ བཙག་འཐུ་ལྷན་ཚོགས་ལུ་ དོན་ཚོན་༡༥ པོ་དེ་ཚུ་ མི་དབང་མཆོག་ལས་ ལྷན་ཚོགས་ནང་ལྷོད་ཡོད་མེད་ ལྷན་ཚོགས་ཀྱི་ལྷན་འཛིན་སྤྱི་ཁྱབ་ལུ་དྲིས་བའི་སྐབས་ ལྷན་འཛིན་སྤྱི་ཁྱབ་དྲགོས་ཀུན་བཟང་དབང་འདུས་ཀྱིས་ གནད་དོན་དེ་གྱི་སྐོར་ལས་ ཁོ་གིས་ མི་ཤེས་ཟེར་ཨིན་པས།
དོན་ཚན་༡༥ ནང་ བཙག་འཐུའི་སྐབས་ ཚུལ་མིན་བྱུང་ཡོད་པའི་གནད་དོན་ དཔེར་ན་ མི་དབང་མངའ་བདག་རྒྱལ་པོའི་ ཡིག་ཚང་འགོ་དཔོན་ཚུ་གིས་ སྲིད་དོན་ནང་འབྲེལ་གཏོགས་ཀྱི་གནད་དོན་དང་ འགོ་དཔོན་ཚུ་གིས་ བཙག་འཐུའི་དུས་ཚོད་ཁར་ ས་ཆ་དང་ མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་སྐྱིད་སྡུག་ གནང་ཡོད་མི་ཚུ་ཡང་ བཀོད་ཡོདཔ་ཨིན་པས།
དེ་མ་ཚད་ དམངས་གཙོ་ཚོགས་པ་དེ་ མི་དབང་མངའ་བདག་རྒྱལ་པོའི་ ཚོགས་པ་ཨིནམ་སྦེ་ སླབ་ཡོད་མི་དང་ ཚོགས་པའི་འདེམས་ངོ་ལ་ལུ་ཅིག་གིས་ མི་དབང་མཆོག་གི་བཀའ་རྒྱ་ལྟར་དུ་ ཚོགས་པ་དེ་ནང་ འཛུལ་བཞུགས་འབད་ཡོདཔ་སྦེ་ སླབ་མི་ཚུ་ཡང་ བཀོད་ཡོདཔ་ཨིན་པས།
འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ ཁྲི་འཛིན་གྱིས་ མི་མང་ལུ་ དམངས་གཙོ་ཚོགས་པ་དེ་ རྒྱལ་བརྒྱུད་ཀྱི་དོན་ལུ་ གཞི་བཙུགས་འབད་ཡོདཔ་སྦེ་ སླབ་ཡོད་པའི་གནད་དོན་ཚུ་ བཀོད་ཡོདཔ་ད་ དམངས་གཙོ་ཚོགས་པ་གིས་ མི་དབང་མཆོག་གི་ ཁེ་དབང་ཨིན་མི་ ས་དང་ མི་ཁུངས་ཀྱི་སྐྱིད་སྡུག་གནང་ནི་དང་ དྲག་ཁག་གསུམ་ལུ་ དངུལ་ཕོགས་ཡར་སེང་གི་ ལོ་རྒྱུས་སླབ་ཡོད་མི་ཚུ་ཡང་ བཀོད་ཡོདཔ་ཨིན་པས།
གཞན་ཡང་ ཚོགས་རྒྱན་དང་འབྲེལ་བའི་གནད་དོན་དང་ དམག་སྡེའི་འགོ་དཔོན་ཚུ་ སྲིད་དོན་ནང་འབྲེལ་གཏོགས་འབད་ཡོད་མི་ཚུ་ དོན་ཚན་༡༥ གི་གྲལ་ཁར་བཀོད་ཡོད་པའི་ཁར་ ས་གནས་གཞུང་གི་འགོ་དཔོན་དང་ དམག་སྡེའི་འགོ་དཔོན་ཚུ་གིས་ཡང་ མི་མང་ལུ་ བསྐུལ་བསྒྲགས་འབད་བའི་གནད་དོན་ཚུ་ ཡོདཔ་ཨིན་པས།
ཚོགས་པའི་འཐུས་མི་ཚུ་གིས་འབད་བ་ཅིན་ བཙག་འཐུའི་སྐབས་ ངན་ལྷད་ཀྱི་གནད་དོན་ཚུ་ ད་ལྟོ་ལས་ཞིབ་དཔྱད་ཐོག་ དག་སེལ་མ་རྐྱབ་པ་ཅིན་ མ་འོངས་པའི་ནང་ དེ་བཟུམ་མའི་ བྱ་ངན་ལག་ལེན་འཐབ་སྲིད་ནི་ལུ་ སྤྲོ་བ་ལེན་མི་ལེ་ཤ་ འཐོན་ཉེན་ཡོད་ཟེར་ཨིནམ་མ་ཚད་ དེ་གིས་ དམངས་གཙོའི་རིང་ལུགས་ནང་ བྱ་སྟབས་མ་བདེ་བའི་ གནས་སྟངས་ལུ་ འགྱུར་ཉེན་ཡོད་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment