༢༣/༧/༢༠༡༣ ༉ ད་ལས་ཕར་ སྤུ་ན་ཁ་ འཕྲིན་ལས་སྒང་དང་ ཐིམ་ཕུ་བར་ནིའི་ གཞུང་ལམ་ཁར་ གེ་ཟ་མེ་བཏང་སྟེ་བཙོང་མི་ཚུ་གིས་ ལགཔ་འཚིག་ནི་དང་ དུ་པ་མིག་ཏོ་ཁར་འཛུལ་ནིའི་ དཀའ་ངལ་ཚུ་ མར་ཕབ་འབད་ཚུགས་པའི་ གོ་སྐབས་ཡོད་མི་དེ་ཡང་ འཕྲལ་ཁམས་ཅིག་ཁར་ གེ་ཟ་མེ་གཏང་ནིའི་ ལྕགས་ཐབ་ཅིག་ བཟོ་ནི་དེ་གིས་ཨིན་པས།
ལྕགས་ཐབ་དེ་ སྤ་རོ་ལུ་ཡོད་པའི་ སོ་ནམ་འཕྲུལ་ཆས་ལྟེ་བ་གིས་ བཟོ་བཀོད་འབད་བའི་ཤུལ་ལས་ དཔེ་སྟོན་གྱི་དོན་ལུ་ གེ་ཟ་ཚོང་འབྲེལ་འཐབ་མི་ཚུ་ལུ་ ལག་ལེན་འཐབ་བཅུག་དོ་ཡོདཔ་ཨིན་པས།
འདས་པའི་བདུན་མཐའ་ལུ་ ལྕགས་ཐབ་དེ་ འགྲེམས་སྟོན་བཟུམ་ཅིག་སྦེ་ འཕྲིན་ལས་སྒང་གི་མི་ཚུ་ལུ་ ལག་ལེན་འཐབ་ཐངས་དང་ དེའི་ཕན་པ་ཚུ་གི་སྐོར་ལས་ བཤད་བྱིན་པའི་སྐབས་ མི་ཚུ་གིས་ འཕྲུལ་ཆས་དེ་ལུ་ ངལ་རངས་བྱུང་རུང་ ཉོ་ནིའི་རེ་བ་ མ་བསྐྱེད་མི་དེ་ ལྕགས་ཐབ་རེ་ལུ་ གོང་ཚད་དངུལ་ཀྲམ་༥,༨༠༠ རེ་གནས་ནི་དེ་གིས་ཨིན་པས།
ལྕགས་ཐབ་དེ་ ལྕགས་ཐབ་བུ་ཁུ་རིའི་ དབྱིབས་བཟུམ་སྦེ་ཡོདཔ་བཞིན་དུ་ གཤམ་མ་ལས་ ཤིང་བཙུགས་ས་དང་ སྟེང་ཐོག་ལུ་ སྟབས་གཅིག་ཁར་ གེ་ཟ་༩ ཤོང་ཚད་ཀྱི་ ས་གོ་ཡོད་མི་དེ་ནང་ གེ་ཟ་དང་ ཐད་ཀར་དུ་ མེ་དང་གཅིག་ཁར་འབྲེལ་བ་འབད་དགོཔ་མེན་པར་ ལྕགས་ཀྱི་དྲོད་ཤུགས་ཀྱིས་ གེ་ཟ་འཚོ་བཏུབ་དོ་ཡོདཔ་ལས་ ཐལཝ་དང་ དུ་པ་རེག་དགོཔ་མེདཔ་ཨིན་པས།
ལྕགས་ཐབ་བཟོ་བཀོད་འབད་མི་ བཟོ་རིག་འགོ་དཔོན་ ཕུར་པ་གིས་ སླབ་མིའི་ནང་ ལྕགས་ཐབ་དེ་ལུ་བརྟེན་ ཤིང་ལག་ལེན་འཐབ་ནི་དེ་ མར་ཕབ་འབད་ཚུགས་པའི་ཁར་ གཟུགས་ཁམས་ལུ་ཡང་ དུ་པ་ལས་བརྟེན་ གནོད་སྐྱོན་རྐྱབ་ནི་ལས་ བཀག་ཚུགས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ས་གནས་ཀྱི་མི་ཚུ་གིས་ ལོ་ཐོག་གཞན་ལས་ གེ་ཟ་འཛུགས་སྐྱོང་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་པའི་སྐོར་ལས་ གསར་ཤོག་ཅིག་ནང་ལས་ ཤེས་རྟོགས་བྱུང་ནི་དེ་གིས་ ལྕགས་ཐབ་བཟོ་ནི་ འགོ་བཙུགས་ཅི་ཟེར་ཨིནམ་ད་ བཟོ་བཀོད་དེ་ ཕྱིའི་རྒྱལ་ལས་ཁབ་ནང་ལས་ དཔེ་ལྟ་ཡི་ཟེར་ཨིན་པས།
ད་ལྟོ་གནས་སྐབས་ཅིག་གི་དོན་ལུ་ ལྕགས་ཐབ་༢ ལག་ལེན་འཐབ་བཅུག་མི་དེ་ཡང་ ལྕགས་ཐབ་དེ་གིས་ ག་དེ་སྦེ་ ཕན་ཐོགས་འབྱུང་ཚུགས་གའི་སྐོར་ལས་ ལེགས་ཤོམ་སྦེ་ ཤེས་བཅུག་ནིའི་དོན་ལུ་ཨིན་པའི་ཁར་ ལྕགས་ཐབ་དེ་ དར་ཁྱབ་གཏང་ནིའི་ ཐབས་བྱུས་ཅིག་ཨིན་པས།
ས་གནས་ཀྱི་ ཞིང་པ་ཚུ་གིས་ སླབ་མིའི་ནང་ ལྕགས་ཐབ་དེ་ ལག་ལེན་འཐབ་ནི་ལུ་ འཇམ་ཏོང་ཏོ་འོང་ནི་ཨིན་པའི་ཁར་ རང་བཞིན་གནས་སྟངས་ལུ་ཡང་ གནས་སྐྱོན་ཉུང་ནི་ཨིན་རུང་ ད་ལྟོ་ མཁོ་སྒྲུབ་འབད་ཚུགས་པའི་ གོ་སྐབས་མི་མཐོངམ་མས་ཟེར་ཨིན་པས།
སྟོད་པའི་ས་དང་ བར་པའི་ས་རྒེད་འོག་གི་ མི་སེར་ཚུ་གིས་ ལོ་ཐོག་གེ་ཟ་ འཛུགས་སྐྱོང་འབད་ནི་ལུ་ གཙོ་བོ་བཏོན་མི་དེ་ཡང་ གེ་ཟ་ཚུ་ མེ་བཏང་ཞིནམ་ལས་ ཚོང་སྒྱུར་འཐབ་མི་དེ་གིས་ དངུལ་གྱི་འོང་འབབ་ལེགས་ཤོམ་སྦེ་ བཟོ་ཚུགས་ནི་དེ་གིས་ ཨིན་ཟེར་ཨིན་པས།
གཞུང་ལམ་གྱི་ཟུར་ཁར་ གེ་ཟ་མེ་བཏང་སྟེ་བཙོང་མི་ ཐེར་ཅུང་གིས་ སླབ་མིའི་ནང་ ཁོ་གིས་ ལོ་བསྟར་བཞིན་དུ་ གེ་ཟ་མེ་བཏང་སྟེ་ བཙོང་མི་ལུ་བརྟེན་ འོང་འབབ་དངུལ་ཀྲམ་༣༠,༠༠༠ དང་༤༠,༠༠༠ གི་བར་ན་ བཟོ་ཚུགས་པས་ཟེར་ཨིན་པས།
གེ་ཟ་མེ་བཏང་བཏངམ་ ཉོ་མི་ཚུ་ མང་ཤོས་ར་ གཞུང་ལམ་བདའ་སྟེ་ མི་མང་སྐྱེལ་འདྲེན་བཱསི་ཚུ་ནང་ འགྲོ་འགྲུལ་འབད་མི་དང་ སྒེར་འཁོར་ཚུ་ནང་ འགྲུལ་སྐྱོད་འབད་མི་ཚུ་ ཨིན་པའི་གནས་ཚུ
![]() |
གེ་ཟ་མེ་གཏང་ནིའི་དོན་ལུ་ ལྕགས་ཐབ་གསརཔ་བཟོ་མི་ཚུ་ འགྲེམས་སྟོན་འབད་བའི་བསྒང་། |

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།
No comments:
Post a Comment