གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དུས་ཅི་ དབྱར་རྩྭ་དགུན་འབུབ་ཀྱི་ སྤུས་ཚད་ལེགས་ཤོམ་མེདཔ།

༡༨/༧/༢༠༡༣   ༉ སྤྱིར་བཏང་བཙག་འཐུ་འབད་ཚར་བའི་ཤུལ་ལུ་ མི་སེར་ཚུ་གིས་ རང་སོའི་ལཱ་ཚུ་ འཕྲོ་མཐུད་འབད་ནི་འགོ་བཙུགས་མི་དང་འབྲེལ་ སྤྱི་ཟླ་༧ པའི་ཚེས་༡༦ ལུ་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་མི་༡༠༠ དེ་ཅིག་ བུམ་ཐང་ ཆོས་འཁོར་རྒེད་འོག་ལྟེ་བའི་ནང་ འཛོམས་ཡོདཔ་ཨིན་པས།
ཐིམ་ཕུ་དང་ དབང་འདུས་ཕོ་བྲང་ སྤ་རོ་ དེ་ལས་ བུམ་ཐང་ལས་ དབྱར་རྩྭ་དགུན་འབུབ་ཀྱི་ ཚོང་བསྒྱུར་འཐབ་མི་༡༦ གིས་ ཆོས་འཁོར་རྒེད་འོག་ལྟེ་བའི་ནང་ དུས་ཅི་གི་ དབྱར་རྩྭ་དགུན་འབུབ་ ཉོ་ནིའི་དོན་ལུ་ རིན་བསྡུར་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།



དབྱར་རྩྭ་དགུན་འབུབ་ཀྱི་ སྤུས་ཚད་ལེགས་ཤོམ་ཡོད་མི་དེ་ སྡེ་ཚན་ཀ་པ་དང་ ཁ་པ་ དེ་ལས་ བྱང་ཉེས་དེ་ ག་པ་སྦེ་ གོ་རིམ་བསྒྲིགས་ཏེ་བཞག་ཡོདཔ་ད་ དུས་ཅི་ བསྡུ་བསྒྱོམ་འབད་མི་ དབྱར་རྩྭ་དགུན་འབུབ་གི་ ཐོན་སྐྱེད་ལེགས་ཤོམ་མེདཔ་ལས་ ཧེ་མ་བཟུམ་སྦེ་ བསྡུ་བསྒྱོམ་འབད་མ་ཚུགསཔ་ཨིན་པས།
སྤུས་ཚད་ལེགས་ཤོམ་ཡོད་མི་ འབུབ་སྡེ་ཚན་ཀ་པ་དེ་ ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༦༨༥,༠༠༠ དང་ སྡེ་ཚན་ག་པ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༥༠,༠༠༠ ཨིན་པས།
གོང་ཚད་དང་ ཐོན་སྐྱེད་ཚུ་ ཧེ་མ་དང་ཕྱདཔ་ད་ ཡར་སེང་སོང་མ་སོང་ ཁ་ཙ་ རིན་བསྡུར་འབད་མི་དེ་གིས་ གཏན་འཁེལ་བཟོ་མི་ཚུགས་ཟེར་ཨིནམ་ད་ དེ་ཡང་ ནངས་པ་ལས་ ས་ཕྱོགས་གཞན་ སྲས་ཕུག་དང་སྒང་སྟོད་ འབུམ་བདེ་གླིང་ དེ་ལས་ ཐིམ་ཕུ་ཚུ་ནང་ཡང་ རིན་བསྡུར་འབད་ནིའི་ལས་རིམ་ཡོདཔ་ཨིན་པས།
དབྱར་རྩྭ་དགུན་འབུབ་དེ་ཡང་ ཀེ་བ་དང་ ཤ་མུ་བཟུམ་སྦེ་ མི་སྡེ་ནང་ འོང་འབབ་བཟོ་མི་ མ་དངུལ་ཅིག་ཨིནམ་ད་ དེ་ཡང་ དབྱར་རྩྭ་དགུན་འབུབ་ལས་ཐོབ་མི་ མ་དངུལ་དེ་གིས་ ལོ་གཅིག་ལང་ཚུགས་པའི་ རྒྱ་བསྐྱེད་ཚུ་ ཉོ་བཞགཔ་མ་ཚད་ དངུལ་ཀྲམ་ལ་ལུ་ཅིག་ བུ་ལོན་བཏབ་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༣༥ ལང་མི་ རིན་འཛིན་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ གོང་ཚད་དེ་ལུ་ ང་གི་ དབྱར་རྩ་དགུན་འབུབ་འདི་ ག་གིས་བཙོང་ནི་ཟེར་ཨིནམ་ད་ དེ་ཡང་ ད་རིས་ གོང་ཚད་ལེགས་ཤོམ་འཐོབ་ཚུགས་པའི་རེ་བ་བསྐྱེད་དོ་ཟེར་ཨིནམ་ད་ ཏི་རུ་འཐོབ་མི་དེ་ལས་ ཁྱིམ་ནང་གི་ ཅ་ཆས་དང་ རྒྱ་བསྐྱེད་ དེ་ལས་ བསྐྱིན་འགྲུལ་བཏབ་ནི་ཚུ་ཡོད་ཟེར་ཨིན་པས།
སྐྱེས་ལོ་༢༩ འབད་མི་ དབང་ཕྱུག་གིས་འབད་བ་ཅིན་ དུས་ཅི་ སྤུས་ཚད་ལེགས་ཤོམ་མེན་མི་ལུ་བརྟེན་ གོང་ཚད་ཚུ་ ཧེ་མ་བཟུམ་སྦེ་ ཐོབ་མི་ཚུགས་པས་ཟེར་ཨིནམ་ད་ དུས་ཅི་འགོ་དང་པ་ རྒེད་འོག་བདག་སྐྱོང་གིས་ རིན་བསྡུར་འབད་ནི་འགོ་བཙུགས་ཡོདཔ་ད་ ཧེ་མ་འབད་བ་ཅིན་ སོ་ནམ་ལྷན་ཁག་འོག་གི་ སོ་ནམ་དང་ཟ་སྤྱོད་ལས་འཛིན་གིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
སོ་ནམ་ཚོང་ལས་དང་མཉམ་འབྲེལ་ལས་ཚོགས་ཀྱི་མདོ་ཆེན་ རྡོ་རྗེ་དགྲ་འདུལ་གྱིས་འབད་བ་ཅིན་ སྤྱི་ལོ་༢༠༡༠ ཚུན་ ལས་ཁུངས་ཀྱིས་ སོ་ནམ་ཚུ་གི་དོན་ལུ་ རྒྱབ་སྐྱོར་བཟུམ་སྦེ་ དེ་སྦེ་ ཚོང་འབྲེལ་འཐབ་ཤེས་མི་མེདཔ་ལས་ འགོ་འདྲེན་འཐབ་ཡོད་རུང་ ད་ལས་ཕར་ ཚོང་འབྲེལ་འཐབ་ཤེས་ནིའི་དོན་ལུ་དང་ ཚོང་འབྲེལ་འབད་ནིའི་རིག་རྩལ་དང་ ཡོན་ཏན་འཐོབ་ནིའི་དོན་ལུ་ རྒེད་འོག་ལུ་ གོ་སྐབས་བྱིན་ཡི་ཟེར་ སླབ་ཨིན་པས།
དུས་ཅི་ལོ་ནང་ དབྱར་རྩྭ་དགུན་འབུབ་འཐུ་ནིའི་དོན་ལུ་ སྟང་དང་ ཆུ་སྨད་ དེ་ལས་ ཆོས་འཁོར་རྒེད་འོག་གི་ མི་སེར་༩༠༠ ལུ་ གནང་བ་སྤྲོད་ཡོདཔ་བཞིན་དུ་ སྤྱི་ཟླ་༥ པའི་ཚེས་༡༩ ལས་༢༨ ཚུན་ བསྡུ་བསྒྱོམ་འབད་དེ་ འགོ་ཐོག་བཙག་འཐུའི་ནང་ ལོག་ལྷོད་ཡོདཔ་ད་ སྤྱི་ཟླ་༧ པའི་ཚེས་༢༤ ཚུན་ ད་རུང་ འབུབ་འཐུ་བར་ སོང་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་བྲིས་ལས་བྱེདཔ།

No comments:

Post a Comment