གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་མེའི་སྤྱོད་འཐུས་ཡར་སེང་གི་གྲོས་གཞི་ལུ་ བསྐྱར་ཞིབ་འབད་ནི།

༢༠/༧/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༡༨ ལུ་ གློག་མེའི་སྤྱོད་འཐུས་ཡར་སེང་འབད་བའི་སྐོར་ལས་ མི་མང་ ཚོང་མགྲོན་པ་མང་ཤོས་ཅིག་གིས་ དྲིས་བཀོད་འབད་བའི་ མཐོང་གསལ་བྱུང་ཡོདཔ་ཨིན་པས།
འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་ འབྲུག་གློག་མེ་ལས་འཛིན་གྱིས་ གྲོས་གཞི་བཙུགས་མི་ལྟར་དུ་ ཆ་འཇོག་གྲུབ་སོ་པ་ཅིན་ རྒྱལ་ཁབ་ནང་གི་ བཟོ་གྲྭ་འཕྲུལ་ཁང་གི་ ཚོང་འབྲེལ་བ་ཕྱེད་ཀ་དེཅིག་ སྒོ་བསྡམ་དགོཔ་འབྱུང་ནི་ཨིན་མས་ཟེར་ ཞལ་འཛོམས་འཚོགས་སའི་ཕྱི་ཁར་ ཚོང་མགྲོན་པ་ཚུ་ ལོ་རྒྱུས་སླབ་སར་མཐོང་ཡོདཔ་ཨིན་པས།



ཞལ་འཛོམས་དེ་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ གསལ་སྟོན་འབད་བའི་ཤུལ་ལུ་ དྲིས་བཀོད་ཀྱི་ལས་རིམ་ཚུ་ཡོད་པའི་ཁར་ མི་མང་དང་ ཚོང་མགྲོན་པའི་འཐུས་མི་ཚུ་གིས་ འགོ་བཙུགས་པའི་སྐབས་ལས་ར་ དོགས་ཟོན་བསྐྱེད་དགོཔ་བྱུང་ཡོདཔ་ཨིན་པས།
ཞལ་འཛོམས་ཁང་ནང་ ལོ་རྒྱུས་བྱུང་མི་ཚུ་ སྒྲ་བཟུང་འབད་ཐོག་ལས་ དགོས་མཁོ་བྱུང་པ་ཅིན་ ཁྲིམས་ལུགས་དང་འཁྲིལ་ལག་ལེན་འཐབ་ནི་ཨིན་ཟེར་ འབྲུག་གློག་མེ་དབང་འཛིན་གྱི་ ཁྲི་འཛིན་གྱིས་ཞལ་འཛོམས་འགོ་མ་བཙུགས་པའི་ཧེ་མར་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
ཞལ་འཛོམས་ཀྱི་སྐོར་ལས་ བརྡ་བརྒྱུདཔ་ཚུ་གིས་ པར་བཏབ་ནི་ལ་སོགས་པ་ཚུ་ ག་ནི་ཡང་ འབད་ཐག་མི་ཆོད་ཟེར་ཨིན་པས།
ཞལ་འཛོམས་ཀྱི་སྐབས་ལུ་ འབྲུག་གློག་མེ་ལས་འཛིན་གྱིས་ གསལ་བཤད་འབད་ཚར་བའི་ཤུལ་ལུ་ ཡར་སེང་འབད་དགོ་པའི་སྐོར་ལས་ དྲི་བ་ཚུ་ ལེ་ཤ་ཅིག་ར་བཀོད་ཡོདཔ་ཨིན་པས།
འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ཡོངས་ཁྱབ་དྲུང་ཆེན་ ཕུརཔ་ཚེ་རིང་གིས་ སླབ་མིའི་ནང་ གྲོས་གཞི་ལྟར་དུ་འབད་བ་ཅིན་ དཔག་བསམ་ཁ་ལུ་ བཟོ་གྲྭ་འཕྲུལ་ཁང་༤༢ ཡོད་མི་ལས་ འཕྲུལ་ཁང་༥ དང་༦ གིས་མ་གཏོགས་ ཡུན་བརྟན་སྦེ་གནས་མི་ཚུགས་ནི་དང་ གཞན་མི་ཚུ་ སྒོ་བསྡམ་དགོཔ་འབྱུང་འོང་ཟེར་ཨིན་པས།
བཟོ་གྲྭའི་ཇོ་བདག་མིང་སླབ་མ་བཏུབ་མི་གིས་འབད་བ་ཅིན་ དངུལ་ཁང་དང་ ཁོ་རའི་ལས་བྱེདཔ་ཚུ་ལུ་ གལ་སྲིད་ སྤྱོད་འཐུས་དེ་ ཆ་འཇོག་ཡར་སོཔ་འདྲཝ་འབད་བ་ཅིན་ འཕྲུལ་ཁང་དེ་ སྒོ་བསྡམ་ནི་ཨིན་ཟེར་སླབ་སྟེ་ གྲ་སྒྲིག་སྦེ་སྡོད་ཡོད་ཟེར་ཨིན་པས།
སྤྱོད་འཐུས་ཡར་སེང་འབད་ནིའི་འཆར་གཞི་དེ་ཡང་ དཔག་བསམ་ཁ་ལུ་ཡོད་པའི་བཟོ་གྲྭ་ གློག་ཤུགས་ཆེ་འབྲིང་ཆུང་གསུམ་ལུ་ བརྒྱ་ཆ་༡༠༠, ༩༩, ༣༨ སྦེ་ ཡར་སེང་འབད་ནི་ཨིན་པས།
གློག་མེ་ཆུང་རིམ་སྡེ་ཚན་ལས་སྤྱོད་མི་ནང་ཚུད་མི་དེ་ ཁྱིམ་གུང་པ་དང་ གནམ་དགུན་ལུ་སྤྱོད་མི་གློག་འཐུས་ཚུ་དང་འདྲ་མཉམ་སྦེ་ གནམ་བྱཱར་ལུ་ སྤྱོད་འཐུས་བཏབ་དགོ་ནི་ཨིན་པས།
གློག་ཤུགས་འབྲིང་མ་སྤྱོད་མི་ཚུ་གིས་ཟླ་རིམ་ལུ་ སྤྱོད་འཐུས་ཐེབས་ དངུལ་ཀྲམ་༦༦༢,༠༧༢ དང་ ཆེ་བ་སྤྱོད་མི་ལུ་ ཟླ་རིམ་དངུལ་ཀྲམ་ས་ཡ་༡.༣ ཐེབས་སྤྲོད་དགོ་ནི་ཨིན་པས།
རྒྱ་ནག་གིས་ རྒྱ་གར་ལུ་ རྒྱ་ཆེཝ་སྦེ་ར་ ཚོང་འབྲེལ་འཐབ་མི་ལུ་བརྟེན་ བཟོ་གྲྭ་འཕྲུལ་ཁང་ཚུ་གིས་ ཁེ་སང་ཆུང་ཀུ་རེ་མ་གཏོགས་བཟོ་མི་ཚུགས་དོ་ཡོདཔ་ལས་ སྤྱོད་འཐུས་ཡར་སེང་འབད་བ་ཅིན་ འཕྲུལ་ཁང་སྒོ་བསྡམ་ནི་ལས་བརྒལ་ ཐབས་ལམ་གཞན་ག་ནི་ཡང་ མེད་ཟེར་ ཚོང་མགྲོན་པ་ཅིག་གིས་སླབ་ཨིན་པས།
ང་བཅས་འབྲུག་རྒྱལ་ཁབ་ནང་ འཕྲུལ་ཁང་ཚུ་ལུ་ གོ་སྐབས་དང་ ཐབས་ལམ་ཟེར་རུང་ གློག་མེ་རྐྱངམ་གཅིག་ཨིནམ་ལས་ གཞན་མིའི་ཁ་ཐུག་ལས་འབད་བ་ཅིན་ བཟོ་གྲྭ་འཕྲུལ་ཁང་ལག་ལེན་འཐབ་ནི་དེ་ ཟད་འགྲོ་སྦོམ་གནསཔ་མས་ཟེར་ཨིན་པས།
ཚོང་པ་གཞན་ཅིག་གིས་སླབ་མིའི་ནང་ གལ་སྲིད་ གྲོས་གཞི་དེ་ ཆ་འཇོག་འབད་བ་ཅིན་ དཔལ་འབྱོར་ལུ་ཡང་ ཐོ་ཕོག་ནི་ཨིན་མི་དེ་ཡང་ དཔག་བསམ་ཁའི་འཕྲུལ་ཁང་གིས་ མི་སེར་༦༠,༠༠༠ ལྷགཔ་ཅིག་ལུ་ འཚོ་སྐྱོང་གི་རྒྱབ་སྐྱོར་ཚུ་འབད་དེ་ཡོད་ཟེར་ཨིན་པས།
འཐུས་མི་ལ་ལུ་ཅིག་གིས་འབད་བ་ཅིན་ སྤྱོད་འཐུས་ཡར་སེང་འབད་མི་གིས་ དཔལ་འབྱོར་གྱི་ ཚད་གཞིའི་གནས་ཚད་ཡར་སེང་འགྱོ་ནི་ཨིན་མི་དེ་ཡང་ སྒྲིང་ཁྱིམ་རྐྱབ་ནིའི་དོན་ལུ་ རྩི་ས་དང་ ལྕགས་རིགས་ཚུ་ག་ར་ གློག་མེ་ལུ་བརྟེན་བཟོ་བཅོས་འབད་དགོཔ་ལས་ འདི་ཚུ་གི་གོང་ཚད་ཡང་ ཡར་སེང་འགྱོ་ནི་ཨིནམ་ལས་ ཁྱིམ་རྐྱབ་ནི་ལུ་ཡང་ ཐོ་ཕོག་འོང་ཟེར་ཨིན་པས།
འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་ འབྲུག་གློག་མེ་ལས་འཛིན་གྱིས་ གྲོས་གཞིའི་ནང་དོགས་སེལ་འབད་ཡོད་མི་དེ་ཡང་ རྒྱལ་ཁབ་ནང་འཁོད་ལུ་ གནམ་དགུན་གྱི་སྐབས་ལུ་ གློག་ཤུགས་ཀྱི་ཚད་གཞི་མར་འབབ་འགྱོ་ནི་དང་ རྒྱལ་ཁབ་ནང་དགོས་མཁོ་མང་སུ་ཐོན་མི་ལུ་བརྟེན་ཨིན་ཟེར་ ཡོདཔ་ཨིན་པས།
འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲགོས་ཚེ་དབང་རིག་འཛིན་གྱིས་ སླབ་མིའི་ནང་ ལས་སྡེ་འདི་ དངུལ་ཀྲམ་དུང་ཕྱུར་༦༠ གི་གནས་རིམ་ཨིནམ་ལས་ བགོ་བཤའ་དངུལ་ཀྲམ་དུང་ཕྱུར་༣ སྤྲོད་མི་ལུ་བརྟེན་ ལས་སྡེའི་རྒྱ་ཚད་དང་བསྟུན་ འབྲེལ་གཏུགས་འབད་དགོཔ་ཡོད་ཟེར་ཨིན་པས།
འབྲུག་གློག་མེ་ལས་འཛིན་གྱི་འཛིན་སྐྱོང་མདོ་ཆེན་ བཱ་རཏ་ཏ་མང་གིས་ སླབ་མིའི་ནང་ ལས་སྡེ་གིས་ ཚོང་འབྲེལ་ནང་ ཚ་གྱང་འདྲ་མཉམ་འབག་དགོཔ་ཡོདཔ་ལས་ ལས་འཛིན་དེ་ ཚོང་འབྲེལ་ལས་སྡེ་འབད་ནི་དེ་གིས་ འོང་འབབ་དང་ གནས་གོང་ཡར་སེང་ དེ་ལས་ ལག་ལེན་དང་ རྒྱུན་སྐྱོང་འབད་ནི་ཚུ་ལུ་ཡང་བལྟ་དགོཔ་ཡོད་ཟེར་ཨིན་པས།
ཚོང་འབྲེལ་ལས་སྡེ་གིས་  འབྲུག་གློག་མེ་དབང་འཛིན་ལུ་ ད་རིས་ཡང་བསྐྱར་དུ་  གསལ་བཤད་ལོགས་སུ་འབད་ནི་ཨིནམ་ད་ དབང་འཛིན་གྱིས་ གྲོས་གཞི་འདི་ལུ་ ཆ་འཇོག་དང་ བདེ་སྒྲིག་ བདེ་མཉམ་བཟོ་ཐོག་ལས་ ཆ་འཇོག་འབད་དོན་ལུ་ གཞུང་སྐྱོང་ལུ་ ཕུལ་ནི་ཨིན་པས།
ད་ལྟོ་བཙག་འཐུ་གྲུབ་མི་ དམངས་གཙོ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ནང་ གྲོང་གསེབ་གཡུས་སྒོ་ཚུ་ནང་གློག་མེ་སྟོང་མར་བགོ་བཀྲམ་འབད་ནི་ཟེར་ཡོད་པའི་ཁར་ གློག་མེ་སྤྱོད་འཐུས་ཡར་སེང་འབད་ནིའི་གྲོས་གཞི་ལུ་ བསྐྱར་ཞིབ་འབད་ནི་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment