གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཁོར་ལམ་རྒྱུན་སྐྱོང་འཐབ་རུང་ ལེགས་འགྱུར་མེདཔ།

༢༢/༧/༢༠༡༣   ༉ དུས་ཅི་ སྤྱི་ཟླ་༣ པའི་ནང་ བུམ་ཐང་དབང་དུས་ཆོས་གླིང་དང་ བདེ་གླིང་གི་ས་ཁོངས་ཀྱི་ འཁོར་ལམ་ཚུ་ རྒྱུན་སྐྱོང་འཐབ་ཡོདཔ་ཨིན་རུང་ ལོག་སྟེ་ར་ ལམ་གྱི་སྦུག་ལུ་ དོང་ཐོན་མི་དེ་གིས་ སྣུམ་འཁོར་ནང་ འགྲོ་འགྲུལ་འབད་མི་འགྲུལ་པ་ཚུ་ལུ་ དཀའ་ངལ་བྱིན་དོ་ཡོདཔ་ཨིན་པས།
འཁོར་ལམ་བདའ་སྟེ་ དོང་ཐོན་མི་ཚུ་ནང་ ས་དང་བྱེམ་བཀང་ཡོདཔ་ཨིན་པས།


དབང་འདུས་ཆོས་གླིང་ལུ་ཡོད་མི་ ལུང་ཕྱོགས་འོང་འབབ་དང་ཅ་དམ་ཡིག་ཚང་གི་ གདོང་ཁའི་འཁོར་ལམ་དེ་ ཚར་གཉིས་རྒྱུན་སྐྱོང་འབད་ཡོདཔ་ཨིན་པས།
ལམ་སེལ་ལས་ཁུངས་ཀྱིས་ ལམ་གྱི་སྦུག་ལུ་ཐོན་ཡོད་མི་ ཧོ་ཀ་ཚུ་ནང་ བྱེམ་བླུགས་ཡོདཔ་ཨིན་རུང་ ཆརཔ་རྒྱུན་མ་ཆད་པར་ རྐྱབ་མི་དང་ སྣུམ་འཁོར་འགྲོ་འགྲུལ་འབད་མི་ མང་ནི་དེ་གིས་ ལོག་སྟེ་ར་ ཧོ་ཀ་ཐོན་དོ་ཡོདཔ་ཨིན་པས།
ས་གནས་ནང་སྡོད་མི་ཚུ་ ལཱ་འབད་བར་འགྱོ་ནི་གི་དོན་ལུ་ ཨ་རྟག་ར་ འཁོར་ལམ་དེ་ ལག་ལེན་འཐབ་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལམ་གྱི་གནས་སྟངས་དེ་ ནམ་ཡང་ ཡར་དྲག་འགྱོ་སར་ མ་མཐོང་ཟེར་ཨིན་པས།
ལུང་ཕྱགས་འོང་འབབ་དང་ཅ་དམ་ཡིག་ཚང་གི་ སྦོ་ལོགས་ཁ་ལས་ཕར་ སྡོད་ཁྱིམ་དང་ བཟའ་ཁང་ཚུ་ཡོདཔ་བཞིན་དུ་ དེ་ནང་སྡོད་མི་ མིའི་ སྣུམ་འཁོར་ཚུ་ ས་ཁོངས་ནང་བཀག་བཞག་པའི་སྐབས་ ཆརཔ་རྐྱབ་ད་ འགྲུལ་འཁོར་ཚུ་གིས་ གཞན་མི་སྣུམ་འཁོར་བཀག་བཞག་མི་གུ་ ཆུ་ཁམས་ལོག་སི་སི་ཚུ་ གཏོར་འགྱོ་དོ་ཡོདཔ་ཨིན་པས།
ཞི་གཡོགཔ་ཅིག་ཨིན་མི་ རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འགྲུལ་འཁོར་ལམ་དེ་ ལོག་ཅི་ལོག་ཅི་ར་ རྒྱུན་སྐྱོང་འབད་ནི་མེན་པར་ དེ་ནང་ ཟད་འགྲོ་ལེགས་ཤོམ་སྦེ་བཏང་ཐོག་ལས་ བཟོ་བའི་བསྒང་ལས་ར་ ལེགས་ཤོམ་སྦེ་བཟོ་བ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་བྱེདཔ་ཚུ་གིས་ དེ་ནང་ལཱ་འབད་བའི་སྐབས་ རྩི་གནག་ཉུང་སུ་ཅིག་ལས་བརྒལ་ བླུགས་སར་མི་མཐོང་མས་ཟེར་ཨིནམ་ད་ དེ་གིས་ ཕན་མི་ཐོགས་ནི་བཟུམ་ཅིག་མཐོངམ་མས་ཟེར་ རྡོ་རྗེ་གིས་ བཤདཔ་ཨིན་པས།
བདེ་སྐྱིད་གླིང་ལུ་ སྡོད་མི་ཅིག་གིས་འབད་བ་ཅིན་ ལམ་གྱི་གནས་སྟངས་དེ་ ལེགས་ཤོམ་མེད་པར་ ཧ་ལམ་ཅིག་སོངཡི་ཟེར་ཨིནམ་ད་ འཕྲལ་འཕྲལ་སྦེ་ར་ རྒྱུན་སྐྱོང་འཐབ་མི་དེ་ གྲུབ་འབྲས་ཅན་ཅིག་ མི་མཐོངམ་མས་ཟེར་ཨིན་པས།
མི་སེར་ལ་ལུ་ཅིག་གིས་འབད་བ་ཅིན་ དེ་བཟུམ་མའི་ འཁོར་ལམ་གྱི་གནས་སྟངས་དེ་ བུམ་ཐང་སྐུ་རྗེས་ལྷ་ཁང་དང་ བྱམས་པ་ལྷ་ཁང་འཇལ་བར་འོང་མི་ ལྟ་བཤལཔ་ཚུ་གི་དོན་ལས་ཡང་ ལེགས་ཤོམ་མེདཔ་ལས་ ལྟ་བཤལ་ས་ཁོངས་ནང་ འོང་ནི་དེ་ཡང་ མར་འབབ་འགྱོ་ནི་བཟུམ་ཅིག་ འདུག་ཟེར་ཨིན་པས།
པདྨ་ལྷ་སྒྲོན་གྱིས་ བཤད་མི་དང་འཁྲིལཝ་ད་ གནམ་བྱཱར་གྱི་དུས་ཚོད་ལུ་ ཆརཔ་རྐྱབ་པའི་སྐབས་ ལམ་གྱི་སྦུག་ལུ་ཡོད་མི་ ཧོ་ཀ་ཚུ་ ཆར་པའི་ཆུ་གིས་གངམ་ད་ སྣུམ་འཁོར་དེད་གཡོགཔ་ཚུ་གིས་ ལེགས་ཤོམ་མ་མཐོང་པར་ རྐང་འགྲུལ་འབད་མི་ཚུ་ལུ་ ཆར་པའི་ཆུ་ཚུ་ གཏོར་བྱིནམ་མས་ཟེར་ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་བཀོད་ཁྱབ་འགོ་དཔོན་འོགམ་ སངས་རྒྱས་རྡོ་རྗེ་གིས་འབད་བ་ཅིན་ ས་ཁོངས་དེ་ནང་གི་ ལམ་གྱི་དཀའ་ངལ་དེ་ ཧེ་མ་ལས་ར་ ལེགས་ཤོམ་ཅིག་མེད་པར་ འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྣུམ་འཁོར་ལམ་དེ་གི་འོག་ལས་ ཆུ་འཁྱིལ་ཏེ་ཡོད་མི་ལུ་བརྟེན་ ལམ་གུ་རྩི་ནག་ག་དེམ་ཅིག་བཏང་རུང་ ཁུངས་མེདཔ་འགྱོཝ་མས་ཟེར་ཨིན་པས།
སངས་རྒྱས་རྡོ་རྗེ་གིས་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ ཆུ་འཁྱིལ་ཏེ་སྡོད་མི་ཚུ་ ཐོན་འགྱོ་སའི་གཡུར་བ་ཅིག་ བཟོ་ཡོདཔ་ལས་ དེ་གིས་ ཕན་ཐོགས་ནི་བཟུམ་ཅིག་འདུག་ཟེར་ཨིན་པས།
དེ་མ་ཚད་ ད་ལྟོ་ཐོན་ཡོད་མི་ ལམ་གྱི་སྦུག་གི་ཧོ་ཀ་ཚུ་ ཆར་ཆུའི་དུས་ཚོད་ རྫོགས་ཞིནམ་ལས་རྐྱངམ་གཅིག་ བཟོ་ཚུགས་ནི་མས་ཟེར་ཨིན་པས།
ལམ་ལེགས་བཅོས་འབད་མི་ ཁག་འབགཔ་དེ་གིས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ རྒྱུན་སྐྱོང་ཚར་གཉིས་འབད་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment