གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རིས་ཕྱི་རུ་ལས་ ཕུན་ཚོགས་གླིང་གི་ ས་མཚམས་སྒོ་ར་བསྡམ་ནི།

༢༤/༧/༢༠༡༣   ༉ ཕུན་ཚོགས་གླིང་དྲུང་ཁག་བདག་སྐྱོང་གིས་ ད་རིས་ཕྱི་རུའི་ཆུ་ཚོད་༦ ལས་འགོ་བཙུགས་ སྤྱི་ཟླ་༧ པའི་ཚེས་༢༦ གི་དྲོ་པའི་ཆུ་ཚོད་༦ ཚུན་ཚོད་ ཕུན་ཚོགས་གླིང་གི་ ས་མཚམས་སྒོ་ར་དང་ རྐང་འགྲུལ་པའི་སྒོ་ར་གཉིས་ཆ་ར་ བསྡམས་ཐོག་ལས་ སྣུམ་འཁོར་དང་ མི་ཚུ་གི་ འགྲུལ་སྐྱོད་བཀག་དམ་འབད་ནི་ཨིན་པས།
རྒྱ་གར་ཨ་སཱམ་ལུ་ ཁ་ཙ་ལས་ འགོ་བཙུགས་ཏེ་ དུས་ཡུན་ཆུ་ཚོད་༣༦ གི་རིང་ ངོ་རྒོལ་འགྲེམ་སྟོན་འབད་མི་ལུ་བརྟེན་ ས་མཚམས་བརྒྱུད་དེ་ འགྲུལ་སྐྱོད་འབད་མི་ མི་མང་སྐྱེལ་འདྲེན་བཱསི་དང་ སྣུམ་འཁོར་གཞན་ཚུ་ ཐོགས་ལུས་ཡོད་པའི་གནས་ཚུལ།


འགྲུལ་བསྐྱོད་བཀག་དམ་འབད་དགོ་མི་དེ་ཡང་ རྒྱ་གར་ནུབ་བེང་གཱལ་མངའ་སྡེའི་འོག་ལུ་ ཇཱལ་པའི་གུ་རུ་རྫོང་ཁག་ནང་ པཱན་ཅ་ཡཱཊ་ཟེར་མི་ ས་གནས་གཞུང་གི་ བཙག་འཐུའི་སྐབས་ གནོད་ཉེན་མི་འབྱུང་གི་ ཐབས་ཤེས་ལུ་ཨིན་པས།
དྲུང་ཁག་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཇཱལ་པའི་གུ་རུ་རྫོང་ཁག་བདག་སྐྱོང་ཡིག་ཚང་ལས་ སྤྱི་ཟླ་༧ པའི་ཚེས་༢༥ ལུ་ ཚོགས་རྒྱན་གྱི་ཉིན་མར་ འབྲུག་མི་ཚུ་ ནུབ་བེང་གཱལ་རྫོང་ཁག་ནང་འཁོད་ལུ་ འགྲོ་འགྲུལ་འབད་ནི་ འཛེམ་དགོ་པའི་སྐོར་ གཞུང་འབྲེལ་ཡི་གུ་ཅིག་ ལྷོད་པའི་ཤུལ་ལས་ ས་མཚམས་ཀྱི་ སྒོ་ར་ཚུ་ བསྡམ་བཞག་ནི་སྦེ་ གྲོས་ཐག་བཅད་ཅི་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment