གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབྱར་རྩྭ་དགུན་འབུབ་ཀྱི་སྤུས་ཚད་ བརྟག་དཔྱད་ངེས་གཏན་མེདཔ།

༢༥/༧/༢༠༡༣   ༉ དབྱར་རྩྭ་དགུན་འབུབ་དེ་ གོང་ཚད་སྦོམ་གནས་མིའི་ རྒྱུ་དངོས་ཅིག་ཨིན་རུང་ འབུབ་ཀྱི་སྤུས་ཚད་བརྟག་དཔྱད་དེ་ འཕྲུལ་རིགས་དང་ ཚན་རིག་གི་ཐོག་ལས་ འབད་ནིའི་ལམ་ལུགས་མེདཔ་ལས་ ད་ལྟོ་བར་ན་ཡང་ འབུབ་ཀྱི་ཆེ་ཆུང་དང་ བཟོ་དབྱིབས་ དེ་ལས་ ཁ་མདོག་ལུ་བལྟ་སྟེ་ གོང་ཚད་བཀོད་དོ་ཡོདཔ་ཨིན་པས།
དབྱར་རྩྭ་དགུན་འབུབ་འཐུ་མི་ ཨམ་སྲུ་ཚུ་ལུ་ ཏི་རུ་སྤྲོད་པའི་བསྒང་།


དེ་བཟུམ་གྱི་ལམ་ལུགས་དེ་ གོང་ཚད་འགྲན་བསྡུར་འབད་བའི་སྐབས་ ནགས་ཚལ་དང་ འབྲུག་བཟའ་སྤྱོད་དང་ ཁྲིམས་དོན་དབང་འཛིན་ སོ་ནམ་ཚོང་འབྲེལ་དང་ མཉམ་ལས་ཚོགས་སྡེ་ རྒེད་འོག་བདག་སྐྱོང་ དེ་ལས་ ཉོ་མི་སྡེ་ཚན་ལས་ འཐུས་མི་ཅིག་ཡོད་མི་ ཚོགས་ཆུང་གིས་ འབད་དོ་ཡོདཔ་ད་ དེ་བསྒང་ ཚོགས་ཆུང་གིས་ འབུབ་སྤུངས་བཞག་མི་དེ་ ལྟ་ཞིབ་ཐོག་ལས་ དབྱེ་བསལ་འབད་མི་ལས་ རབ་འབྲིང་ཐ་མ་གསུམ་གྱི་སྤུས་ཚད་སྦེ་ བཏོནམ་ཨིན་པས།
གོང་ཚད་རིན་བསྡུར་འབད་བའི་སྐབས་ ཚོགས་ཆུང་གིས་ གོང་ཚད་ཉུང་ཤོས་ཀྱི་ཚད་གཞི་ བཟོ་མའི་ཐོག་ལུ་ ཉོ་མི་ཚུ་གིས་ གོང་ཚད་རིན་བསྡུར་འབད་དོ་ཡོདཔ་བཞིན་དུ་ དཔེ་འབད་བ་ཅིན་ འདས་པའི་བདུན་ཕྲག་ནང་ སྲས་ཕུག་རྒེད་འོག་ནང་ དབྱར་རྩྭ་དགུན་འབུབ་རབ་ཀྱི་ རིན་བསྡུར་འབདཝ་ད་ ཉུང་ཤོས་གོང་ཚད་ དངུལ་ཀྲམ་འབུམ་༦ ལས་འགོ་བཙུགས་ དངུལ་ཀྲམ་༡,༡༠༡,༠༠༠ ཚུན་ ལྷོད་མི་དེ་ཡང་ གོང་ཚད་དེ་ ཚོགས་ཆུང་གིས་ བཟོ་མིའི་ཐོག་ལུ་ཨིན་པས།
རིན་བསྡུར་འབད་བའི་སྐབས་ འབུབ་ཀྱི་གོང་ཚད་ལུ་ ཁྱད་པར་སྦོམ་ཐོན་དོ་ཡོདཔ་ད་ དེ་ཡང་ རབ་ཀེ་ཇི་༡ ལུ་ དངུལམ་ཀྲམ་༡༡,༠༡,༠༠༠ དེ་ཅིག་གནས་རུང་ འབྲིང་གིས་ དངུལ་ཀྲམ་༨,༢༡,༠༠༠ དེ་ལས་ ཐ་མ་གིས་ ཀེ་ཇི་རེ་ལུ་དངུལ་ཀྲམ་༣,༥༣,༠༠༠ གནས་མི་ཚུ་ ཐོན་སྐྱེད་དེ་ ས་གནས་ཅིག་ལས་འབད་རུང་ ཁྱད་པར་ཆགསཔ་མས་ཟེར་ཨིན་པས།
སྲས་ཕུག་ལས་ འཕྲིན་ལས་ཀྱིས་སླབ་མིའི་ནང་ ཁོ་གིས་ འབུབ་འཐུ་སྟེ་ ལོ་བཅུ་ཕྲག་༡ དེ་ཅིག་སོང་རུང་ འབུབ་ཀྱི་སྤུས་ཚད་ལུ་ ཁྱད་པར་ཞུགས་མི་དེ་ ག་ཅིག་ལུ་བརྟེན་ཨིན་ན་ ད་ལྟོ་བར་ན་ཡང་ ཧ་གོ་མ་ཚུགསཔ་ལས་ རང་སོའི་བསོད་ནམས་ལུ་ རག་ལས་དོ་ཡོད་པའི་ མནོ་བསམ་བཏང་དོ་ཟེར་ཨིན་པས།
སྤུས་ཚད་བལྟ་བའི་སྐབས་ གཞི་བཞག་ས་གཏན་གཏན་ཅིག་མེད་རུང་ ད་ལྟོའི་བར་ན་ ཚོང་འབྲེལ་དེ་ ཚོགས་ཆུང་གིས་ སླབ་མིའི་ཐོག་ལུ་ར་ འབད་དོ་ཡོདཔ་ཨིན་པས།
འབུབ་ཉོ་མི་ཚུ་གིས་འབད་རུང་ སྤུས་ཚད་དེ་ འབུབ་ཀྱི་བཀྱག་དང་ ཆེ་ཆུང་ དེ་ལས་ རིང་ཐུང་ལུ་བལྟ་དོ་ཟེར་ཨིནམ་བཞིན་དུ་ ཚོང་འབྲེལ་འཐབ་མི་ ཨྱོན་རྡོ་རྗེ་གིས་སླབ་མིའི་ནང་ འབུབ་དེ་ ལྗིད་ཚད་ག་དེམ་ཅིག་མངམ་ཐོན་མི་དེ་ ལེགས་ཤོམ་ཨིནམ་སྦེ་བརྩི་དོ་ཡོདཔ་ད་ བཀྱག་གི་ཐད་ལས་འབད་བ་ཅིན་ འབུབ་རབ་དེ་ སེརཔོ་མཚམས་སྦེ་འོངམ་ཨིན་ཟེར་ཨིན་པས།
མི་མང་ཤོས་ཅིག་གིས་སླབ་མིའི་ནང་ འབུབ་ལེགས་ཉེས་བརྟག་དཔྱད་འབད་ནིའི་དོན་ལུ་ འཕྲུལ་ཆས་དགོ་ནི་མས་ཟེར་ཨིནམ་ད་ འབུབ་དེ་ ཕྱི་ཁ་ལས་རྐྱངམ་གཅིག་ལྟ་སྟེ་ སྤུས་ཚད་ཀྱི་ ཁྱད་པར་བལྟ་ནི་མིན་པར་ ནང་གི་སྨན་གྱི་ནུས་པ་ཚུ་ཡང་ བལྟ་དགོཔ་འདུག་ཟེར་ཨིན་པས།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ སྨན་གྱི་ནུས་པ་བལྟ་ནི་ཕར་བཞག་ འབུབ་ཚུ་ཡང་ ལེགས་ཤོམ་སྦེ་མཐོང་མ་ཚུགས་མི་དེ་ འབུབ་ཚུ་ རས་ནང་སྤུར་ནི་དེ་གིས་ཨིནམ་ད་ འགོ་དཔོན་ཅིག་གིས་སླབ་མིའི་ནང་ རིན་བསྡུར་འབད་བའི་སྐབས་ འབུབ་ཚུ་ ཆུ་ཤོག་ནང་བཙུགས་པ་ཅིན་ ལེགས་ཤོམ་སྦེ་མཐོང་ཚུགས་ནིའི་གོ་སྐབས་ཡོདཔ་ལས་ གོང་ཚད་བཀོད་ནི་ལུ་ཡང་ ཕན་ཐོགས་འོང་ནི་མས་ཟེར་ཨིན་པས།
ད་ལས་ཕར་ འབུབ་ཀྱི་སྤུས་ཚད་དང་ ཚོང་འབྲེལ་འཐབ་ཐངས་ཀྱི་སྐོར་ལས་ ཧ་གོ་ནིའི་དོན་ལུ་ ཐིམ་ཕུ་ལུ་ཡོད་པའི་ འོད་གསལ་སྤང་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱིས་ ཞིབ་འཚོལ་འབད་ནི་ འགོ་བཙུགས་ནི་ཨིནམ་ད་ དེ་གི་དོན་ལུ་ ད་ལྟོ་ གནས་སྡུད་ཚུ་ བསྡུ་ལེན་འབད་བའི་བསྒང་ཡོདཔ་ཨིན་པས།
ལྟེ་བའི་ཞིབ་འཚོལ་གཙོ་འཛིན་འོགམ་ པུར་ན་ཆེ་ཏི་རི་གིས་སླབ་མིའི་ནང་ འབུབ་དེ་ ཚོང་འབྲེལ་འབད་དེ་ ལོ་མང་རབས་ཅིག་སོང་རུང་ དེའི་སྐོར་ལས་ འཕྲུལ་ཆས་ནང་བཙུགས་ཏེ་ བརྟག་དཔྱད་མ་འབད་བའི་ཁར་ འབུབ་ཀྱི་གནས་ཚད་དང་ ཁེ་ཕན་ དེ་ལས་ གོང་ཚད་གཞི་ག་ཅིག་ལུ་བཞག་སྟེ་ བཟོ་དོ་ཨིན་ན་ཚུ་ ཁ་གསལ་མིན་འདུག་ཟེར་ ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment