གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁ་ཙ་གི་ ཕུཊ་བཱོལ་རྩེད་འགྲན་གྱིས་ མི་མང་ལུ་ སྤྲོ་བ་བྱུང་ཡོདཔ།

༢༣/༧/༢༠༡༣    ༉ ཁ་ཙ་ སྡེ་ཚན་ཀ་པ་ལས་ ནེ་པཱལ་ཨེན་ཨེམ་བི་ མ་ཆིན་ད་ར་ ཨེཕ་སི་ དང་ རྒྱ་གར་མོ་ཧཱན་བ་གཱན་ སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ གཱོལ་རེ་རེ་བརྒལ་བཙུགས་མ་ཚུགས་རུང་ གཞན་མིའི་རྩེད་འགྲན་ཚུ་དང་ཕྱདཔ་ད་ མི་ལེ་ཤ་ སྤུངས་འཛོམས་འབད་ཡོདཔ་ཨིན་པས།
ཨེན་ཨེམ་བི་ མ་ཆིན་ད་ར་ཨེཕ་སི་དང་ མོ་ཧཱན་ བ་གཱན་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་བསྒང་།


དེ་སྦེ་ ལྟདམོ་ལྟ་བར་སྤུངས་འཛོམས་འབད་མི་དེ་ཡང་ བདུན་ཕྲག་ངལ་གསོ་གི་སྐབས་ལུ་ ཁྱིམ་ནང་ལཱ་གཅིག་ཤུལ་གཉིས་སྦེ་ ཐོན་མི་ལུ་བརྟེན་ ལྟདམོ་ལྟ་བར་ འོང་མ་ཚུགསཔ་ཨིན་རུང་ ཁ་ཙ་ ཡིག་ཚང་གི་དུས་ཚོད་ཚང་སྟེ་ ཁྱིམ་ནང་མ་འགྱོ་བར་ ཕྲངམ་ཕྲང་ས་ར་ སེམས་བག་ཆགས་ཏོག་ཏོ་བཟོ་ནིའི་དོན་ལུ་ ཀིངསི་ཀ་ལབ་ཕུཊ་བཱོལ་འགྲན་བསྡུར་འབད་སར་ ལྟ་བར་འོང་ཡི་ཟེར་ མི་ཚུ་གིས་ བསམ་འཆར་བཤདཔ་ཨིན་པས།
མི་ལ་ལུ་ཅིག་གིས་ བསམ་འཆར་བཤད་མི་དང་འཁྲིལཝ་ད་ ཀིངསི་ཀ་ལབ་ཕུཊ༌བཱོལ་འགྲན་བསྡུར་དེ་ སྤྱི་ལོ་༢༠༠༤ ལུ་ རྩེད་འགྲན་འབད་སར་མཐོང་པའི་ཤུལ་ལུ་ རྩེད་འགྲན་འགོ་འདྲེན་འཐབ་ནི་ མཚམས་འཇོག་འབད་བཞག་མི་ལུ་བརྟེན་ ད་རེས་ནངས་པ་ ཕུཊ་བཱོལ་ལྟདམོ་ལྟ་བར་ མི་ཚད་ཅིག་ལས་བརྒལ་ མ་འོང་མི་དེ་ ཕུཊ༌བཱོལ་ལུ་ སྤྲོ་བ་ཞེན་སུ་སོང་མི་ལུ་བརྟེན་ཨིནམ་སྦེ་ སླབ་ཨིན་པས།
ཨིན་རུང་ དུས་ཅི་ འོད་ཟེར་ལས་སྡེ་གིས་ འགོ་འདྲེན་འཐབ་མི་ལུ་བརྟེན་ ཧེ་མའི་ཕུཊ་བཱོལ་གྱི་ལྟདམོ་ལྟ་མི་ཚུ་དང་ཕྱདཔ་ད་ ཀིངསི་ཀ་ལབ་ཀྱི་ ཕུཊ༌བཱོལ་རྩེད་འགྲན་འབད་སར་ ལྟདམོ་ལྟ་བར་འོང་མི་ ལེ་ཤ་གིས་ ཡར་སེང་སོང་ནུག་ཟེར་ཨིན་པས།
ད་རིས་ཕྱི་རུའི་རྩེད་འགྲན་དེ་ འབྲུག་པའི་སྡེ་ཚན་ལས་ ཐིམ་ཕུ་ཁྲོམ་སྡེ་དང་ བང་ལ་དེཤ་ལས་ བི་ཇེ་ཨེམ་སི་སྡེ་ཚན་༢ ཀྱི་བར་ན་ དོ་འགྲན་འབད་ནི་ཨིན་པས།
འགོ་འདྲེན་འཐབ་མི་ འོད་ཟེར་ལས་སྡེའི་ འགོ་དཔོན་གྱིས་འབད་བ་ཅིན་ འབྲུག་པའི་སྡེ་ཚན་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ ཧེ་མའི་རྩེད་འགྲན་དང་ཕྱདཔ་ད་ ད་རིས་ཕྱི་རུ་ མི་མང་སུ་ སྤུངས་འཛོམས་འབད་ནིའི་རེ་བ་ བསྐྱེད་དོ་ཟེར་ སླབ་ཨིན་པས།
ཁ་ཙ་ རྩེད་འགྲན་འབད་ནི་འགོ་བཙུགས་ཏེ་ དུས་ཡུན་ སྐར་མ་༥ མ་འགྱོཝ་ལས་ ནེ་པཱལ་ཨེན་ཨེམ་བི་ མ་ཆིན་ད་ར་ཨེཕ་སི་སྡེ་ཚན་གྱིས་ རྒྱ་གར་མོ་ཧཱན་ བ་གཱན་ སྡེ་ཚན་ལུ་ གཱོལ་བཙུགས་ཡོདཔ་ད་ རྒྱ་གར་སྡེ་ཚན་གྱིས་ དོ་འགྲན་འབད་དེ་ དུས་ཡུན་སྐར་མ་༧ ནང་ གཱོལ་བཙུགས་ཏེ་ འདྲན་འདྲ་བཟོ་ཡོདཔ་ཨིན་པས།
བར་མཚམས་ངལ་གསོ་མ་ལེན་ཚུན་ ནེ་པཱལ་ཨེན་ཨེམ་བི་ མ་ཆིན་ད་ར་ ཨེཕ་སི་སྡེ་ཚན་གྱིས་ བྱང་ཕྱད་སྡེ་ཚན་ལུ་ གཱོལ་བཙུགས་ནི་སྦེ་ རྩ་འགེངས་ཏེ་ རྐྱབ་ཡོད་རུང་ གཱོལ་བཙུགས་མ་ཚུགསཔ་བཞིན་དུ་ བར་མཚམས་ངལ་གསོ་ལས་ རྒྱ་གར་མོ་ཧཱན་བ་གཱན་ སྡེ་ཚན་གྱིས་ དོ་འགྲན་ལེགས་ཤོམ་འབད་ཡོདཔ་ལས་ རྩེད་འགྲན་དེ་ སྤྲོ་བ་ཅན་ཅིག་ལུ་གྱུར་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment