གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྱང་སྟོར་ཤོར་མི་བུམོ་ཅུང་ རྩིས་སྤྲོད་འབད་ཡོདཔ།

༢༤/༧/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༢༠ གི་ཕྱི་རུ་ ཁྲིམས་སྲུང་འགག་པའི་ ལྟ་རྟོག་པ་ཚུ་གིས་ ཐིམ་ཕུ་ལྕང་ཟམ་ཏོག་གི་ས་ཁོངས་ནང་ སྐྱེས་ལོ་༦ ལང་མི་ བུམོ་ཅུང་ཅིག་ བཤལ་སྡོད་སར་མཐོངམ་ལས་ ཨམ་སྲུ་དང་ཨ་ལུ་གཅེས་སྐྱོང་ལྟེ་བའི་ནང་ བཞག་པའི་ཤུལ་ལས་ ཁ་ཙ་ མོ་རའི་ཕམ་ཚུ་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
བུམོ་ཅུང་དེ་ ཞག་༢ ཀྱི་རིང་ ཨམ་སྲུ་དང་ཨ་ལུ་གཅེས་སྐྱོང་ལྟེ་བ་ནང་ བཞག་ཡོདཔ་མ་ཚད་ ཞག་༡ རི་ནིའུ་ནང་ བཞག་ཡོདཔ་ཨིན་པས།



ཁྲིམས་སྲུང་འགག་པ་གིས་ རྒྱང་མཐོང་ཊི་བི་ནང་ བུམོ་ཅུང་དེ་ བདག་འཛིན་འཐབ་སྟེ་ཡོད་ཟེར་ གསལ་བསྒྲགས་མ་འབད་བ་ཅིན་ མོ་རའི་ཨ་པ་དང་ ཨང་རྒས་ཚུ་གིས་ ག་ཏེ་ཡོདཔ་ཨིན་ན་ར་ མི་ཤེས་ནི་ཨིན་པས།
ཨང་རྒས་ཀྱི་སེམས་ཁར་ ཨ་པ་དང་གཅིག་ཁར་ཡོདཔ་འོང་ཟེར་ མནོ་སྡོདཔ་མ་ཚད་ མོ་རའི་ ཨ་པ་གིས་འབད་བ་ཅིན་ ཨང་རྒས་དང་གཅིག་ཁར་ཡོདཔ་འོང་ནི་མས་ཟེར་མནོ་སྟེ་ སྡོད་ཡོདཔ་ཨིན་པས།
སྐྱེས་ལོ་༦ ལང་མི་ བུམོ་ཅུང་དེ་གི་ ཨ་པ་དང་ཨའི་དེ་ མོ་ར་ཟླཝ་༦ སྦེ་སྡོད་པའི་སྐབས་ལས་ར་ ཁ་བྱེལ་སོཔ་ལས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ མོ་རའི་ ཨ་པ་དང་ ཨང་རྒས་གཅིག་ཁར་ སྡོད་ཡོདཔ་ཨིན་པས།
བུམོ་ཅུང་དེ་ བྱང་སྟོར་མ་ཤོར་བའི་ བདུན་ཕྲག་༢ དེ་ཅིག་གི་ཧེ་མར་ ཨ་པ་གིས་ ཆང་འཐུང་སྟེ་ ཨང་རྒས་ལུ་ ཧས་བཏགས་འཚོལ་བའི་ཤུལ་ལས་ ཨ་པ་གིས་ བུམོ་ཁྱིད་དེ་ ཁྱིམ་ནང་ལས་ ཐོན་ཡར་སོཔ་ཨིན་པས།
སྐྱེས་ལོ་༣༡ ལང་མི་ བུམོ་ཅུང་དེ་གི་ ཨ་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རེས་གཟའ་སྤེན་པའི་ཕྱི་རུ་ བུམོ་ཅུང་དེ་ ཁྱིམ་ནང་ཁྱིད་འོང་ཡོདཔ་ཨིན་རུང་ ཨང་རྒས་དེ་ ཁོ་ལུ་ལྟ་སྟེ་ ཙིགཔ་ཟ་སྟེ་ཡོདཔ་ལས་ སྒོ་ཕྱེ་མི་བཏུབ་དོ་འོང་མནོ་སྟེ་ ནུབ་ཅིག་ར་ ཁྱིམ་གྱི་ཐོག་ཁར་ ཉལ་སྡོད་ཅི་ཟེར་ཨིན་པས།
དེ་གི་ནངས་པ་དྲོ་པ་ བུམོ་ཅུང་དེ་ ཨང་རྒས་འབད་སར་སོང་ཟེར་སླབ་སྟེ་ ཁྱིམ་གྱི་སྒོ་ཁར་ཚུན་ བསྐྱལ་བྱིན་ཞིནམ་ལས་ ཁོ་ར་ ཡིག་ཚང་ནང་ ཡར་སོ་ཡི་ཟེར་ ཁོ་གིས་ སླབ་ཨིན་པས།
ཁོ་གི་མནོ་བསམ་ལས་ ཨ་ལུ་དེ་ ཨང་རྒས་དང་གཅིག་ཁར་ ཡོདཔ་འོང་ཟེར་མནོ་སྡོད་པའི་བར་ན་ རེས་གཟའ་ཟླ་བའི་ཕྱི་རུ་ རྒྱང་མཐོང་ཊི་བི་ནང་ བུམོ་ཅུང་དེ་ཐོནམ་ད་ རྣམ་རྟོག་ལང་དགོཔ་བྱུང་ཡི་ཟེར་ཨིན་པས།
བུམོ་ཅུང་དེ་གི་ ཨང་རྒས་ཀུན་བཟང་ལྷ་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བུམོ་ཅུང་དེ་ ཚར་གཅིག་མོ་འབད་སར་ འོང་ཡོདཔ་ཨིན་རུང་ ཨ་པ་གིས་ ཡིག་ཚང་མཇུག་བསྡུཝ་ཅིག་ མོ་ལེན་པར་འཐོན་འོང་ཟེར་ མོ་ལུ་སླབ་ཡོདཔ་ལས་ ཨ་ལུ་དེ་ ཨ་པ་དང་གཅིག་ཁར་ འགྱོ་འགྱོཝ་འོང་ཟེར་ མནོ་སྡོདཔ་མ་གཏོགས་ དེ་སྦེ་ ཁྲིམས་སྲུང་འགག་པ་དང་གཅིག་ཁར་ ཡོདཔ་འོང་ཟེར་བའི་ མནོ་བསམ་ར་ མ་བཏང་ཟེར་ཨིན་པས།
བུམོ་ཅུང་དེ་ མོ་རའི་ ཨའི་དང་ཨ་པ་ ཡ་བྲལ་སོང་མི་ལུ་བརྟེན་ ད་ལྟོའི་བར་ན་ཡང་ མི་རྩིས་རྐྱབ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ཨ་པ་གིས་ བཤད་མི་དང་འཁྲིལཝ་ད་ བུམོ་ཅུང་དེ་ མི་རྩིས་ནང་ བཙུགས་ནིའི་དོན་ལུ་ ཡིག་ཆ་ཚུ་ གྲ་སྒྲིག་འབད་ཚར་ཡོདཔ་ཨིན་རུང་ ཨ་ལུའི་ཨའི་གིས་ ངོ་སྤྲོད་ལག་ཁྱེར་གྱི་འདྲ་ མ་བྱིན་མི་ལུ་བརྟེན་ ལུས་སོ་ཡི་ཟེར་ཨིན་པས།
བུམོ་ཅུང་གི་ཨ་པ་དེ་ ལྟ་བཤལ་ལས་སྡེ་ཅིག་ནང་ ཐབ་ཚང་པ་སྦེ་ ལཱ་འབད་དོ་ཡོདཔ་ད་ ཨའི་དེ་ ཐིམ་ཕུ་ཨོ་ལ་ཁ་ སྣུམ་འཁོར་བཅོ་ཁང་ཅིག་ནང་ ལཱ་འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment