༢༣/༧/༢༠༡༣ ༉ སྤྱི་ལོ་༢༠༡༣ གྱི་ སྤྱི་ཚོགས་ཐེངས་༢ པའི་ འགོ་ཐོག་བཙག་འཐུའི་ནང་བཅའ་མར་གཏོགས་ཏེ་ རྒྱལ་ཁ་ཐོབ་མ་ཚུགས་མི་ འབྲུག་མཉམ་རུབ་ཚོགས་པ་དེ་ ཚོགས་པ་སྦེ་ར་སྡོད་ཞིནམ་ལས་ སྤྱི་ལོ་༢༠༡༨ ཀྱི་ བཙག་འཐུའི་ནང་ དོ་འགྲན་འབད་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༢༠ ལུ་ ཚོགས་པའི་ཞལ་འཛོམས་འཚོགས་པའི་སྐབས་ལུ་ གྲོས་ཐག་བཅད་ཡོདཔ་ད་ ཚོགས་པའི་འདེམས་ངོ་ཚུ་གི་ཡང་ ལོ་༥ འི་རྒྱབ་ལས་ ལོག་སྟེ་ར་བཅའ་མར་གཏོགས་ནི་ཟེར་ ལགཔ་ཡར་སེང་ཞིནམ་ལས་ བཅའ་མར་གཏོགས་ཆོག་པའི་ བསམ་འཆར་བཀོད་ཡོདཔ་ཨིན་པས།
ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་ བསྟན་འཛིན་ལེགས་འཕེལ་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༢༠༡༣ གྱི་ནང་ འདེམས་ངོ་དང་ ཚོགས་པ་༢ ཆ་ར་ སྤྱི་ཚོགས་ཀྱི་འགོ་ཐོག་བཙག་འཐུའི་ནང་བཅའ་མར་གཏོགས་ཏེ་ བཙག་འཐུ་གི་བྱ་རིམ་ལུ་ གྱུར་བ་ལེ་ཤ་ཅིག་ར་ འབག་འོང་ཡི་ཟེར་ཨིན་པས།
ཚོགས་པའི་མགྲིན་ཚབ་ ཌོག་ཊར་རྟ་མགྲིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཚོགས་པའི་ཞལ་འཛོམས་འཚོགས་ས་ལུ་ ཚོགས་པའི་འཐུས་མི་ཚུ་གིས་ འབྲེལ་གཏོགས་འབད་ཐངས་ལུ་ལྟཝ་ད་ར་ ཚོགས་པའི་གནས་སྟངས་དེ་ ག་ཅི་བཟུམ་ཅིག་ནང་ཡོད་ག་ ཧ་གོ་ཚུགས་པས་ཟེར་ཨིནམ་མ་ཚད་ མི་སེར་ཚུ་གི་ནང་ལུ་འབད་རུང་ འབྲུག་མཉམ་རུབ་ཚོགས་པ་གིས་ ལོག་སྟེ་ དོ་འགྲན་འབད་དགོ་ཟེར་ མནོ་མི་ཡང་ཡོད་ཟེར་ཨིན་པས།
ཨིན་རུང་ ད་ལྟོ་ཚོགས་པའི་འཐུས་མི་ཚུ་གི་བར་ན་ གྲོས་བསྟུན་ངོ་མ་དེ་ ཚོགས་པའི་གཙོ་འཛིན་ རྡོ་རྗེ་ཆོས་སྒྲོན་གྱིས་ འབྲུག་མཉམ་རུབ་ཚོགས་པ་ལས་ དགོངས་ཞུ་འབད་ཞིནམ་ལས་ མི་སེར་དམངས་གཙོ་ཚོགས་པའི་ནང་འཛུལ་ཡོདཔ་ལས་ ཚོགས་པའི་ གནས་སྐབས་ཀྱི་གཙོ་འཛིན་ བསྐོ་བཞག་འབད་ནི་དེ་ཨིན་པས།
ཞལ་འཛོམས་ནང་བཅའ་མར་གཏོགས་མི་ ལ་ལུ་ཅིག་གིས་ གནས་སྐབས་ཀྱི་ ཚོགས་པའི་གཙོ་འཛིན་ཅིག་དགོཔ་སྦེ་ སླབ་དོ་ཡོདཔ་ཨིན་རུང་ འཐུས་མི་མང་ཤོས་ཅིག་གིས་ར་ ད་ལྟོ་དགོཔ་མིན་འདུག་ཟེར་ བསམ་འཆར་བཀོད་ཡོདཔ་ཨིན་པས།
ཚོགས་པ་ནང་ ད་ལྟོ་ གཙོ་འཛིན་འོགམ་དང་ བཀོད་ཁྱབ་འཐུས་མི་ཚུ་ཡོདཔ་ལས་ ཚོགས་པའི་གཙོ་འཛིན་དེ་ སྤྱི་ལོ་༢༠༡༤ ལུ་ ཚོགས་པའི་གྲོས་འཛོམས་འཚོགས་པའི་སྐབས་ལུ་ བཙག་འཐུ་འབད་ནི་ཟེར་ བསྟན་འཛིན་ལེགས་འཕེལ་གྱིས་ བཤདཔ་ཨིན་པས།
བྱང་ཐིམ་ཕུ་ལས་ ཚོགས་པའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ སངས་རྒྱས་བཟང་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ཚོགས་ཀྱི་ འགོ་ཐོག་བཙག་འཐུ་ མཇུག་བསྡུ་བའི་ཤུལ་ལུ་ མོ་རའི་མནོ་བསམ་ལུ་ དམངས་གཙོ་ལམ་ལུགས་དེ་ཡང་ དེམ་ཅིག་ར་ཨིན་ཟེར་ མནོ་དགོཔ་བྱུང་ཡོདཔ་ཨིན་རུང་ སྤྱིར་བཏང་བཙག་འཐུའི་སྐབས་ གྱུར་བ་སྦོམ་བྱུང་ཡོད་མི་ལུ་ལྟཝ་ད་ སྤྱི་ལོ་༢༠༡༨ དེ་ འབྲུག་མཉམ་རུབ་ལུ་ གོ་སྐབས་ཡོདཔ་བཟུམ་སྦེ་ ཚོརཝ་མས་ཟེར་ཨིན་པས།
ཌོག་ཊར་རྟ་མགྲིན་གྱིས་འབད་བ་ཅིན་ འབྲུག་མཉམ་རུབ་ཚོགས་པ་དེ་ སྤྱི་ལོ་༢༠༡༣ ལུ་ ཁྲོམ་ཁ་ལས་ཕར་ ཡོངས་གྲགས་སོང་ཡོདཔ་ཨིན་རུང་ གྲོང་གསེབ་གཡུས་ཚན་གྱི་མི་སེར་ཚུ་གི་བར་ན་ ཡོངས་གྲགས་འགྱོ་མ་ཚུགས་ཟེར་ཨིན་པས།
ཨིན་རུང་ ཚོགས་པའི་འདེམས་ངོ་ཚུ་གིས་ གཞི་རྟེན་གྱི་ལཱ་ཚུ་ འབད་ནི་སྦེ་གྲོས་ཐག་བཅད་ཡོདཔ་ལས་ ཁོང་གིས་ ཚོགས་པའི་ཡིག་ཚང་དང་ ཁོང་རའི་འདེམས་ཁོངས་ཀྱི་ མི་སེར་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་སྟེ་ར་སྡོད་འོང་ཟེར་ ཌོག་ཊར་རྟ་མགྲིན་གྱིས་ བཤད་ཅི།
ཚོགས་པ་ལུ་ འདེམས་ངོ་༤༠ ཡོད་ས་ལས་༧ གྱིས་ དགོངས་ཞུ་འབད་དེ་ མི་སེར་དམངས་གཙོ་ཚོགས་པའི་ནང་ སོང་བའི་ཤུལ་ལུ་ ཚོགས་པའི་རྒྱབ་སྐྱོར་པ་དང་ ལས་བྱེདཔ་བསྡོམས་འཐུས་མི་༣༨ ཀྱིས་ ཞལ་འཛོམས་ནང་ བཅའ་མར་གཏོགས་ཡོདཔ་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།
འབྲུག་མཉམ་རུབ་ཚོགས་པ་གྱི་གནམ་ལོ་ ༢༠༡༨ ལུ་ལོག་ཏེ་རང་བཅའ་མར་བཏོགས་ནི་ཟེར་བཀོད་མི་ལུ་ ང་བཅས་མི་སེར་ཚུ་གྱི་བསམ་འཆར་ཆུང་ཀུ་ཅིག་བཀོད་པ་ཅིན་ འབྲུག་མཉམ་རུབ་ཚོགས་པ་གི་ ལོག་ཏེ་ད་རེས་བཟུམ་སྦེ་རྒྱལ་ཁ་ཐོབ་མ་ཚུགས་པ་ཅིན་ ཚོགས་པའི་གཙོ་འཛིན་གོང་འོག་གཉིས་དང་་ཚོགས་པའི་འདེབས་ངོ་ཚུ་ ད་རེས་བཟུམ་སྦེ་ མི་སེར་དམང་གཙོ་ཚོགས་པའི་ནང་འཛུལ་ནི་ཨིན་ན་ ཡང་ན་ཚོགས་པ་གཞན་མི་ནང་འཛུལ་ནི་ཨིན་ན་ བཀོད་གནང་ཟེར་ཞུ་ནི་། འབྲུག་མཉམ་རུབ་ཚོགས་པ་གྱི་ གྱུར་བ་ལེ་ཤ་ཅིག་ར་འབག་འོང་ཡི་ཟེར་བཀོད་མི་ལུ་ ང་བཅས་མི་སེར་ཚུ་གྱི་ཁ་ཐུག་ལས་ངལ་རང་ཡོད་ཟེར་ཞུ་ནི་ཨིན་། དེ་འབད་ཞུ་གོ་མི་དེ་ཡང་ འབྲུག་མཉམ་རུབ་ཚོགས་པ་གྱི་གྱུར་བ་ལེ་ཤ་འབག་འོངམ་ཡོདཔ་ལས་ ད་རེས་བཙག་འཐུ་སྐབས་ མི་སེར་དམང་གཙོ་ཚོགས་པ་ནང་འཛུལ་མི་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ཚུ་གྱི་ ངན་ལྷོད་དང་འབྲེལ་བའི་བྱ་ངན་གྲངས་ཁ་མ་ཆོདཔ་ཅིག་སྦེ་ཡོདཔ་ ང་བཅས་མི་སེར་ཀུན་གྱི་ཤེས་ས་ཨིན་ཟེར་ཞུ་ནི་། དེ་འབདཝ་ལས་ ད་ལས་ཕར་འབྲུག་མཉམ་རུབ་ཚོགས་པའི་ཕྱག་ལ་གནང་མི་ཚུ་གྱི་ཐུག་རྗེ་ལེགས་ཤོམ་གནང་བཞིན་ན་ ཕྱག་ལ་གནང་དགོཔ་འདུག་ཟེར་ཞུ་ནི་ཨིན་། བཀྲིས་བདེ་ལེགས་ ཐིམ་ཁྲོམ་།
ReplyDelete