གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བློན་པོ་གསར་པའི་མཚན་ཐོ་ཚུ་ གསལ་བསྒྲགས་འབད་ཡོདཔ།

༢༦/༧/༢༠༡༣   ༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པའི་ཡིག་ཚང་ནང་ གནས་ཚུལ་ཞལ་འཛོམས་འཚོགས་པའི་སྐབས་ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་གསར་པའི་ མཚན་ཐོ་ཚུ་ གསལ་བསྒྲགས་འབད་ཡི།
Add caption


དེ་ཡང་ དགོན་ཁ་སྟོད་ལ་ཡ་ལས་ དམ་ཆོས་རྡོ་རྗེ་ ནང་སྲིད་དང་སྲོལ་འཛིན་བློན་པོ་དང་ གསར་སྤང་ཤོམ་སྤང་ཁའི་ རིག་འཛིན་རྡོ་རྗེ་ ཕྱི་འབྲེལ་བློན་པོ་ བྲག་སྟེང་-གླང་མཐིལ་གྱི་ རྣམ་རྒྱལ་རྡོ་རྗེ་ དངུལ་རྩིས་བློན་པོ་ བཀྲིས་སྒང་ བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་གི་ ནོར་བུ་དབང་ཕྱུག་ བསྟན་རྒྱས་བློན་པོ་ ལྷུན་རྩེ་སྨན་སྦིས་-བཙན་མཁར་གྱི་ ཡེ་ཤེས་རྡོ་རྗེ་ སོ་ནམ་དང་ནགས་ཚལ་བློན་པོ་ བཀྲིས་སྒང་ཁྲིམས་ཤིང་གི་ རྡོ་རྗེ་ཆོས་སྒྲོན་ ཞབས་ཏོག་བློན་པོ་ བསམ་གྲུབ་ལྗོངས་མཁར་བདེ་བ་ཐང་-སྒོམ་དར་གྱི་ མིང་པོ་འབྲུག་པ་ ཤེས་རིག་བློན་པོ་ དབང་འདུས་ཕོ་བྲང་ ཨ་ཐང་-ཐེད་ཚོ་གི་ རྟ་མགྲིན་དབང་ཕྱུག་ གསོ་བའི་བློན་པོ་ དར་དཀར་ནང་ བཀྲིས་ལྡིང་-ལྷ་མོ་རྫིང་ཁའི་ ཉི་མ་སངས་རྒྱས་ཆེན་པོ་ ལས་གཡོག་བློན་པོ་ དེ་ལས་ ཕུན་སུམ་དཔལ་རི་-བསམ་རྩེ་གི་ ཌི་ན་ནཱད་ དུང་གེལ་དེ་ བརྒྱུད་འབྲེལ་བློན་པོ་སྦེ་ བསྐོ་བཞག་འབད་ནི་ཨིན་པས།
གདམ་འཐུ་འབད་མི་ བློན་པོའི་མཚན་ཐོ་ཚུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ཕུལ་ནི་ཨིནམ་ད་ ནངས་པ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བློན་ཆེན་གྱི་གདམ་ངོ་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་སྦེ་ གདམ་འཐུ་གྲུབ་མི་ཚུ་ལུ་ བདག་རྐྱེན་གནང་ནི་ཨིན་པས།
བློན་ཆེན་གྱི་གདམ་ངོ་ མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་ཚེ་རིང་སྟབས་རྒྱས་ཀྱིས་ མི་སེར་ཚུ་ལུ་ གསོལ་འདེབས་དེ་ཡང་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་ མི་སེར་ཚུ་གིས་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་ བསྐོ་བཞག་གནང་མི་ལུ་ ལེགས་དར་ཕུལ་བར་ ཐག་རིང་ས་ལས་ འགྲོ་འགྲུལ་འབད་དེ་ ཐིམ་ཕུ་ལུ་ འོང་མ་གནང་ཟེར་ཨིན་པས།
བློན་པོའི་གོ་གནས་ཀྱི་དོན་ལུ་ བཙག་འཐུ་འབད་བའི་སྐབས་ ཁྱད་ཆོས་ག་ཅི་ར་ ཚང་དགོཔ་ཨིན་ན་ཟེར་ ཀུན་གསལ་གྱིས་ དྲི་བཀོད་འབད་བའི་ལན་ལུ་ མི་སེར་དམངས་གཙོ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ བསོད་ནམས་རྒྱ་མཚོ་གིས་ བཤད་མིའི་ནང་ བློན་ཆེན་གྱིས་ གདམ་ངོ་དེ་ལུ་ བསམ་པ་སེམས་བསྐྱེད་ལེགས་ཤོམ་ཡོད་པའི་ཁར་ ལྕོགས་གྲུབ་ཅན་ དེ་ལས་ ཡོན་ཏན་ཡོད་མི་ཚུ་ གདམ་འཐུ་འབད་ཡི་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment