གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་བརྒྱུད་འཕྲིན་གྱི་ ཞབས་ཏོག་ཚུ་ ཚུལ་ལྡན་མེདཔ།


ཤེས་རབ་བསྟན་འཛིན།

ཐིམ་ཕུའི་ཚོང་པ་ཅིག་གིས་ སླབ་མིའི་ནང་ ཧེ་མ་ལས་ གཞི་བཙུགས་འབད་ཡོད་མི་ ཁྲོམ་ཚུ་ནང་ ཐི་རི་ཇི་ཞབས་ཏོག་ཚུ་ འཕྲལ་འཕྲལ་འབད་ར་ ལེགས་ཤོམ་སྦེ་ ལག་ལེན་འཐབ་མི་བཏུབ་དོ་ཡོདཔ་ལས་ ལེགས་བཅོས་འབད་དགོཔ་འདུག་ཟེར་ཨིན་པས།
དེ་ཡང་ འདས་པའི་བདུན་ཕྲག་ནང་ འབྲུག་བརྒྱུད་འཕྲིན་ལས་འཛིན་དང་ ཞབས་ཏོག་སྤྱོད་མི་༥༠ དེ་ཅིག་གི་བར་ན་ ལོ་བསྟར་ཞལ་འཛོམས་ འགོ་དང་པ་ འཚོགས་པའི་སྐབས་ བསམ་བཤད་འབད་ཡོདཔ་ད་ ཁོང་གིས་འབད་བ་ཅིན་ ཞབས་ཏོག་གི་ གོང་ཚད་ལུ་ མ་བལྟ་བར་ སྤུས་ཚད་ལུ་ གཙོ་བོ་བཏོན་དགོཔ་འདུག་ཟེར་ཨིན་པས།

འབྲུག་བརྒྱུད་འཕྲིན་གྱིས་ བརྒྱུད་འཕྲིན་དང་ འགྲུལ་འཕྲིན་ དེ་ལས་ ཡོངས་འབྲེལ་འབྲུག་ནེཊ་འབདཝ་ད་ ཞབས་ཏོག་ཁག་༣ དེ་ཅིག་ བྱིན་དོ་ཡོདཔ་ད་ ད་རེས་ནངས་པ་ རྒྱལ་ཁབ་ནང་ འགྲུལ་འཕྲིན་ལག་ལེན་འཐབ་མི་༤༨༠,༠༠༠ ལྷགཔ་ཅིག་ཡོདཔ་ཨིན་པས།
བཅའ་མར་གཏོགས་མི་ཅིག་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ རང་བཞིན་གྱི་རྐྱེན་ངན་ དཔེར་ན་ ས་ཡོམ་རྐྱབ་པའི་སྐབས་ འགྲུལ་འཕྲིན་གྱི་ ཞབས་ཏོག་དེ་ རྩ་ལས་ར་ སྤྱོད་མི་བཏུབ་དོ་ཡོདཔ་ལས་ ཐབས་ལམ་ཚུ་ བཏོན་དགོཔ་འདུག་ཟེར་ཨིན་པས།
འབྲུག་བརྒྱུད་འཕྲིན་གྱི་ འགོ་དཔོན་ཚུ་གིས་ གྲོས་བསྟུན་ཞལ་འཛོམས་དེ་ གཙོ་བོ་ར་ ལས་འཛིན་གྱི་ ཞབས་ཏོག་ལེན་མི་ཚུ་ལས་ བསམ་ལན་བསྡུ་ལེན་འབད་ནིའི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་ལས་ བསམ་འཆར་བཀོད་མི་ཚུ་ སེམས་ཁར་བཞག་སྟེ་ ད་ལས་ཕར་ ཁོང་གིས་ ཞབས་ཏོག་ཚུ་ ཧེ་མ་བ་དྲགཔ་སྦེ་ བྱིན་ནི་ལུ་ རྩ་འགེངས་ནི་ཟེར་ བཤད་ཡོད་པའི་གནས་ཚུལ། 

No comments:

Post a Comment