གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསེར་གྱི་ཅ་ཆས་ཚོང་ཁང་ཅིག་ལས་ ཨར་རྐུན་ཤོར་ཡོདཔ།


ཡེ་ཤེས་སྒྲོལ་མ།

༉ སྤྱི་ཟླ་༣ པའི་ཚེས་༡༨ ཀྱི་ནུབ་མོར་ ཐིམ་ཕུ་ནོར་གླིང་སྒྲིང་ཁྱིམ་གྱི་ གདོང་སྒོར་ལུ་ཡོད་མི་ གསེར་དང་དངུལ་གྱི་ རྒྱན་ཆ་ཚོང་ཁང་ཅིག་ནང་ལས་ རིན་གོང་དངུལ་ཀྲམ་འབུམ་༡༠ ལས་༡༥ དེ་ཅིག་གནས་པའི་ ཅ་ཆས་ཚུ་ ཨར་རྐུན་ཤོར་ཡོདཔ་ཨིན་པས།
ཚོང་ཁང་གི་ ཇོ་བདག་གིས་འབད་བ་ཅིན་ ཨརཝ་དེ་གིས་ གསེར་གྱི་རྒྱན་ཆ་ཚུ་མ་གཏོགས་ དངུལ་གྱི་མཛུབ་དཀྱི་དང་ རྒྱན་ཐག་ཚུ་ མ་འབག་པས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཨརཝ་དེ་གིས་ ཚོང་ཁང་གི་ རྒྱབ་ཁའི་སྒོ་སྒྲིག་གི་ ལྕགས་ཁྲམ་སྤོག་བཏང་ཡོདཔ་མ་ཚད་ ཤེལ་ཚུ་ཡང་ བཅག་དཀྲུམ་འབད་དེ་ ཚོང་ཁང་ནང་ འཛུལ་ནུག་ཟེར་ཨིན་པས།
དེ་ཚེ་ནུབ་མོའི་ ཆུ་ཚོད་༨ དེ་ཅིག་ཁར་ ཚོང་ཁང་སྒོ་བསྡམས་ཡོདཔ་ད་ དེ་གི་ནངས་པར་ དྲོ་པའི་ཆུ་ཚོད་༩ དེ་ཅིག་ཁར་ ཚོང་ཁང་ནང་ ལོག་འོང་བའི་སྐབས་ རྒྱན་ཆ་ཚུ་ བཙུགས་བཞག་སའི་སྒྲོམ་དེ་ སྟོངམ་བཏོན་བཞག་ཡོདཔ་མཐོངམ་ལས་ དེ་འཕྲོ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཚོང་ཁང་གི་ ཇོ་བདག་གིས་ སླབ་མིའི་ནང་ སྒོ་སྒྲིག་གི་ ཕྱི་ཁ་ལས་ ཆུ་ཤོག་ཏིར་པཱལ་ བཀབ་ཐོག་ལས་ སྒོ་སྒྲིག་གི་ ལྕགས་ཁྲམ་ཚུ་ སྤོག་ཡོད་མི་ལུ་ བལྟ་བ་ཅིན་ ཨརཝ་དེ་གིས་ ཁོ་གི་ཚོང་ཁང་ནང་ལས་ ཨརཝ་བརྐུ་ནིའི་དོན་ལུ་ ཧེ་མ་ལས་ར་ འཆར་གཞི་ཚུ་ བརྩམས་ཡོད་པའི་ དོགས་སྣང་ཡོད་ཟེར་ཨིན་པས།
ད་ལྟོ་ གནད་དོན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment