གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉ་ཚོང་འབྲེལ་གྱི་ཐོག་ལས་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་ནི།


བཀྲིས་ཕུན་ཚོགས།

གཞལམ་སྒང་རྫོང་ཁག་ ཀྲོང་རྒེད་འོག་ བེར་ཏི་གཡུས་ཚན་གྱི་ མི་སེར་ཚུ་ ཉ་ཚོང་བསྒྱུར་ཐོག་ལས་ འོང་འབབ་བཟོ་བཅུག་ནིའི་དོན་ལུ་ བེར་ཏི་ཆུ་དང་ མང་སྡེ་ཆུ་ནང་ ཉ་བཟུང་ཆོག་པའི་ ས་ཁོངས་བྱིན་ཡོདཔ་ལས་ ད་ལས་ཕར་ དབུལ་ཕོངས་ཀྱི་དཀའ་ངལ་ སེལ་ཐབས་ལུ་ ལྷན་ཐབས་འབྱུང་ཚུགས་ནི་ཨིན་པས།

གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ སྤྱི་ཟླ་༣ པའི་ཚེས་༥ ལུ་ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ དྲགོས་དྲུང་ཆེན་ ཤེས་རབ་རྒྱལ་མཚན་གྱིས་ གཡུས་མི་ཚུ་ལུ་ ཉ་བཟུང་ནིའི་དོན་ལུ་ བེར་ཏི་ཆུའི་མཐའམ་ལས་ ས་ཁོངས་ཀི་ལོ་མི་ཊར་༡༠ དང་ མང་སྡེ་ཆུའི་མཐའམ་ལས་ ས་ཁོངས་ཀི་ལོ་མི་ཊར་༥ སྤྲོད་ཡོདཔ་ཨིན་པས།
ཀྲོང་རྒཔོ་ རྡོ་རྗེ་དབང་ཕྱུག་གིས་ སླབ་མིའི་ནང་ བེར་ཏི་གཡུས་ཚན་ནང་ སྔོན་གོང་ལས་ར་ ཉ་བཟུང་སྟེ་ ཚོང་འབྲེལ་འཐབ་ནིའི་ ལམ་ལུགས་ཡོད་རུང་ བར་སྐབས་ཅིག་ བཀག་བཞག་ཡོདཔ་ད་ ད་རེས་ ལྷན་ཁག་ལས་ མི་སེར་གྱི་ སྐྱིད་སྡུག་དང་འདྲཝ་སྦེ་ ཉ་གཟུང་ནིའི་ ས་ཁོངས་གནང་མི་དེ་གིས་ མི་སེར་ཉམ་ཆུང་ཚུ་གི་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་ཚུགས་ཟེར་ཨིན་པས།
རྒྱལ་ཡོངས་ཆུ་དྲོད་ཉ་གསོ་སྐྱོང་ལྟེ་བའི་ ལས་རིམ་མདོ་ཆེན་ རྣམ་རྒྱལ་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ ལྷན་ཁག་དང་ བེར་ཏི་མི་སྡེ་༢ ཀྱི་བར་ན་ ཆིངས་ཡིག་བཟོ་མི་ལུ་བརྟེན་ མི་སེར་ཚུ་གིས་ བདག་དབང་ཐོག་ ཉ་བཟུང་ཆོག་ནི་ཨིནམ་ད་ ལྷག་པར་དུ་ ལྷན་ཁག་ལས་ ཉ་སྐམ་ནི་དང་ མཛོད་ཁང་གི་རྒྱབ་སྐྱོར་ཚུ་ བྱིན་ནི་ཟེར་ཨིན་པས།
དྲག་ཤོས་དྲུང་ཆེན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ལྷན་ཁག་གིས་ ཉ་གསོ་སྐྱོང་ཐོག་ ཚོང་འབྲེལ་འཐབ་ཆོག་པའི་ བདག་དབང་སྤྲོདཔ་དང་འབྲེལ་ མི་སེར་ཚུ་གིས་ ས་ཁོངས་སྤྲོད་མི་དེ་ ཡུན་རིངམོ་སྦེ་ ལག་ལེན་འཐབ་ཚུགས་ནིའི་དོན་ལུ་ ལེགས་ཤོམ་སྦེ་ འཛིན་སྐྱོང་འཐབ་དགོཔ་གལ་ཆེ་ཟེར་ཨིན་པས། 
གཡུས་ཚན་ནང་ལས་ མི་སེར་ལ་ལུ་ཅིག་གིས་ ད་རེས་ ལྷན་ཁག་ལས་ གོ་སྐབས་གནང་མི་དེ་གིས་ མི་སེར་ཉམ་ཆུང་ཚུ་གི་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་ནི་དང་ འོང་འབབ་བཟོ་ནི་ལུ་ ཁེ་ཕན་སྦོམ་ཡོདཔ་ལས་ རང་མགོ་རང་འདྲོངས་སྦེ་ སྡོད་ཚུགས་ནི་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ ལ་ལུ་ཅིག་གིས་འབད་བ་ཅིན་ གཞུང་གི་སྲིད་བྱུས་དང་འཁྲིལ་ མ་འོངས་པ་ལུ་ ཕྱིའི་ལྟ་བཤལཔ་ཚུ་ཡང་ འོང་ནི་ཨིནམ་ལས་ ཉ་ཚོང་འབྲེལ་འཐབ་སྟེ་ འོང་འབབ་བཟོ་མི་དེ་གིས་ མི་སྡེ་གོང་འཕེལ་གཏང་ནི་ལུ་ ཕན་ཐོགས་ཚུགསཔ་མ་ཚད་ སློབ་གྲྭའི་ཨ་ལུ་ཚུ་གི་དོན་ལུ་ ཟད་འགྲོ་གཏང་ནི་ལུ་ཡང་ ལྷན་ཐབས་འབྱུང་ནི་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment