གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨོམ་གྱི་ཐོན་སྐྱེད་བཟའ་སྤྱོད་འབད་མི་༤༣༥ ལུ་ སྨན་ཁབ་རྐྱབ་ཡོདཔ།


ཡེ་ཤེས་སྒྲོལ་མ།

འཕྲལ་ཁམས་ཅིག་ཁར་ གསར་སྤང་རྫོང་ཁག་ནང་ བོའུ་ཅུང་༢ ལུ་ འཆོལ་ནད་ཐོབ་མི་ལུ་བརྟེན་ སྤྱི་ཟླ་༣ པའི་ཚེས་༡༦ ལུ་ མི་གྲངས་༤༣༥ ལུ་ འཆོལ་ནད་བཀག་ཐབས་ཀྱི་ སྨན་ཁབ་ཚུ་ བཙུགས་ཡོདཔ་ཨིན་པས།

གསར་སྤང་སྨན་ཁང་གི་ ཌོག་ཊར་ཀུན་ལེགས་དཔལ་འབྱོར་གྱིས་ སླབ་མིའི་ནང་ འཆོལ་ནད་འགོ་དང་པ་ ཐོན་པའི་སྐབས་ སྨན་ཁང་ནང་ འཆོལ་ནད་བཀག་ཐབས་ཀྱི་ སྨན་ཁབ་༡༥ མ་གཏོགས་མེདཔ་ལས་ མི་༣ ལུ་རྐྱངམ་གཅིག་ སྨན་ཁབ་རྐྱབ་ཡོདཔ་ཨིན་རུང་ ཤུལ་ལས་ ཐིམ་ཕུ་དང་ དགེ་ལེགས་ཕུག་སྨན་ཁང་ཚུ་ལས་ སྨན་ཁབ་ལྷོད་དེ་ གསར་སྤང་ནང་འཁོད་ཀྱི་ མི་༤༣༥ ལུ་ སྨན་ཁབ་རྐྱབ་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཐག་རིང་སར་སྡོད་མི་ མི་སེར་ཚུ་ཡང་ སྨན་ཁང་ནང་ བརྟག་དཔྱད་འབད་བར་ འོང་ནི་གི་ རེ་བ་ཡོདཔ་ཨིན་རུང་ མི་ཚུ་གིས་ ཨོམ་བསྐོལ་ཏེ་ འཐུང་ཡོད་པ་ཅིན་ འཆོལ་ནད་བཀག་ཐབས་ཀྱི་ སྨན་ཁབ་བཙུགས་པར་ འོང་མ་དགོཔ་སྦེ་  སླབ་ཅི་ཟེར་ཨིན་པས།
རྫོང་ཁག་སྒོ་ནོར་འགོ་དཔོན་ ཨྱོན་རྡོ་རྗེ་གིས་ སླབ་མིའི་ནང་ ད་རེས་ འཆོལ་ནད་ཐོན་མི་དང་ ནད་ཡམས་བརྟག་དཔྱད་འབད་ནིའི་དོན་ལུ་ གཞལམ་སྒང་དང་ གསར་སྤང་ལས་ སྒོ་ནོར་དྲུང་འཚོ་༢ ལྷོད་ནི་ཨིནམ་མ་ཚད་ འཆོལ་ནད་ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཐབས་ལུ་ རྫོང་ཁག་དེ་ནང་གི་ སྒོ་ནོར་ཚུ་ལུ་ཡང་ སྨན་ཁབ་བཙུག་ནི་ཟེར་ཨིན་པས། 
གསར་སྤང་བློ་མཐུན་ཨོམ་ཚོགས་པ་དང་ འཆོལ་ནད་ཐོབ་ཡོད་མི་ བོའུ་ཅུང་༢ ཀྱི་ ཇོ་བདག་ཚུ་གིས་ ཨོམ་བཙོང་ནི་དེ་ བཀག་ཆ་འབད་ཡོདཔ་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༡༠ ལུ་ ཤོམ་སྤང་ཁ་རྒེད་འོག་སྒོ་ནོར་ལྟེ་བ་ལུ་ བོའུ་ཅུང་༢ ན་ཡོད་པའི་སྐོར་ སྙན་ཞུ་འབད་བའི་ཤུལ་ལུ་ དེ་གི་ནངས་པར་ བོའུ་ཅུང་༢ ཆ་ར་ ཤི་སོཔ་ལས་ བརྟག་དཔྱད་འབདཝ་ད་ འཆོལ་ནད་ལས་བརྟེན་ ཤི་རྐྱེན་བྱུང་ཡོདཔ་ཤེས་ཅི་ཟེར་ ཨོ་རྒྱན་རྡོ་རྗེ་གིས་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment