གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་ཚུ་གིས་ འཁོར་ལམ་བདའ་སྟེ་ རི་དྭགས་སེམས་ཅན་ཚུ་ བསད་བཞག་དོ་ཡོདཔ།

བསམ་གཏན་ཡེ་ཤེ།


སྣུམ་འཁོར་ཚུ་གིས་ བསྣད་དེ་ བསད་ཡོད་པའི་ སེམས་ཅན་ཚུ།
༉ རྒྱལ་ཁབ་ཡར་རྒྱས་ཀྱི་འགྱུར་བ་དང་བསྟུན་ ད་རེས་ནངས་པ་ རི་དྭགས་སེམས་ཅན་ཚུ་ འཁྱམས་སྡོད་པའི་ ནགས་ཚལ་ཚུ་ནང་ ཐདམ་ཐད་ཁ་ལས་ཕར་ སྣུམ་འཁོར་ལམ་བཏོན་མི་ལུ་བརྟེན་ རྒྱུན་འགྲུལ་འཐབ་མི་ སྣུམ་འཁོར་ཚུ་གིས་ མནོ་མེད་སེམས་ཅན་ཚུ་ ལེ་ཤ་ཅིག་ར་བསྣད་དེ་ བསད་བཞག་དོ་ཡོདཔ་ཨིན་པས།

ཨིན་རུང་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ལུ་ གནོདཔ་བཀལ་དོ་བཟུམ་སྦེ་ དེ་བཟུམ་མའི་ བྱུང་རྐྱེན་ཚུ་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ སྙན་ཞུ་འབད་མི་ མི་ཐོན་དོ་ཡོདཔ་ཨིན་པས།

སྣུམ་འཁོར་ཚུ་གིས་ འཁོར་ལམ་བདའ་སྟེ་ བསད་བཞག་མི་སེམས་ཅན་ཚུ་ མང་ཤོས་ར་ རི་བོང་གི་རིགས་དང་ གཅན་གཟན་ཆུང་བའི་རིགས་ ས་དོང་ནང་སྡོད་མི་སྲོག་ཆགས་ དེ་ལས་ སྦུལ་མ་འདྲཝ་ཚུ་ཨིན་པས།

རྒྱལ་ཁབ་ནང་ གླིང་ཁ་ཆུང་ཤོས་ཅིག་ཨིན་རུང་ སྲོག་ཆགས་མ་འདྲཝ་ ལེ་ཤ་ཡོད་མི་ཅིག་ རྒྱལ་གཞུང་མ་ནཱསི་གླིང་ཁ་ཨིནམ་ད་ གླིང་ཁའི་འགོ་དཔོན་ རྡོ་རྗེ་དབང་ཕྱུག་གིས་ སླབ་མིའི་ནང་ ན་ཧིང་ སྤྱི་ཟླ་༡༡ པའི་ནང་ ཕི་རཱཊ་ བཌ་ཇར་ཟེར་མི་ རྒྱལ་ཁབ་ནང་འགོ་ཐོག་ སྤྱི་ལོ་༢༠༡༠ ལུ་ ངོས་འཛིན་འབད་མི་ སེམས་ཅན་༡ ཡང་ སྣུམ་འཁོར་གྱིས་བསྣད་དེ་ བསད་ཡོདཔ་མཐོང་ཞིནམ་ལས་ སྣུམ་འཁོར་ཚུ་ རི་དྭགས་སྲུང་སྐྱོབ་ལུ་ ཚ་གྱང་ཆེ་བའི་ གནས་སྟངས་ལུ་གྱུར་ཡི་ཟེར་ཨིན་པས།
སེམས་ཅན་དེ་ རྒྱལ་སྤྱིའི་གནས་ཚད་ནང་ དཀོན་དྲགས་ཅན་ཅིག་མེན་རུང་ འབྲུག་རྒྱལ་ཡོངས་ཀྱི་གནས་ཚད་ནང་འབད་བ་ཅིན་ ད་ལྟོ་ མ་ནཱསི་གླིང་ཁ་ནང་མ་གཏོགས་ གཞན་ཁར་མེདཔ་ཨིན་པས།།
རི་དྭགས་སྲུང་སྐྱོབ་སྡེ་ཚན་ནང་ལས་ ལྷུན་གྲུབ་མཐར་ཕྱིན་གྱིས་ སླབ་མིའི་ནང་ རྒྱལ་ཁབ་གཞན་ཁར་འབད་བ་ཅིན་ འཁོར་ལམ་ཚུ་ ཐང་ནང་འབད་ནི་དེ་གིས་ སྣུམ་འཁོར་ཚུ་ ཤུགས་ཚད་གུ་བཏངམ་ད་ རི་དྭགས་སེམས་ཅན་དང་ སྲོག་ཆགས་ཆུང་ཀུ་ཚུ་ བསྣད་དོ་ཡོདཔ་ཨིན་རུང་ འབྲུག་ལུ་ ས་ཆ་དོག་དྲགས་ཡོད་ནི་དེ་གིས་ སྣུམ་འཁོར་ཚུ་ ཤུགས་ཚད་གུ་ གཏང་མ་ཚུགསཔ་ལས་ ཉེན་ཁ་ཆུང་ཟེར་ཨིན་པས།
དེ་འབདཝ་ད་ མ་ནཱསི་གླིང་ཁ་དེ་ ལྷོ་མཚམས་ལུ་འབད་ནི་དེ་གིས་ གླིང་ཁ་ནང་ན་མེད་རུང་ གླིང་ཁའི་སྦོ་ལོགས་ཁར་ སྣུམ་འཁོར་ལམ་ཚུ་ ཐང་ནང་འབད་ནི་དེ་གིས་ སྣུམ་འཁོར་ཚུ་ ཤུགས་སྦེ་བཏང་དོ་ཡོདཔ་ལས་ སྲོག་ཆགས་ཚུ་ལུ་ གནོད་པ་བྱུངམ་ཨིན་མས་ཟེར་བཤད་ཅི།
དུས་ཅི་ སྤྱི་ཟླ་དང་པའི་ནང་ བྱ་གཟིག་༡ ཐིམ་ཕུ་ཁྲོམ་སྦུག་ལུ་ལྷོད་དེ་ ལྕང་ཟམ་ཏོག་གི་ ཟམ་པའི་འོག་ལུ་ སྣུམ་འཁོར་གྱི་བསྣད་དེ་བསད་ཡོདཔ་ད་ ད་རུང་ བྱ་གཟིག་༡ ལྕང་སྒང་ཁ་ལུ་ རོ་ཁྱི་ཚུ་གིས་ བསད་ཡོདཔ་ཨིན་པས།
ནགས་ཚལ་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཡར་རྒྱས་ཀྱི་འགྱུར་བ་དང་བསྟུན་ རི་དྭགས་སེམས་ཅན་ཚུ་ འཁྱམས་སའི་ས་ཁོངས་མེདཔ་བཟོཝ་ལས་ ནགས་ཚལ་ནང་ བཟའ་ནི་མེད་པར་ འཁྱམས་འགྱོ་བའི་སྐབས་ འཕྲལ་འཕྲལ་ གཡུས་སྒོ་ཚུ་ནང་ཐོན་དོ་ཡོདཔ་ད་ དེ་བསྒང་ མི་ཚུ་གིས་ རྣམ་ཏོག་ལང་སྟེ་ བསད་དོ་ཡོདཔ་མ་ཚད་ གནམ་ཕྱི་རུ་ སྣུམ་འཁོར་ཚུ་གིས་ བསྣད་དོ་ཡོདཔ་ཨིན་ཟེར་ཨིན་པས།
ནགས་ཚལ་འགོ་དཔོན་ཚུ་གིས་འབད་བ་ཅིན་ མི་དང་ རི་དྭགས་སེམས་ཅན་བར་ནའི་ བྲེལ་ཟིང་ལུ་དཔྱད་ལྟཝ་ད་ རི་དྭགས་སེམས་ཅན་ཚུ་གིས་ མི་ལུ་གནོདཔ་བཀལཝ་མིན་པར་ ང་བཅས་ཀྱིས་ ཁོང་གི་ འཁྱམས་སའི་ས་ཁོངས་མེདཔ་ བཟོ་མི་ལུ་བརྟེན་ བྲེལ་ཟིང་ཐོན་དོ་བཟུམ་ཅིག་ཨིན་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།


སྣུམ་འཁོར་ཚུ་གིས་ འཁོར་ལམ་ཁར་ བསད་བཞག་མི་སེམས་ཅན་ཚུ།

No comments:

Post a Comment