གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕྱགས་སྙིགས་འཛིན་སྐྱོང་གི་ བཅའ་ཁྲིམས་དམ་དམ་སྦེ་ ལག་ལེན་འཐབ་ནི།


བཀྲིས་ཕུན་ཚོགས།

ཐིམ་ཕུ་གྲོང་སྡེ་ལས་འཛིན་གྱིས་ མི་མང་ལུ་ ཕྱགས་སྙིགས་འཛིན་སྐྱོང་འབད་ཐངས་ཀྱི་ གོ་བརྡའི་ ལས་རིམ་ཚུ་ ཚར་ལེ་ཤ་ཅིག་ར་ འགོ་འདྲེན་འཐབ་ཡོདཔ་ཨིན་རུང་ གྲུབ་འབྲས་ལེགས་ཐོན་མ་བྱུངམ་ལས་ ཕྱགས་སྙིགས་འཛིན་སྐྱོང་གི་ གནད་དོན་དེ་ དོ་འགྲན་ཅན་ཅིག་སྦེ་ར་ གནས་ཏེ་ཡོདཔ་ཨིན་པས།

དེ་ཡང་ ད་རེས་ནངས་པ་ གྲོང་སྡེ་ལས་འཛིན་གྱིས་ ཐིམ་ཕུ་ཁྲོམ་ཁ་ལས་ ཉིན་བསྟར་བཞིན་དུ་ ཕྱགས་སྙིགས་མེ་ཊིག་ཏཱོན་༥༠ དེ་རེ་ བསྡུ་བསྒྱོམ་འབད་ཐོག་ལས་ མེ་མེ་ལ་ཁ་ལུ་ བཀོ་དོ་ཡོདཔ་ཨིན་རུང་ ས་ཁོངས་དེ་ནང་ཡང་ ཕྱགས་སྙིགས་ཀྱིས་ གང་ཡོདཔ་ཨིན་པས།
དཀའ་ངལ་དེ་ གཙོ་བོ་ར་ མི་ཚུ་གིས་ ཕྱགས་སྙིགས་ཀྱི་རིགས་ཚུ་ སོ་སོར་དབྱེ་ཐོག་ལས་ མ་བཀོ་མི་ལུ་བརྟེན་བྱུངམ་མས་ཟེར་ ལས་འཛིན་གྱི་ ལས་འགུལ་འགོ་དཔོན་  བསོད་ནམས་བཀྲིས་ཀྱིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཐིམ་ཕུ་ལུ་ སྡོད་མི་ཚུ་གིས་ ཕྱགས་སྙིགས་མར་ཕབ་དང་ སླར་ལོག་སྤྱོད་བཏུབ་བཟོ་ནིའི་དོན་ལུ་ ཐབས་ལམ་ཚུ་ བཏོན་པ་ཅིན་ མེ་མེ་ལ་ཁའི་ ས་ཁོངས་དེ་ ཡུན་རིངམོ་སྦེ་ ལག་ལེན་འཐབ་ཚུགས་པའི་ འོས་འབབ་ཡོད་ཟེར་ཨིན་པས།
གྲོང་སྡེ་ལས་འཛིན་གྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཕྱགས་སྙིགས་རུལ་བཏུབ་དང་ མ་བཏུབ་མི་ཚུ་ སོ་སོར་མ་དབྱེ་བར་ ག་ར་སླ་བསྲེས་ཏེ་ བཞག་མི་ལུ་བརྟེན་ ཕྱགས་སྙིགས་བླུག་སའི་ ས་ཁོངས་དེ་ མགྱོགས་དྲགས་སྦེ་ གངམ་མས་ཟེར་ཨིན་པས།
ད་ལས་ཕར་ ཁྲིམས་ལུགས་ལུ་མ་གནས་མི་ཚུ་ ཕྱགས་སྙིགས་འཛིན་སྐྱོང་བཅའ་ཁྲིམས་དང་འཁྲིལ་ ཉེས་བྱ་དང་ ཉེས་ཁྲིམས་ཚུ་ བཀལ་ནི་ཨིན་ཟེར་ གྲོང་སྡེ་ལས་འཛིན་གྱི་ ཁྲིམས་དོན་འགོ་དཔོན་ ཀུན་བཟང་གིས་ བཤདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment