གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐགས་རིགས་འགྲེམས་སྟོན་ཐེངས་༡༡ པ་ འགོ་འབྱེད་འབད་ཡོདཔ།



བཀྲིས་ཕུན་ཚོགས།

མི་དབང་རྒྱལ་ཡུམ་ ཨ་ཞེ་སངས་རྒྱས་ཆོས་སྒྲོན་དབང་ཕཡུག་མཆོག་གིས་
གཟིགས་ཞིབ་གནང་པའི་བསྒང་།
༉ ཁ་ཙ་ མི་དབང་རྒྱལ་ཡུམ་ ཨ་ཞེ་སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ཐགས་རིགས་འགྲེམས་སྟོན་ཐེངས་༡༡ པ འགོ་འབྱེད་མཛད་གནང་ཡི།
དེ་ཡང་ དུས་རབས་༡༩ པ་དང་༢༠ པའི་ནང་ ལག་ལེན་འཐབ་མི་ རང་ལུགས་ཀྱི་ ཟོང་ཆས་མ་འདྲཝ་༥༠ དེ་ཅིག་ དུས་ཡུན་ཟླ་ངོ་༩ གི་རིང་ འགྲེམས་སྟོན་འབད་ནི་ཨིན་པས།
འགྲེམས་སྟོན་ནང་ རང་ལུགས་ཀྱི་གོ་དང་ དཀྱི་ར་ སྟོད་གོ་ གདན་ཁེབས་ དེ་ལས་ དང་ཕུ་གི་ ཞྭམོ་ཚུ་ཡོདཔ་ཨིན་པས།

འགྲེམས་སྟོན་གྱི་ དམིགས་ཡུལ་དེ་ཡང་ ཐུན་མོང་མ་ཡིན་པའི་ རང་ལུགས་འབྲུག་པའི་གྱོན་ཆས་ཚུ་ མི་མང་གིས་ རྒྱུ་ཆས་ག་ཅི་ལག་ལེན་འཐབ་ཨིན་ན་དང་ ཕམ་ཚུ་གི་རྒྱུད་ལུ་ ཐགས་ལས་རིག་རྩལ་ཚུ་ ག་དེ་སྦེ་ ཡོདཔ་ཨིན་ན་ དེ་ལས་ ད་རེས་ནངས་པའི་ གོ་དང་དཀྱི་ར་དང་ དང་ཕུ་གི་ བགོ་དང་དཀྱི་ར་༢ ཀྱི་བར་ནའི་ འགྱུར་བ་ཚུ་གི་སྐོར་ལས་ ཤེས་ཡོན་སྤྲོད་ཐབས་ལུ་ཨིན་ཟེར་ གནས་ཚུལ་གསར་བཏོན་ནང་ གསལ་བཀོད་འབད་ནུག།
ནང་སྲིད་དང་སྲོལ་འཛིན་ལྷན་ཁག་འོག་གི་ ལམ་སྲོལ་ལས་ཁུངས་ཀྱི་ མདོ་ཆེན་སེངྒེ་རྡོ་རྗེ་གིས་ སླབ་མིའི་ནང་ ཐགས་འཐག་ནི་དང་ བཏོག་ནི་ དེ་ལས་ བཙེམ་ནི་ཟེར་བའི་ བརྗོད་དོན་ལས་ འགྲེམས་སྟོན་འབད་མི་དེ་ གཙོ་བོ་ རྟེན་ཅིང་འབྲེལ་བྱུང་ཐོག་ལས་ བཟོ་ཡོད་པའི་ རང་ལུགས་ཀྱི་གྱོན་ཆས་ཚུ་ ཧ་གོ་བཅུག་ནིའི་དོན་ལུ་ ཨིན་ཟེར་བའི་གནས་ཚུལ།

No comments:

Post a Comment