གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨེཆ་ཨའེ་བི་ནད་འབུབ་དང་ ཨེཌསི་ནད་གཞི་གི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་ནི།


ཤེས་རབ་བསྟན་འཛིན།
༉ འཕྲལ་མགྱོགས་ར་ གཞུང་མིན་ཚོགས་པ་ ལྷག་བསམ་གྱིས་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ཁག་ཚུ་ནང་ ཨེཆ་ཨའེ་བི་ནད་འབུབ་དང་ ཨེཌསི་ནད་གཞི་གི་སྐོར་ལས་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ཨིན་པས།
དེ་ཡང་ ཚོགས་པ་གིས་ ཨེཆ་ཨའེ་བི་ནད་འབུབ་ཐོབ་མི་ཚུ་ལུ་ སྟབས་མ་བདེཝ་བྱུང་མི་དང་ དཀའ་ངལ་བྱུང་མི་ དེ་ལས་ སྨོན་བཅོས་ཚུ་ ག་དེ་སྦེ་ འབད་དོ་ཡོདཔ་ཨིན་ནའི་སྐོར་ལས་ གསལ་བཤད་འབད་ནི་ཨིནམ་མ་ཚད་ ཨེཆ་ཨའེ་བི་ནད་འབུབ་ མ་ཐོབ་མི་ཚུ་ལུ་ ད་ལས་ཕར་ རྒྱལ་ཁབ་ནང་ ནད་འབུབ་ཁྱབ་སྤེལ་ འགྱོ་མི་བཅུག་ནིའི་དོན་ལུ་ བཀག་ཐབས་ཚུ་ ག་དེ་སྦེ་ འབད་ནི་ཨིན་ནའི་སྐོར་ལས་ གོ་བ་བརྡ་སྤྲོད་ཚུ་ འབད་ནི་ཨིན་ཟེར་ཨིན་པས།
ལྷག་བསམ་ཚོགས་པའི་བཀོད་ཁྱབ་མདོ་ཆེན་ དབང་དྲག་རྡོ་རྗེ་གིས་ སླབ་མིའི་ནང་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་ཚུ་ གཙོ་བོ་ སློབ་གྲྭ་ཁག་དང་ དམག་སྡེ་ཚུ་ནང་ འགོ་འདྲེན་འཐབ་ནི་ཟེར་ཨིན་པས།
དེ་བཟུམ་མིའི་ལས་རིམ་ འགོ་འདྲེན་འཐབ་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དཔེ་འབད་བ་ཅིན་ སློབ་ཕྲུག་ཅིག་ལུ་ ཨེཆ་ཨའེ་བི་ནད་འབུབ་ཀྱི་སྐོར་ལས་ གོ་བརྡ་ལེགས་ཤོམ་སྤྲོད་པ་ཅིན་ ཁོ་གིས་ ཁོང་རའི་ ཕམ་སྤུན་ཆ་དང་ ཉེ་ཚན་ ལྟ་ལྟོ་ཚང་ཚུ་ལུ་ གསལ་བཤད་འབད་ཚུགས་པའི་ ཕན་ཐོགས་སྦོམ་ཡོད་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ མདང་ཞག་ཁམས་ཅིག་ཁར་ ཁོང་དག་པ་ཅིག་ ནེ་པཱལ་ལུ་ ཤེས་ཡོན་ལྟ་སྐོར་འབད་བའི་སྐབས་ལུ་ ཨེཆ་ཨའེ་བི་ནད་འབུབ་ཐོབ་མི་༡༨,༠༠༠ དེ་ཅིག་ འདུག་ཟེར་ཨིན་པས།
མ་གཞི་ རྒྱལ་ཁབ་གཞན་གྱི་ སྲིད་བྱུས་དང་ འཆར་གཞི་ཚུ་མ་འདྲ་རུང་ ནད་འབུབ་ཐོབ་མི་ཚུ་ལུ་ དཀའ་ངལ་དང་ སྟབས་མ་བདེཝ་བྱུང་མི་ཚུ་ ཅོག་འཐད་མི་ལུ་བརྟེན་ ཁོང་གིས་ རྒྱལ་ཁབ་གཞན་ལས་ མ་དངུལ་གྱི་རྒྱབ་སྐྱོར་ཚུ་ ག་དེ་སྦེ་ འཚོལ་དོ་ཡོདཔ་ཨིན་ན་དང་ ལག་ལེན་ག་དེ་སྦེ་ འཐབ་དོ་ཡོདཔ་ཨིན་ན་ གཅིག་གིས་གཅིག་ལུ་ གྲོགས་རམ་དང་ཆ་རོགས་འབད་ནི་ དེ་ལས་ སྨན་བྱིན་ཐངས་ཀྱི་སྐོར་ལས་ ཡོན་ཏན་ཚུ་ ཐོབ་ཅི་ཟེར་ཨིན་པས།
ལོག་འབྲུག་ལུ་ལྷོདཔ་ཅིག་ རྒྱལ་པོའི་ཡིག་ཚང་ལས་ བཀའ་རྒྱ་ལྷོདཔ་ལས་ དམག་ཁང་ཚུ་ནང་སོང་སྟེ་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་ད་ ངོས་ལེན་ལེགས་ཤོམ་བྱུང་མི་དེ་ལུ་ སེམས་དགའ་ཡི་ཟེར་ བཤདཔ་ཨིན་པས།
རྒྱལ་ཁབ་གཞན་ཚུ་ནང་འབད་བ་ཅིན་ ཨེཆ་ཨའེ་བི་ནད་འབུབ་ཐོབ་མི་ཚུ་གིས་ སེམས་ཤི་བའི་ཁར་ དབུགས་འགམ་བྱུང་དོ་ཡོདཔ་ལས་ མི་གཞན་ལུ་ཡང་ ནད་འབུབ་སྤེལ་བའི་ ལོ་རྒྱུས་ཚུ་ གོཝ་མས་ཟེར་ ཁོ་གིས་ སླབ་ཨིན་པས། 
ང་བཅས་རའི་ རྒྱལ་ཁབ་ནང་འབད་བ་ཅིན་ དང་པ་ འདི་བཟུམ་འབད་མི་མེད་པའི་ཁར་ གལ་སྲིད་ རེ་གཉིས་ཐོན་རུང་ ཁོང་ར་ནང་དོག་ལུ་ གོ་བསྡུར་ཞལ་འཛོམས་འཚོག་ཞིནམ་ལས་ སེལ་ཐབས་འབད་ནི་ཨིན་ཟེར་ཨིནམ་ད་ མ་གཞི་ བསམ་ངན་བཏང་སྟེ་ ནད་འབུབ་ཁྱབ་སྤེལ་འབད་བ་ཅིན་ འགྲོ་བ་མིའི་དབང་ཆ་ལུ་ ཐོ་རྐྱབ་པའི་ཁར་ གཞུང་གི་ཁྲིམས་ལུགས་ལས་འགལ་བའི་ ལཱ་ངན་ཅིག་ཨིནམ་ལས་ མི་ངོམ་དེ་ རང་གི་ཕམ་དང་ སྤུན་ཆ་ཨིན་རུང་ ཉེས་འཛུགས་འབད་དགོ་ཟེར་ དབང་དྲག་གིས་ སླབ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མི་དྲག་ཞན་ཆེ་ཆུང་མེདཔ་ ག་ར་འབད་རུང་ ཨེཆ་ཨའེ་བི་ནད་འབུབ་ འཐོབ་ནིའི་ཉེན་ཁ་ཡོདཔ་ལས་ གཟབ་གཟབ་འབད་དགོ་པའི་ཁར་ ནད་འབུབ་ཐོབ་མི་ཚུ་ཡང་ ཚ་གྱང་མ་ལང་པར་ བཞེས་སྒོ་ལེགས་ཤོམ་བཟའ་སྟེ་ དུས་ཚོད་ཁར་ སྨན་བཅོས་ཚུ་ འབད་གནང་ཟེར་ཨིན་པས།
དེ་མ་ཚད་ ན་གཞོན་ཚུ་འབད་རུང་ སྨྱོ་རྫས་ཀྱི་དབང་ལུ་ཐལཝ་ད་ ནད་གཞི་མ་འདྲཝ་ཚུ་ འཐོབ་ནིའི་ཉེན་ཁ་ཡོདཔ་ལས་ དུས་ཚོད་འཕྲོ་བརླག་མ་བཏང་པར་ དྲནམ་བཏོན་ཏེ་ སྡོད་གནང་ཟེར་ དབང་དྲག་གིས་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment